ཚགས་ཤ་སོས་པ་དེ་ནས་འཚོང་གི་འདུག མགྱོགས་པོ་གཟིགས་པར་ཕེབས་དང་།
གནམ་ལོ་གསར་ཚེས་དང་། དཔྱིད་གསར་དུས་ཆེན། བོད་ཀྱི་ལོ་གསར་བཅས་འཆར་ལ་ཉེ་བའི་མཚམས་སུ་ལྷ་ས་གྲོང་ཁུལ་དུ་གནས་སྐབས་ཚགས་ཤ་དང་ལུག་ཤ་འཚོང་ས་བཙུགས་ཡོད་པས། ལྷ་སའི་གྲོང་མིས་ཐག་ཉེ་ས་ནས་ཚགས་ཤ་དང་ལུག་ཤ་སོས་པ་ཉོ་ཐུབ་ཡོད་ལ། འདམ་གཞུང་རྫོང་གི་འབྲོག་པར་ནོར་ལུག་གི་ཤ་འཚོང་ས་ཡག་པོ་ཞིག་ཀྱང་བྱུང་ཡོད་པ་རེད།
ད་ལོ་རྔ་ཆེན་ཕྱོགས་བསྡུས་སྡེབ་ཚོང་ཚོང་རར(གྲོང་ཤར་དབན་ཏཱ་ཐང་ཆེན་གྱི་ཁ་སྤྲོད་དུ་ཡོད་པ)ཚགས་ཤ་དང་ལུག་ཤ་གནས་སྐབས་འཚོང་ས་བཙུགས་ཡོད་པ་དང་། ཤ་འཚོང་བའི་དུས་ཚོད་ནི་ཟླ་12ཚེས་20ཉིན་ནས་2024ལོའི་ཟླ་2ཚེས་8ཉིན་བར་ཡིན་པ་དང་། རྒྱ་མ་རེར་སྒོར་38ནས་42བར་ཡིན་པ། ཚགས་ཤ་སྐམ་པོ་རྒྱ་མ་རེར་སྒོར་200ཡས་མས་ཡིན་པས། ལོ་སྔོན་མ་དང་བསྡུར་ན་གོང་ཚད་སྤྱིར་ན་ཆག་ཡོད།
འདམ་གཞུང་རྫོང་ལུང་རིང་ཤང་གི་ལས་དོན་པ་ནོར་བུ་དགྲ་འདུལ་གྱིས། མིག་སྔར། ང་ཚོས་ཁྲོམ་བཀྱག་200བཙུགས་ནས་འདམ་གཞུང་རྫོང་གི་ཚགས་ཤ་དང་ལུག་ཤ་འཚོང་གི་ཡོད། སྔོན་དཔག་བྱས་ན་ཤ་ཏུན་16000ཙམ་འཚོང་རྒྱུ་དང་། ཤ་དེ་དག་འདམ་གཞུང་རྫོང་གི་འབྲེལ་ཡོད་སྡེ་ཚན་གྱིས་ཞིབ་བཤེར་བྱས་པ་ཤ་སྟག་ཡིན་པས། གྲོང་མི་ཚོས་བློ་བདེ་པོས་ཉོ་ཆོག་ཅེས་བཤད།
ཚོང་པ་བསྟན་འཛིན་རྡོ་རྗེས། ང་འདམ་གཞུང་རྫོང་ཀོང་ཐང་ཤང་གྲོང་དཀར་གྲོང་ཚོ་ནས་ཡིན། ཁྲོམ་བཀྱག་འདི་དག་སྲིད་གཞུང་གིས་ང་ཚོར་རིན་མེད་ངང་མཁོ་འདོན་བྱས་བྱུང་ཞེས་བཤད།