དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་རང་ལྗོངས་ཀྱི་2024ལོའི་རྒྱལ་ཡོངས་ཀྱི་རབ་འབྱམས་ཞིབ་འཇུག་སློབ་མའི་སློབ་བསྡུའི་ཡིག་རྒྱུཌ་ལས་དོན་ལ་སྐོར་ཞིབ་དང་བཀོད་གཏོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-26

    ཚེས་24ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལང་ཧྥུའུ་ཁོན་གྱིས་ཚོགས་པའི་སྣེ་ཁྲིད་ནས་རང་ལྗོངས་ཀྱི་2024ལོའི་རབ་འབྱམས་ཞིབ་འཇུག་སློབ་མའི་སློབ་བསྡུའི་ཡིག་རྒྱུགས་ལས་དོན་ལ་སྐོར་ཞིབ་དང་བཀོད་གཏོང་གནང་བ་རེད། ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་དུ་ཡིག་རྒྱུགས་སྒྲིག་འཛུགས་ལག་བསྟར་དང་བདེ་འཇགས་འགན་ལེན་ལས་དོན་སོགས་ཀྱི་གནས་ཚུལ་ལ་ཞིབ་བཤེར་གནང་བ་རེད།

    ལང་ཧྥུའུ་ཁོན་གྱིས་ནན་བཤད་གནང་དོན། སློབ་བསྡུའི་ཡིག་རྒྱུགས་ཀྱི་ལས་དོན་དེ་རྒྱ་ཆེའི་རྒྱུགས་སྤྲོད་སློབ་མ་དང་ཁྱིམ་ཚང་མང་པོའི་ཁེ་ཕན་དང་འབྲེལ་བ་ཡོད་པས། གཞུང་དྲང་དང་དྲང་གཞག་ཨང་དང་པོར་འཇོག་དགོས། རྒྱུགས་ར་ཁག་གིས་སློབ་བསྡུའི་ཡིག་རྒྱུགས་ལས་དོན་ཡག་པོ་བསྒྲུབ་པའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། སློབ་གསོ་པུའུ་དང་རང་ལྗོངས་ཀྱི་འབྲེལ་ཡོད་ལས་དོན་གྱི་བླང་བྱར་ནན་པོར་གཞིགས་ཏེ། ལས་དོན་ཁག་གི་བྱེད་ཐབས་དོན་འཁྱོལ་ཞིབ་ཕྲ་བྱས་ནས“ཞི་མཐུན་ངང་ཞིབ་འཇུག་ཡིག་རྒྱུགས་གཏོང་བར”འགན་ལེན་བྱེད་དགོས།

    ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་རང་ལྗོངས་ཀྱིས་གྲོང་ཁྱེར(ས་ཁུལ)བདུན་དང་བོད་ལྗོངས་མི་རིགས་སློབ་ཆེན་དུ་རྒྱུགས་ར་8བཀོད་སྒྲིག་བྱས་པ་དང་རྒྱུགས་སྤྲོད་སློབ་མ་ཁྲི་0.6ཟིན་ཡོད། ཡིག་རྒྱུགས་རིང་སློབ་གསོ་པུའུ་ཡི“ཕྱོགས་ལྔ་གཞི་གཅིག”གི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ནས། རྒྱུགས་རའི་རིག་ནུས་ཀྱི་རྒྱུགས་སྤྲོད་ལྟ་ཞིབ་བྱ་སྤྱོད་དང་དབྱེ་ཞིབ་སོགས་ཀྱི་བྱེད་ཐབས་ལག་ལེན་བསྟར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།