དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གྲོས་ཆོད་ལ་གྲོས་འཆམ་བྱས་ནས་དཔྱིད་གསར་དུས་ཆེན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གུང་གསེང་ཉིན་མོར་གཏན་འཁེལ་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-12-26

    ཤིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་ཟླ་12ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཚེས་22ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་78པར་གྲོས་མོལ་བྱས་པ་བརྒྱུད་གྲོས་ཆོད་ལ་གཅིག་གྱུར་གྲོས་འཆམ་བྱུང་སྟེ་དཔྱིད་གསར་དུས་ཆེན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གུང་གསེང་ཉིན་མོར་གཏན་འཁེལ་བྱས་པ་རེད།

    མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་གྲོས་ཆོད་ལ་གྲོས་འཆམ་བྱུང་རྗེས་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་འཐུས་མི་ཚོགས་པའི་གནས་སྐབས་ལས་ཚབ་ཏའེ་པིན་གྱིས། ཀྲུང་གོས་དཔྱིད་གསར་དུས་ཆེན་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གུང་གསེང་ཉིན་མོར་འགྱུར་བར་སྐུལ་འདེད་གཏོང་བ་ནི་གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོ་ལག་བསྟར་བྱེད་པ་དང་འཛམ་གླིང་གི་ཤེས་དཔལ་སྣ་མང་རང་བཞིན་དར་སྤེལ་གཏོང་བ་དང་བརྩི་འཇོག་བྱེད་པའི་དངོས་སྒྲུབ་ཀྱི་བྱ་སྤྱོད་ཅིག་ཡིན། དཔྱིད་གསར་དུས་ཆེན་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གུང་གསེང་ཉིན་མོར་དངོས་སུ་གྱུར་པ་དེ་ཐོག་ནས་ཀྲུང་ཧྭའི་ཤེས་དཔལ་ཁྱབ་སྤེལ་བྱེད་ཤུགས་དང་ཤུགས་རྐྱེན་ཐེབས་ཤུགས་གང་ལེགས་མངོན་པ་དང་། འཛམ་གླིང་གི་ཤེས་དཔལ་མི་འདྲ་བའི་དབར་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་སྐུལ་འདེད་ནུས་ལྡན་ཐེབས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དར་སྤེལ་གཏོང་བའི་སྣ་མང་དང་བསྟུན་མཁས་ཀྱི་རིག་གནས་ཀྱི་རིན་ཐང་འདུ་ཤེས་ཧུར་ཐག་མངོན་གྱི་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་གྱི་གྲོས་ཆོད་ནང་དཔྱིད་གསར་དུས་ཆེན་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གུང་གསེང་ཉིན་མོར་གཏན་འཁེལ་བྱས་པར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མིའི་རྒྱལ་ཁབ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཁྲུའི་ལས་དོན་པའི་སྤྲོ་སེམས་འཁོལ་བའི་དགའ་བསུ་དང་རྒྱབ་སྐྱོར་གང་ལེགས་ཐོབ་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།