དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “རྒྱུད་གཅིག་ལམ་གཅིག”གི་ལོ་བཅུ་པ། (སྟོད་ཆ)

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-12-24

    2013ལོའི་སྟོན་དུས་སུ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧ་སག་སི་ཐན་དང་ཧིན་རྡུ་ཉི་ཞི་ཡར་འཚམས་འདྲི་གནང་རིང་། དར་གོས་ལམ་བུའི་དཔལ་འབྱོར་ཁུལ་དང་དུས་རབས་21པའི་མཚོ་ཐོག་དར་གོས་ལམ་བུ་མཉམ་སྐྲུན་གྱི་གྲོས་འགོ་གལ་ཆེན་སྔ་རྗེས་སུ་བཏོན་གནང་བ་རེད། ལོ་10ཡི་རིང་འཐབ་འདོན་ཇུས་འདོན་གྱི“འཆར་འགོད་ཆེ་མོ”ནས་ཞིབ་ཚགས་པའི“འཛུགས་སྐྲུན་ཆེ་མོའི”བར་མཉམ་སྐྲུན་རྒྱལ་ཁབ་ཀྱིས་ཐུན་མོང་ཐོག་བརྗིད་ཆེའི་འཆར་གཞི་དེ་བརྗིད་ཆགས་ཡིད་དབང་འཕྲོག་པ་དང་ངོ་མཚར་ཆེ་བའི“དར་གོས་ལམ་བུའི་མཛེས་རིས”ཤིག་བྲིས་ཡོད། འདི་ལོ་ནི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་བཏོན་ནས་ལོ་བཅུ་འཁོར་བའི་ལོ་ཞིག་ཡིན་པས། ཕན་ཚུན་སྦྲེལ་མཐུད་དང་མཉམ་ལས་གཉིས་ཕན་གྱི་བརྗིད་ཆེའི་འཆར་གཞི་དེ་གོ་ལ་ཧྲིལ་པོར་མངོན་འགྱུར་ཡོང་བཞིན་ཡོད།

    ཟླ་5ཚེས་20ཉིན་ཀྲུང་གོ་ནུས་རྒྱུ་འཛུགས་སྐྲུན་ཀེ་ཀྲོའུ་པཱ་ཆུ་རགས་ཚོགས་པས་སྐྲུན་འགན་འཁུར་བའི་ཁའེ་ཁའེ་ཆུ་ཤུགས་གློག་ཁང་གི་ཆུ་རྒྱུན་བཅད་པའི་མཛད་སྒོ་འཚོགས་པ་དེ་ཐོག་ནས་ཀྲུང་གོའི་ཁེ་ལས་ཀྱིས་རྒྱལ་ཁབ་དེར་སྐྲུན་འགན་འཁུར་བའི་ཆུ་ཤུགས་གློག་ཁང་ཆེ་ཤོས་དེའི་རགས་ཆེན་གྱི་ལས་གྲྭ་གཙོ་བོ་ཨར་སྐྲུན་དུས་མཚམས་སུ་སླེབས་པ་མཚོན་གྱི་ཡོད། ཁའེ་ཁའེ་ཆུ་ཤུགས་གློག་ཁང་རྣམ་གྲངས་ཨན་ཀོ་ལའི་གཙང་པོ་ཆེ་ཤོས་ཁོན་ཀྲ་གཙང་པོའི་དབུས་རྒྱུད་དུ་གནས་ཡོད་ཅིང་། སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་འདོན་ཚད་ཀྲའོ་ཝ་2172ཟིན་རྒྱུ་རེད། ཆུ་ཤུགས་གློག་ཁང་བསྐྲུན་རྗེས་ལོ་རེར་ཆ་སྙོམས་གློག་གཏོང་ཚད་ཅི་ཝ་ཆུ་ཚོད་8566ཟིན་རྒྱུ་དང་ལོ་རེར་དྲོད་ཁང་གི་རླངས་གཟུགས་ཕྱིར་འབུད་ཚད་ཏུན་ཁྲི་720ཙམ་ཉུང་དུ་སོང་ནས། ཐེག་ཚད་སྙོམས་སྒྲིག་དང་ཆུ་ལོག་སྔོན་འགོག་གི་ནུས་པ་ལྡན་ཡོད། འདི་ནི་དེ་ཉིན་ཨན་ཀོ་ལའི་པེ་ཁོན་ཀྲ་ཞིང་ཆེན་ནས་པར་བརྒྱབ་པའི་ཁའེ་ཁའེ་ཆུ་ཤུགས་གློག་ཁང་གི་ཆུ་རྒྱུན་བཅད་པའི་མཛད་སྒོ་སྤེལ་ཡུལ་ཡིན་པ།

    པེར་ཀེ་རེ་ཏེ་ནས་སུར་ཆིན་བར་གྱི་དུམ་བུ་ནི་E763མྱུར་བགྲོད་གཞུང་ལམ་གྱི་འགོ་འཛུགས་ལམ་དུམ་ཡིན་པ་དང་ལམ་ཐག་ཧྲིལ་པོར་སྤྱི་ལེ་7.9ཡོད། ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སིས་སྐྲུན་འགན་འཁུར་བ་དང་ལམ་དུམ་དེར་རླངས་འཁོར་ཤར་གཏོང་ཐུབ་རྗེས་E763མྱུར་བགྲོད་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཚད་སྤྱི་ལེ་140ཟིན་པ་དེའི་ནང་སྤྱི་ལེ་87ཙམ་ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་འཁུར་ཡོད་པ་རེད། E763མྱུར་བགྲོད་གཞུང་ལམ་གྱི་ལམ་ཐིག་ཧྲིལ་པོའི་རིང་ཚད་སྤྱི་ལེ་300ཙམ་ཟིན་པ་དང་དེ་ནི་སར་པི་ཡ་ནས་ཧེ་ཧྲན་གྱི་མཚོ་ཁ་དང་སྦྲེལ་བའི་ལམ་གལ་ཆེན་ཞིག་ཡིན་ལ་པར་ཀན་ས་ཁུལ་དང་ཉེ་འཁོར་རྒྱལ་ཁབ་དབར་སྦྲེལ་མཐུད་བྱེད་པའི་མ་ལམ་གཙོ་བོ་ཞིག་ཀྱང་རེད། འདི་ནི་ཟླ་4ཚེས་1ཉིན་སར་པི་ཡའི་ཙུང་ཐུང་ཝུའུ་ཆེ་ཆི(གཡོན)སར་པི་ཡའི་རྒྱལ་ས་པེར་ཀེ་རེ་ཏེར་སར་པི་ཡའི་E763མྱུར་བགྲོད་གཞུང་ལམ་གྱི་པེར་ཀེ་རེ་ཏེ་ནས་སུར་ཆིན་བར་གྱི་ལམ་དུམ་དུ་རླངས་འཁོར་ཤར་གཏོང་ཐུབ་པའི་མཛད་སྒོར་ཞུགས་པ།

    ཀྲུང་གོས་ཨ་ཧྥེ་རི་ཁར་རོགས་སྐྱོར་གྱི“གྲོང་ཚོ་ཁྲིར་ཤར་གཏོང”རྣམ་གྲངས་ཀྱི་དམིགས་ཡུལ་ནི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་གྲོང་ཚོ་ཆིག་ཁྲིས་སྲུང་སྐར་གྲངས་འཛིན་བརྙན་འཕྲིན་ལྟ་ཐུབ་པ་བྱས་ནས་ཨ་ཧྥེ་རི་ཁའི་དམངས་ཚོགས་ཀྱིས་འཛམ་གླིང་དང་འབྲེལ་མཐུད་བྱེད་པར་རོགས་རམ་བྱ་ཆེད་ཡིན་པ་རེད། འདི་ནི་ཟླ་7ཚེས་26ཉིན་མོ་ཙམ་པི་ཁེའི་མཱ་ཕུའུ་ཐུའོ་ཞིང་ཆེན་ཀེ་པཱ་གྲོང་ཚོའི་གྲོང་མིས་ཕྲུ་གུ་པང་ཁར་ཉར་ནས་ཁྱིམ་དུ་སྲུང་སྐར་བརྙན་འཕྲིན་ལེ་ཚན་ལྟ་བཞིན་པ།

    ཟླ་9ཚེས་4ཉིན་ཀྲུང་གོ་ཨར་ལས་བཟོ་སྐྲུན་ཚོགས་པ་ཚད་ཡོད་ཀུང་སིས་སྐྲུན་འགན་འཁུར་བའི་ལཱ་ཀོ་སིའི་ལམ་ཐིག་སྔོན་པོའི་ཐེག་ཆུང་མེ་འཁོར་གྱི་དུས་ཐེངས་དང་པོའི་རྣམ་གྲངས་ཚོང་ལས་གཉེར་སྐྱོང་བྱེད་འགོ་ཚུགས་ཤིང་། འདི་ནི་ཨ་ཧྥེ་རི་ཁའི་ནུབ་རྒྱུད་དུ་ཀྲུང་གོའི་ཁེ་ལས་ཀྱིས་རང་བརྟེན་ཇུས་འགོད་དང་། བཟོ་སྐྲུན། ཨར་ལས། གཉེར་སྐྱོང་བཅས་བྱས་པའི་གློག་ཤུགས་ཅན་གྱི་གྲོང་ཁྱེར་གྱི་ཐེག་ཆུང་མེ་འཁོར་གྱི་འགྲིམ་འགྲུལ་རྣམ་གྲངས་ཤིག་རེད། སྤྱིའི་རིང་ཚད་སྤྱི་ལེ་13ཡོད་པའི་རྣམ་གྲངས་དེར་བབས་ཚུགས་5ཡོད་པ་དང་དེ་ནི་ལཱ་ཀོ་སི་ནུབ་རྒྱུད་ཀྱི་མི་འབོར་མང་བའི་ས་ཁུལ་སྒྲོལ་བའི་ལྕགས་ལམ་གྱི་རྨང་གཞིའི་སྒྲིག་བཀོད་ཐོག་མ་དེ་ཡིན། འདི་ནི་2022ལོའི་ཟླ་12ཚེས་21ཉིན་ནི་ཀྲེ་རི་ཡའི་ལཱ་ཀོ་སི་ནས་པར་བརྒྱབ་པའི་ལམ་ཐིག་སྔོན་པོའི་ཐེག་ཆུང་མེ་འཁོར་ཡིན་པ།

    ཟླ་2ཚེས་16ཉིན་ཀྲུང་གོའི་རྒྱལ་ཁབ་གློག་དྲ་ཀུང་སིའི་པར་ཙིར་གྱི་ཚྭ་ཆུ་ཚྭ་མེད་ཆུར་སྒྱུར་བའི་སྤྱི་ཕན་རྣམ་གྲངས་པར་ཙིར་གྱི་པེ་ལི་ཨའོ་ཀེ་ལན་ཏེ་ཀྲོའུ་སྲིད་གཞུང་ལ་དངོས་སུ་རྩིས་སྤྲད་པ་རེད། རྣམ་གྲངས་དེས་ཉིན་རེར་ཆ་སྙོམས་དྭངས་གཙང་ཆུ་ཏུན་80ཐོན་སྐྱེད་བྱེད་པ་མ་ཟད། ཆུ་འདྲེན་མདོང་ལམ་བརྒྱུད་ཉེ་འགྲམ་གྱི་གྲོང་མིའི་སྡེ་ཁུལ་གསུམ་ལ་བཏང་ནས་ཁྱིམ་ཚང་800ལྷག་ཙམ་གྱི་གྲོང་མི་3000ལྷག་ཙམ་ལ་ཆུ་མཁོ་འདོན་བྱེད་ཀྱི་ཡོད་པ་རེད། འདི་ནི་ཟླ་2ཚེས་14ཉིན། པར་ཙིར་གྱི་པེ་ལི་ཨའོ་ཀེ་ལན་ཏེ་ཀྲོའུ་ཡི་རུའོ་ཨང་ཁ་མཱ་ལ་གྲོང་ཁྱེར་དུ་ས་གནས་དེ་གའི་གྲོང་མིས་ཀྲུང་གོའི་རྒྱལ་ཁབ་གློག་དྲ་ཀུང་སིའི་པར་ཙིར་གྱི་ཚྭ་ཆུ་ཚྭ་མེད་ཆུར་སྒྱུར་བའི་སྤྱི་ཕན་རྣམ་གྲངས་ས་ཚིགས་ནས་ཆུ་ལེན་བཞིན་པ།

    ཟླ་5ཚེས་30ཉིན་ཧང་ག་རི་དང་སར་པི་ཡའི་ལྕགས་ལམ་གྱི་ཧང་ག་རི་དུམ་བུའི་ཁུང་ཧྲེང་སྨི་ཁེ་ལོ་ཧྲི-ཐའོ་ཧྲི་བབས་ཚུགས་ནས་པོ་སི་ཐེར་བབས་ཚུགས་བར་གྱི་ལྕགས་ལམ་དང་པོ་དེ་འདིང་འགོ་ཚུགས་ཡོད། ལྕགས་ལམ་དང་པོ་དེ་བཏིང་བ་དང་བསྟུན་ནས་ཧང་ག་རི་དང་སར་པི་ཡའི་ལྕགས་ལམ་གྱི་ཧང་ག་རིའི་དུམ་བུའི་ཀྲུང་གོ་ཕྱོགས་ཀྱིས་སྐྲུན་འགན་འཁུར་བའི་ལམ་དུམ་དུ་ལྕགས་ལམ་དངོས་སུ་འདིང་འགོ་ཚུགས་ཤིང་། དེ་ཐོག་ནས་ཧང་ག་རི་དང་སར་པི་ཡའི་ལྕགས་ལམ་གྱི་ཧང་ག་རིའི་དུམ་བུ་ཕྱོགས་ཡོངས་ནས་འདིང་བའི་དུས་མཚམས་སུ་སླེབས་པ་མཚོན་ཡོད། ཧང་ག་རི་དང་སར་པི་ཡའི་ལྕགས་ལམ་རྣམ་གྲངས་ཀྱི་སྐྲུན་བཞིན་པའི་ཧང་ག་རི་དུམ་བུའི་རིང་ཚད་ཧྲིལ་པོར་སྤྱི་ལེ་152ཙམ་ཟིན་པ་དང་ཀྲུང་གོ་ལྕགས་ལམ་ཅུས་དགུ་པ་དང་ཀྲུང་གོ་ལྕགས་ལམ་གློག་ཤུགས་ཅུས་དང་ཧང་ག་རིའི་མཉམ་ལས་ཕྱོགས་ལས་གྲུབ་པའི་མཉམ་འབྲེལ་སྒྲིག་གཞིས་སྐྲུན་འགན་འཁུར་བ་དང་2025ལོའི་ཟླ་བདུན་པར་ཤར་གཏོང་ཐུབ་ནས་གཉེར་སྐྱོང་བྱེད་རྩིས་ཡོད་པ་རེད། འདི་ནི་དེ་ཉིན་ལས་དོན་པས་ཧང་ག་རི་དང་སར་པི་ཡའི་ལྕགས་ལམ་གྱི་ཧང་ག་རི་དུམ་བུའི་ཁུང་ཧྲེང་སྨི་ཁེ་ལོ་ཧྲི-ཐའོ་ཧྲི་བབས་ཚུགས་སུ་ལས་ཀ་བྱེད་བཞིན་པ།

    ཐའེ་ལེ་སྐྱེ་སྐབས་ཚེ་སྲོག་ལ་ཉེན་ཁ་འཕྲད་པས་ལིའུ་ཀྲེན་ཆིའུ་དང་ཡུལ་དེའི་སྨན་དོན་པས་སྨན་བཅོས་བྱས་མཐར་དྲག་སྐྱེད་བྱུང་ཞིང་། སྨན་བཅོས་འཕྲོད་བསྟེན་གྱི་ཆ་རྐྱེན་ཡག་པོ་མེད་པས་ཕ་ཕུ་ཡ་ཀུའི་ནེ་ཡར་ཕྲུ་གུ་དམར་འབྱར་འཆི་ཚད་མཐོ་པོ་ཡོད། ཀྲུང་གོའི་སྨན་བཅོས་རུ་ཁག་གིས་ནད་པར་སྨན་བཅོས་བྱེད་པ་དང་། ཡུལ་དེའི་སྨན་དོན་པར་གསོ་སྦྱོང་བྱེད་པ། རིག་གཞུང་འཆད་ཁྲིད་བྱེད་པ། ཕྲུ་གུ་དམར་འབྱར་སྐྱོང་བའི་རྩལ་ནུས་གསོ་སྦྱོང་སོགས་ཀྱི་བྱེད་ཐབས་སྤེལ་བ་བརྒྱུད། ཡུལ་དེའི་ཕྲུ་གུ་དམར་འབྱར་སྐྱོབ་བཅོས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད་པ་རེད། འདི་ནི་ཟླ་8ཚེས་5ཉིན་ཕ་ཕུ་ཡ་ཀུའི་ནེ་ཡའི་ལྟེ་བའི་ཞིང་ཆེན་གྱི་གྲོང་ཚོ་ཞིག་ནང་། ཕ་ཕུ་ཡ་ཀུའི་ནེ་ཡར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་ཁག་12པའི་རུ་དཔོན་གཞོན་པ་དང་ཕྲུ་གུ་དམར་འབྱར་དང་བྱིས་པའི་ཚན་ཁག་གི་གཙོ་བཅོས་སྨན་པ་གཞོན་པ་ལིའུ་ཀྲེན་ཆིའུ་ཡིས་ཕྲུ་གུ་དམར་འབྱར་ཐའེ་ལེར་བརྟག་དཔྱད་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།