དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • 2023ལོར་བོད་རང་སྐྱོང་ལྗོངས་ཀྱིས་བོད་སྐད་གློག་བརྙན་108སྒྱུར་བཟོ་ལེགས་སྒྲུབ་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-12-26

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་12ཚེས་20ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་བོད་རང་སྐྱོང་ལྗོངས་གློག་བརྙན་སྤྱི་པའི་ཞབས་འདེགས་ལྟེ་གནས་ནས་ཤེས་རྟོགས་བྱུང་བར། 2023ལོར་བོད་རང་སྐྱོང་ལྗོངས་ཀྱིས་བོད་སྐད་གློག་བརྙན་108སྒྱུར་བཟོ་ལེགས་སྒྲུབ་བྱས་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། 1957ལོ་ནས་བཟུང་། བོད་ཀྱིས་བོད་སྐད་གློག་བརྙན་སྒྱུར་བཟོའི་ལས་དོན་སྤེལ་འགོ་ཚུགས་པ་རེད། དུས་རབས་21པའི་དུས་འགོར་རྒྱལ་ཁབ་ཀྱིས་གྲོང་གསེབ་ཏུ་གློག་བརྙན་སྟོན་པའི“2131འདུ་འགོད”ལག་ལེན་བསྟར་འགོ་ཚུགས་པ་དང་གློག་བརྙན་སྟོན་པར་ཁ་གསབ་མ་དངུལ་སྤྲད་པ་དང་བོད་ལ་ཆེད་མངགས་ལྷན་སྦྱར་མ་དངུལ་བཀོད་སྒྲིག་བྱས་ནས་གྲོང་གསེབ་ཏུ་སྤྱི་ཕན་གློག་བརྙན་སྟོན་པར་སྤྱད་ཡོད། 2007ལོར་རྒྱལ་ཁབ་ཀྱིས་བོད་ཀྱི་གློག་བརྙན་སྒྱུར་བཟོ“བོད་ཤིན་འདུ་འགོད”དུ་བཅུག་པ་དང་འབྲེལ། མ་དངུལ་བཏང་ནས་བརྒྱུད་རིམ་ལྡན་པའི་གྲངས་འཛིན་ཅན་གྱི་སྒྱུར་བཀོད་ཀྱང་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།