དབུ་ཤོག>གསར་འགྱུར།>དམངས་འཚོ།
  • བརྩེ་སེམས་ལ་བརྟེན་ནས་ཕུགས་འདུན་མངོན་འགྱུར་བྱེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-25

    ནག་ཆུ་གྲོང་ཁྱེར་གྱི་དམིགས་བསལ་སློབ་གསོའི་སློབ་གྲྭ་དེ་སློབ་ཞུགས་གོང་གི་སློབ་གསོ་དང་། འོས་འགན་སློབ་གསོ། ལས་རིགས་མཐོ་རིམ་སློབ་འབྲིང་གི་སློབ་གསོ་བཅས་ལ་ཁྱབ་པའི་རིག་ལྡན་སློབ་གྲྭ་ཞིག་ཆགས་ཡོད། མིག་སྔར་སློབ་གྲྭ་དེར་སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་103ཡོད་པ་དང་སློབ་ཚན་རྒྱ་ཡིག་དང་རྩིས་རིག་སོགས་རིག་གནས་སློབ་ཚན་བཀོད་སྒྲིག་བྱས་པ་མ་ཟད། གསོལ་མགྲོན་ཁང་གི་གཙང་སྦྲ་ཞབས་ཞུ་དང་། ཀོག་ཧྥེའི་བཟོ་རྩལ། སྲོ་སྐམ་ལག་རྩལ། མཛེས་རྩལ། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་འཚེམ་བཟོ་སོགས་སློབ་གསོའི་རིག་ཚན་མང་པོ་བཀོད་སྒྲིག་བྱས་ཡོད། དགེ་རྒན་ཚོས་གཅེས་སེམས་ལ་བརྟེན་ནས་ཕྲུ་གུ་ཚོ་སྤྱི་ཚོགས་དང་དེ་བས་འཚམ་པ་དང་སྤྱི་ཚོགས་སུ་མཉམ་འདྲེས་ཐུབ་པར་རོགས་རམ་གང་ཐུབ་བྱེད་ཀྱི་ཡོད།

    འདི་ནི་ཕྲུ་གུ་ཚོས་དགའ་སྤྲོའི་ངང་དགེ་རྒན་ལ་རང་ཉིད་ཀྱི་ཡར་རྒྱས་དང་འགྱུར་ལྡོག་གླེང་བཞིན་པ།

    འདི་ནི་སློབ་གྲྭའི་དགེ་རྒན་གྱིས་ཕྲུ་གུའི་སྣེ་ཁྲིད་ནས་ལུས་རྩལ་ཐང་དུ་ལུས་སྦྱོང་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།