དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡིས་བརྗོད་དོན་གཙོ་བོའི་སློབ་གསོའི་ཕན་འབྲས་ལ་བརྟེན་ནས་དམངས་འཚོའི་བདེ་རྩ་ཆེ་རུ་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-12-25

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་སྤེལ་བ་ནས་བཟུང་། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་དམངས་སྲིད་ཅུས་ཀྱིས“དགོངས་པ་སློབ་སྦྱོང་དང་། ཏང་གཤིས་བརྟན་གཏོང་། ལག་ལེན་ལ་མཐོང་ཆེན། བྱས་རྗེས་གསར་འཇོག”བཅས་ཀྱི་སྤྱིའི་བླང་བྱ་ལག་བསྟར་ནན་ཏན་བྱས་ནས་གཞི་རྩའི་དམངས་འཚོ་འགན་ལེན་དང་། གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་། གཞི་རྩའི་དམངས་འཚོར་ཞབས་འདེགས་བཅས་ལ་དམིགས་ཏེ། དམངས་ཀྱི་དགོས་མཁོ་སྐོང་བ་དང་དམངས་ཀྱི་དཀའ་ངལ་སེལ་བ་འགོ་འཛུགས་སར་བྱེད་པ་དང་། དམངས་ཀྱི་གནས་ཚུལ་རྟོག་ཞིབ་དང་དམངས་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ་འགག་རྩར་བརྩི་བ། དམངས་སེམས་དྲོ་བ་དང་དམངས་འཚོར་ཕན་པ་འདོགས་པ་དོན་ལ་བབས་སར་བཅས་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་དང་ཏན་ཏིག་སྤེལ་བར་ནུས་ཤུགས་ཡོད་རྒུ་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ཡོད།

    རིམ་རྩིས་བརྒྱབ་ན་དམངས་སྲིད་འགྲོ་གྲོན་སྒོར་དུང་ཕྱུར་2.59བཏང་བ་ལས་དམངས་འཚོའི་རྣམ་གྲངས་7ལ་སྒོར་ཁྲི་4895བཏང་བ་དང་། དངོས་འཛིན་དངོས་སྒྲུབ་ཀྱིས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་བརྗོད་དོན་གཙོ་བོའི་སློབ་གསོ་དོན་ཐོན་ཏུ་འཁྱོལ་བར་བྱས་ཡོད། ཐ་སྐྱོང་འགན་ལེན་ལ་དམིགས་ཏེ། རིམ་དབྱེ་དང་རིགས་དབྱེའི་སྤྱི་ཚོགས་རོགས་སྐྱོབ་མ་ལག་འཐུས་སྒོ་ཚང་དུ་བཏང་ཞིང་། ཏང་འཛུགས་སྐྱོང་གིས་སྤྱི་ཚོགས་རོགས་སྐྱོབ་ཁྱབ་ཁོངས་ལ་ཁྲིད་སྟོན་བྱེད་པའི“གཅེས་སེམས་འདུ་འགོད”ཀྱི་དཔེ་སྟོན་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། “ཏང་འཛུགས་སྐྱོང་དང་སྤྱི་ཚོགས་རོགས་སྐྱོབ་ཟུང་འབྲེལ”དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་ཚོགས་རོགས་སྐྱོབ་གཞི་གཅིག་ཅན་གྱི་ལས་ཀའི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དང་ཆེ་རུ་བཏང་ཞིང་། མང་རྫོང་གི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་དང་ཁྲི་ཀ་རྫོང་གི་གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་གྱི་ལས་དོན་ཐག་གཅོད་ནུས་ལྡན་ཐུབ་ནས་སྐུལ་འདེད་ཐེབས་ཡོད།

    དེ་དང་ཆབས་ཅིག་མང་ཚོགས་ཀྱི་དོ་ཁུར་ལ་དམིགས་ཏེ་རྒན་གསོའི་ཞབས་འདེགས་མ་ལག་འཛུགས་སྐྱོང་ལ་མགྱོགས་མྱུར་སྐུལ་འདེད་བཏང་ཞིང་། མང་རྫོང་དུ་རིམ་པ་མང་བ་དང་སྣེ་མང་ཅན་གྱི་རྒན་གསོའི་ཞབས་འདེགས་སྒྲིག་བཀོད་གྲོང་གསེབ་རོགས་རེས་བདེ་སྐྱིད་གླིང་བསྐྲུན་ཏེ་སྒོར་ཁྲི་146དོན་འཁྱོལ་བྱས་ནས་ལོ་60ཡན་གྱི་རྒན་རྒོན་ལ་ལོ་རེར་ཁ་གསབ་སྒོར་1000སྤྲད་པ་དང་། གཞི་རྩའི་རྒན་གསོའི་ཞབས་འདེགས་སྒྲིག་བཀོད་ཀྱི་ནུས་པ་འཐུས་སྒོ་ཚང་དུ་བཏང་ནས་བཟའ་བཏུང་ཞབས་འདེགས་དང་ཉིན་སྐྱོང་སོགས་ཕྱོགས་བསྡུས་ནུས་པ་ལྡན་པའི་སྡེ་ཁུལ་གྱི་རྒན་གསོའི་ཞབས་འདེགས་ས་ཚིགས་དང་གྲོང་གསེབ་ཀྱི་རོགས་རེས་རྒན་གསོའི་ས་ཚིགས་བསྐྲུན་ནས་རྒན་རྒོན་ལ་རྒས་དུས་འཚོ་རྟེན་ཡོད་པར་བྱས་ཡོད།

    དམིགས་བསལ་ཚོགས་སྤྱིར་དམིགས་ཏེ་གཅེས་སྐྱོང་ཞབས་འདེགས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་བཏང་ཞིང་། རྒྱ་ཆེའི་མང་ཚོགས་ལ་ཐག་ཉེ་ས་དང་སྟབས་བདེ་སར་ཞབས་འདེགས་ཞུ་ཆེད། སྤྱི་ཚོགས་རྩ་འཛུགས་ཀྱི་སྐྱོང་གསོ་རྟེན་གཞི་འཛུགས་པ་དང་དེའི་ནང་ཞུགས་ནས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་ཁྲོད་སྤྱི་ཚོགས་རྩ་འཛུགས་ཀྱིས་དགེ་མཚན་ལྡན་པའི་ནུས་པ་འདོན་པར་སྐུལ་འདེད་གཏོང་བ་དང་། དབང་པོ་སྐྱོན་ཅན་གྱི“ཁ་གསབ་གཉིས”དྲ་ཐོག་ནས་གཉེར་བའི་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་ནས་དབང་པོ་སྐྱོན་ཅན་ཕྱིར་སྐྱོད་མི་དགོས་པར་དྲ་ཐོག་ནས་སྒྲུབ་པར་རམ་འདེགས་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།