དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • མ་ལེ་ཞི་ཡའི་རྒྱ་ཡིག་སློབ་སྦྱོང་དང་རྒྱུགས་ལེན་ལྟེ་གནས་དང་པོའི་སྒོ་བྱང་བཀལ་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-12-26

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཁྭ་ལ་ལུམ་ཕུར་ནས་ཟླ་12ཚེས་22ཉིན་གློག་འཕྲིན་འབྱོར་བ་གཞིར་བཟུང་། ཚེས་22ཉིན་ཁྭ་ལ་ལུམ་ཕུར་དུ་མ་ལེ་ཞི་ཡའི་རྒྱའི་རིག་གནས་ཀྱི་རྒྱ་ཡིག་སློབ་སྦྱོང་དང་རྒྱུགས་ལེན་ལྟེ་གནས་ཀྱི་སྒོ་བྱང་བཀལ་བ་དེ་མ་ལེ་ཞི་ཡའི་རྒྱ་ཡིག་སློབ་སྦྱོང་དང་རྒྱུགས་ལེན་ལྟེ་གནས་དང་པོར་གྱུར་པ་རེད།

    ལྟེ་གནས་དེ་ནི་ཧན་ཁའོ་རྒྱལ་སྤྱིའི་སློབ་གསོ་ཚན་རྩལ(པེ་ཅིང)ཚད་ཡོད་ཀུང་སི(ཧན་ཁའོ་རྒྱལ་སྤྱི)དང་མ་ལེ་ཞི་ཡའི་རྒྱའི་རིག་གནས་ལྟེ་གནས་ཀྱིས་མཉམ་དུ་བཙུགས་པ་ཞིག་རེད།

    ཀྲུང་གོའི་སློབ་གསོ་པུའི་ཀྲུང་གོ་དང་ཕྱི་རྒྱལ་གྱི་སྐད་ཡིག་སྤེལ་རེས་མཉམ་ལས་ལྟེ་གནས(སྐད་ཡིག་མཉམ་ལས་ལྟེ་གནས)ཀྱི་ཀྲུའུ་རེན་གཞོན་པ་ཡུས་ཐེན་ཆིས་སྒོ་བྱང་འགེལ་བའི་མཛད་སྒོའི་ཐོག་ཤིས་ཚིག་སྒྲོན་སྐབས། སྐད་ཡིག་སྦྱངས་ན་ཀྲུང་གོ་དང་མ་ལེ་ཞི་ཡ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཕན་ཚུན་ཤེས་རྟོགས་དང་མཛའ་མཐུན་ཡོང་བར་སྐུལ་མ་གཏོང་བའི་ཐད་དམིགས་བསལ་གྱི་ནུས་པ་ཐོན་ངེས་ཡིན་པ་དང་། སྐད་ཡིག་མཉམ་ལས་ལྟེ་གནས་ཀྱིས“རྒྱ་ཡིག་དང་ཆེད་ལས་ཟུང་འབྲེལ”དང“རྒྱ་ཡིག་དང་ལས་རིགས་ཟུང་འབྲེལ”སོགས་སློབ་ཁྲིད་བྱེད་སྟངས་གསར་པ་བཏོད་ནས་རྒྱལ་ཁབ་གཉིས་ཀྱི་སྐད་ཡིག་མཉམ་ལས་དང་མི་ཆོས་རིག་གནས་སྤེལ་རེས་ལ་སྐུལ་འདེད་བཏང་སྟེ་ཀྲུང་གོ་དང་མ་ལེ་ཞི་ཡའི་མཛའ་མཐུན་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་གཏོང་བར་ལེགས་སྐྱེས་སྔར་བས་ཆེ་བ་འབུལ་གྱི་རེད་ཅེས་བརྗོད་པ་རེད།

    མ་ལེ་ཞི་ཡའི་རྒྱའི་རིག་གནས་ལྟེ་གནས་ཀྱི་ཀྲུའུ་ཞི་ཝུའུ་ཧེང་ཚན་གྱིས། རྒྱ་ཡིག་སློབ་སྦྱོང་དང་རྒྱུགས་ལེན་ལྟེ་གནས་ཀྱིས་མ་ལེ་ཞི་ཡའི་མི་དམངས་ལ་རྒྱ་ཡིག་སྦྱོང་བར་སྟབས་བདེ་བསྐྲུན་ནས་ཕྱི་རྒྱལ་དུ་རྒྱ་ཡིག་རྒྱུན་འཛིན་དང་ཁྱབ་སྤེལ་གཏོང་བར་དགེ་མཚན་ལྡན་པའི་སྟོབས་ཤུགས་འདོན་ཐུབ་པའི་ངོས་འཛིན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།