དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་ནས་ནན་བཤད་བྱས་དོན།

    བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས།

    ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་དང་གསུང་བཤད་གལ་ཆེན་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-12-24

    ཟླ་12ཚེས་21ཉིན་དང་ཚེས་22ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་དང་གསུང་བཤད་གལ་ཆེན་གནང་བ།

    ཟླ་12ཚེས་21ཉིན་དང་ཚེས་22ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་དང་གསུང་བཤད་གལ་ཆེན་གནང་བ།

    ཟླ་12ཚེས་21ཉིན་དང་ཚེས་22ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་ཏེ། དགོངས་པ་སློབ་སྦྱོང་དང་། ཏང་གཤིས་བརྟན་གཏོང་། ལག་ལེན་ལ་མཐོང་ཆེན། བྱས་རྗེས་གསར་འཇོག་བཅས་ཀྱི་སྤྱིའི་བླང་བྱར་དམིགས་པ་དང་། བློ་སྒྲིལ་སེམས་སྐྱེད་ལ་བརྟེན་ནས་རྩ་བ་བརྟན་དུ་གཏོང་བ་དང་། གཤིས་རྒྱུད་ཞུན་བརྡར་ལ་བརྟེན་ནས་ལྷག་བསམ་དག་ཏུ་གཏོང་བ། དངོས་སྒྲུབ་དང་འགན་འཁྲི་འཁུར་སེམས་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དམིགས་ཡུལ་ལག་བསྟར་ལ་བརྟེན་ནས་དམངས་ལ་བདེ་སྐྱིད་སྐྲུན་པ། སྤྱོད་གཙང་གཞུང་ཞེན་ལ་བརྟེན་ནས་སྲོལ་གསར་གཏོད་པ་བཅས་ཀྱི་ཞིབ་ཕྲའི་དམིགས་ཚད་དང་བསྡུར་བ། སློབ་སྦྱོང་ལ་བརྟེན་ནས་སེམས་པ་སྐྱེད་པ་དང་། སློབ་སྦྱོང་ལ་བརྟེན་ནས་བློ་རིག་རྒྱས་པ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་སྲོང་བ། སློབ་སྦྱོང་ལ་བརྟེན་ནས་ལས་ཀར་སྐུལ་འདེད་གཏོང་བ་བཅས་ཀྱི་བླང་བྱ་གལ་ཆེན་ལ་གཞིགས་ཏེ། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ལས་དོན་དང་འབྲེལ་བ་བྱེད་པ་དང་སྣེ་ཁྲིད་དེ་དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་དང་། སྣེ་ཁྲིད་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་གོ་བ་ལོན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ། སྣེ་ཁྲིད་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་བསྟར་བ། སྣེ་ཁྲིད་དེ་དམིགས་ཡུལ་ལག་ལེན་བསྟར་ནས་དམངས་ལ་བདེ་སྐྱིད་སྐྲུན་པ། སྣེ་ཁྲིད་དེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འགན་འཁྲི་ལག་ལེན་བསྟར་བ་སོགས་ཐད་ཀྱི་དོན་དངོས་དང་འབྲེལ་བ་བྱས་ནས་གྲུབ་འབྲས་ལ་ཕྱོགས་སྡོམ་དང་། མི་འདང་ས་འཚོལ་བཤེར། ཏང་གཤིས་ལ་དབྱེ་ཞིབ། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བཅས་བྱས་པ་རེད།

    ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་དང་གསུང་བཤད་གལ་ཆེན་གནང་བ་རེད།

    ཚོགས་འདུ་མ་འཚོགས་གོང་འབྲེལ་ཡོད་ཕྱོགས་ཀྱིས་གྲ་སྒྲིག་ནན་ཏན་བྱས་ཤིང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་དང་འབྲེལ་ཡོད་འགན་འཁུར་བློ་མཐུན་དབར་སྙིང་གཏམ་ཤོད་རེས་བྱས་པ་དང་། བསམ་འཆར་དང་གྲོས་འགོ་ཉན་པ་མ་ཟད། ད་དུང་གཏམ་བཤད་ཀྱི་གནད་བསྡུས་ཀྱང་བྲིས་ཡོད། ཚོགས་འདུར་དང་ཐོག་ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོགས་ཚུན། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་ལེན་མཐར་ཕྱིན་བསྟར་ཚུལ་སྐོར་གྱི་སྙན་ཞུ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོགས་ཚུན་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ལས་དོན་སྒྲུབ་ཚུལ་སྐོར་གྱི་སྙན་ཞུ་ཉན་པ་རེད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་རྣམས་ཀྱིས་རེ་རེ་བཞིན་གཏམ་བཤད་གནང་བའི་ཁར། ཚོགས་འདུའི་བརྗོད་དོན་གཙོ་བོར་དམིགས་པ་དང《ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་སྲུང་སྐྱོང་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གཏན་འབེབས་འགའ་ཞིག》དང《ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་དོན་འཁྱོལ་བྱ་ཚུལ་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ལག་བསྟར་ཞིབ་སྲོལ》དང་ཞིབ་བསྡུར་བྱས་ཏེ། འཚོལ་བཤེར་ནན་ཏན་དང་། དབྱེ་ཞིབ་གཏིང་ཟབ། དྲང་པོ་དྲང་གཞག ལྷག་བསམ་ཟོལ་མེད་བཅས་བྱས་ཁར་རྣམ་པ་གཟབ་ཅིང་ནན་ལ་འཁྲུག་ཆ་དོད་པོ་ཡོད་པ་དང་སྔོན་དཔག་གི་ཕན་འབྲས་ཐོན་ཡོད།

    ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོའི་གཏམ་བཤད་གཙོ་གནད་6ལ་དམིགས་ཤིང་། གཅིག་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་དེ་བས་རང་རྟོགས་དང་བློ་བརྟན་འགྱུར་མེད་ཡིན་པ་དང་། གཉིས་ནས་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་དེ་བས་རང་རྟོགས་དང་བློ་བརྟན་འགྱུར་མེད་ཡིན་པ། གསུམ་ནས་དམིགས་ཡུལ་ལག་ལེན་བསྟར་བ་དང་མི་དམངས་ལ་ཞབས་འདེགས་ཞུ་བ་དེ་བས་རང་རྟོགས་དང་བློ་བརྟན་འགྱུར་མེད་ཡིན་པ། བཞི་ནས་དམ་པ་དོན་གཉེར་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ་དེ་བས་རང་རྟོགས་དང་བློ་བརྟན་འགྱུར་མེད་ཡིན་པ། ལྔ་ནས་རང་དཔེ་གཞན་སྟོན་དང་སྤྱོད་གཙང་རང་འདོམས་དེ་བས་རང་རྟོགས་དང་བློ་བརྟན་འགྱུར་མེད་ཡིན་པ། དམིགས་བསལ་དབང་ཆའི་བསམ་བློ་དང་དམིགས་བསལ་དབང་ཆའི་སྣང་ཚུལ་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ནས་རང་ངོས་དྭངས་གཙང་དང་། རང་ངོས་དྲང་གཞག རང་ངོས་སྲ་བརྟན་བཅས་ཡོང་བར་བྱེད་པ། དྲུག་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་དེ་བས་རང་རྟོགས་དང་བློ་བརྟན་འགྱུར་མེད་ཡིན་པ། དུས་དང་རྣམ་པ་ཀུན་ཏུ་ཏང་ཆེན་པོ་ཁོ་ནར་འཕྲད་པའི་དཀའ་གནད་སེལ་བའི་ཐད་རིག་པ་དྭངས་གསལ་དང་བློ་བརྟན་འགྱུར་མེད་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ནས་ཏང་གི་རང་ངོས་གསར་བརྗེར་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་གཏོང་དགོས།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། འདི་ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་བསྟར་འགོ་ཚུགས་པའི་ལོ་ཞིག་ཡིན་ལ། ལོ་གསུམ་གྱི་ཏོག་གསར་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་མཚམས་བསྒྱུར་རྗེས་དཔལ་འབྱོར་སླར་གསོ་དང་འཕེལ་རྒྱས་འགྲོ་བའི་ལོ་ཞིག་ཀྱང་ཡིན། ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། ཕྱི་རོལ་གྱི་གནོན་ཤུགས་ཐེག་པ་དང་ནང་ཁུལ་གྱི་དཀའ་ངལ་ཁྱད་བསད་བྱས་ཤིང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ་དང་། སྒྱུར་བཅོས་སྒོ་དབྱེ་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ། བློ་བརྟན་འགྱུར་མེད་ངང་འབད་བརྩོན་དང་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་པ། དཔལ་འབྱོར་སླར་གསོ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་ཚད་གཙོ་བོ་ཕུན་སུམ་ཚོགས་པོའི་ངང་མངོན་འགྱུར་ཡོང་བ་བྱས་ཡོད། འབྲུ་རིགས་ཀྱི་སྤྱིའི་ཐོན་འབབ་ཀྱི་ཟིན་ཐོ་གསར་པ་སླར་ཡང་བཏོད་པ་དང་། ལས་ཞུགས་དང་ཟོག་གོང་སྤྱིའི་ཆ་ནས་བརྟན་པོ་བྱུང་བ། ཚན་རྩལ་གསར་གཏོད་ཐད་ཚད་བརྒལ་གསར་པ་བྱུང་བ། ཐོན་སྐྱེད་ནུས་ཤུགས་གསར་པ་མགྱོགས་མྱུར་ཆགས་པ། རེས་སྐོར་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་སྒྱུར་བཅོས་གཞི་རྩའི་ཆ་ནས་ལེགས་གྲུབ་ཟིན་པ། ཆུ་ཚད་མཐོ་པོས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་མུ་མཐུད་ཆེ་རུ་ཕྱིན་པ། འབྲུབ་འགོག་གེགས་སེལ་དང་། བུན་ཉེན་སེལ་བ། ཁང་སྤྲོད་འགན་ལེན་བཅས་ཀྱི་ཕན་འབྲས་མངོན་གསལ་དོད་པ། གྲོང་མིའི་ཡོང་འབབ་འཕར་ཚད་དཔལ་འབྱོར་འཕར་ཚད་ལས་མགྱོགས་པ་བཅས་ཡོད། ཤང་ཀང་དང་ཨའོ་མོན་གྱི་ལས་དོན་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ཡོད། ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ལ་སྐུལ་འདེད་ཏན་ཏིག་ཐེབས་པ་དང་རང་རྒྱལ་འཕེལ་རྒྱས་ཀྱི་ཕྱི་རོལ་ཁོར་ཡུག་མུ་མཐུད་ལེགས་སུ་ཕྱིན་ཡོད། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་རུལ་སུངས་ལ་ངོ་རྒོལ་གྱི་འཐབ་རྩོད་ལ་རྒྱུན་ཆད་མེད་པར་ཤུགས་བརྒྱབ་པ་དང་ཆབ་སྲིད་ཀྱི་ཁོར་ཡུག་བཟང་པོ་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་ཕྱིན་ཡོད། ཁྲེང་ཏུའུ་ཡི་སློབ་གྲྭ་ཆེ་མོ་བའི་ལུས་རྩལ་འགྲན་ཚོགས་དང་ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་བདེ་བླག་ངང་གཉེར་བ་དང་རང་རྒྱལ་གྱི་ལུས་རྩལ་པས་གྲུབ་འབྲས་བཟང་པོ་བཏོད་ཡོད། གྲུབ་འབྲས་དེ་དག་ནི་ལས་སླ་པོར་ཐོབ་པ་ཞིག་མིན་ལ་ཀུན་གྱིས་བསྟོད་བསྔགས་གཏོང་རིན་ཡོད་པ་ཞིག་ཀྱང་ཡིན།

    ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་ངོས་འཛིན་མགྲིན་གཅིག་ཏུ་བྱས་དོན། ལོ་གཅིག་གི་ལག་ལེན་ལས་སླར་ཡང་ར་འཕྲོད་ཐུབ་པར“གཏན་འཁེལ་གཉིས”དེ་ང་ཚོས་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་གཅོག་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ངོས་ནས་བརྗོད་ན་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་པ་ཞིག་རེད། དེས་ན་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་དམངས་བཅས་ཀྱིས་ངེས་པར་དུ“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ཏེ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས་ཏང་ཀྲུང་དབྱང་གི་མཛད་ཕྱོགས་སྲིད་ཇུས་དང་ལས་དོན་བཀོད་སྒྲིག་བློ་བརྟན་འགྱུར་མེད་ངང་ལག་བསྟར་དོན་འཁྱོལ་བྱེད་དགོས། སང་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བའི་ལོ་ཞིག་ཡིན་ལ། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་དམིགས་ཚད་ལས་འགན་མངོན་འགྱུར་བྱེད་པའི་འགག་རྩའི་ལོ་ཞིག་ཀྱང་ཡིན་པས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་བ། སྒྱུར་བཅོས་སྒོ་དབྱེ་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་ལ་སྐུལ་འདེད་གཏོང་བ། དཔལ་འབྱོར་གྱི་གསོན་ཤུགས་ཆེ་རུ་ཏན་ཏིག་གཏོང་བ། ཉེན་ཁར་འགོག་ཟོན་དང་སེལ་བ། སྤྱི་ཚོགས་ཀྱི་སྔོན་དཔག་ལེགས་སུ་གཏོང་བ། དཔལ་འབྱོར་ཡང་བསྐྱར་ལེགས་ཕྱོགས་སུ་འཕེལ་བའི་རྣམ་པ་བརྟན་དུ་དང་ལེགས་སུ་གཏོང་བ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས།

    ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་རྣམ་པའི་ཞིབ་བསྡུར་སྐྱོན་བཤེར་གྱི་གཏམ་བཤད་རེ་རེ་བཞིན་ལ་དཔྱད་བརྗོད་དང་རེ་རེ་བཞིན་ལ་བླང་བྱ་བཏོན་གནང་བ་མ་ཟད་ཕྱོགས་སྡོམ་ཡང་གནང་བ་རེད། ཁོང་གིས། ད་རེས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་པར་ཕན་འབྲས་ཧ་ཅང་ཆེན་པོ་ཐོན་ནས་ཆབ་སྲིད་ཀྱི་བརྟག་བཤེར་དང་ལེན་དང་། ཆབ་སྲིད་ཀྱི་ཐལ་རྡུལ་གཙང་འཕྱག ཆབ་སྲིད་ཀྱི་བླ་སྲོག་བརྟན་གཏོང་བཅས་ཀྱི་དམིགས་ཡུལ་གྲུབ་ཡོད། དེས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཐུན་སྒྲིལ་ཟབ་གཏོང་དང་། ལས་དོན་ལེགས་གཏོང་། འགན་འཁྲི་འཁུར་ཕོད་པ་བཅས་ལ་ཕན་པ་ཆེན་པོ་ཡོད་ཅེས་བསྟན་གནང་བ་རེད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ད་རེས་ཀྱི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་ཞིང་། བརྗོད་དོན་གཙོ་བོའི་གཙོ་རྐང་མངོན་གསལ་དོད་ལ་དམིགས་ཚད་དང་ལས་འགན་ཡང་ཁ་གསལ་བ་མ་ཟད། སློབ་སྦྱོང་ལ་བརྟེན་ནས་སེམས་པ་སྐྱེད་པ་དང་། སློབ་སྦྱོང་ལ་བརྟེན་ནས་བློ་རིག་རྒྱས་པ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་སྲོང་བ། སློབ་སྦྱོང་ལ་བརྟེན་ནས་ལས་ཀར་སྐུལ་འདེད་གཏོང་བ་བཅས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་སྣེ་ཁྲིད་དེ་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། ཕུགས་ཕན་ལམ་སྲོལ་འཛུགས་པ། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ཏང་ཡོངས་སུ་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་དགོས།

    ཞི་ཅིན་ཕིང་གིས་བསྟན་དོན། བསམ་བློ་གཅིག་གྱུར་ནི་ཆབ་སྲིད་གཅིག་གྱུར་དང་བྱ་སྤྱོད་གཅིག་གྱུར་གྱི་རྨང་གཞི་ཡིན། ཆབ་སྲིད་དང་བྱ་སྤྱོད་ཐད་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་རྒྱུན་འཁྱོངས་བྱེད་པར་ཐོག་མར་བསམ་བློའི་ཐད་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་རྒྱུན་འཁྱོངས་བྱེད་དགོས། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པར་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་བཏོན་ནས་ཚན་རིག་གི་མ་ལག་དང་། ལྟེ་བའི་དོན་སྙིང་། ལག་ལེན་གྱི་བླང་བྱ་བཅས་ཁོང་དུ་ཆུད་པར་གོ་དོན་མཐིལ་རྟོགས་བྱེད་པ་དང་། བསམ་བློ་དང་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་མཐོ་རུ་བཏང་ནས་ཆབ་སྲིད་ཀྱི་འཇོན་ཐང་དང་འགོ་ཁྲིད་ཀྱི་འཇོན་ཐང་ཆེ་རུ་འགྲོ་བར་སྐུལ་འདེད་གཏོང་དགོས། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་བྱེད་པ་ནི་དངོས་ཡོད་ཡིན་པ་ལས་སྤྱི་མཚན་མིན་པས། ཐོག་མར་ཏང་ཀྲུང་དབྱང་གི་དབང་གྲགས་ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱེད་པའི་ཐད་དོན་འཁྱོལ་བྱེད་དགོས་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་ཀྱི་བྱ་སྤྱོད་དངོས་ཀྱི་ཐད་དོན་འཁྱོལ་བྱེད་དགོས།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། དམངས་གཙོ་གཅིག་སྡུད་ལམ་ལུགས་ནི་རང་རེའི་ཏང་གི་གཞི་རྩའི་རྩ་འཛུགས་ཀྱི་རྩ་དོན་དང་འགོ་ཁྲིད་ལམ་ལུགས་ཤིག་ཡིན། དམངས་གཙོ་གཅིག་སྡུད་ལམ་ལུགས་ནང་དམངས་གཙོ་དང་གཅིག་སྡུད་ཕྱོགས་གཉིས་ཚུད་ཡོད་ཅིང་། དེ་གཉིས་ཕན་ཚུན་ཆ་རྐྱེན་དུ་འགྱུར་བ་དང་གཅིག་ལ་གཅིག་བརྟེན་ཡིན། ཚན་རིག་དང་མཐུན་པའི་ཐབས་ཇུས་མཐའ་འཁྱོངས་བྱེད་པར་ངེས་པར་དུ་ཏང་ནང་ཁུལ་གྱི་དམངས་གཙོ་དར་སྤེལ་གཏོང་བ་དང་ཏང་ཡོངས་ཀྱི་བློ་གྲོས་གཅིག་སྡུད་གང་ལེགས་བྱེད་དགོས། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་སྣེ་ཁྲིད་དེ་དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་གང་ལེགས་བྱེད་དགོས་ཤིང་། ཏང་ཀྲུང་དབྱང་གི་ཐབས་ཇུས་གལ་ཆེན་གྱི་ཞིབ་འཇུག་ལ་ཞུགས་སྐབས་བསམ་གཞིག་ནན་ཏན་བྱས་ཏེ་བསམ་འཆར་གང་ལེགས་འདོན་དགོས། ལས་ཀའི་ཁྲོད་ཤེས་རྟོགས་བྱུང་བའི་གནས་ཚུལ་ངོ་མ་རྣམས་དུས་ཐོག་ཏུ་དོན་དངོས་དང་མཐུན་ལ་ཕྱོགས་ཡོངས་ནས་གོང་ཞུ་བྱེད་པ་ལས། གཏམ་བཟང་ཁོ་ན་ཞུ་བ་ལས་གཏམ་ངན་མི་ཞུ་བ་བྱེད་མི་རུང་། ཁག་བགོས་དོ་དམ་ཁྱབ་ཁོངས་དང་གཙོ་འགན་འཁུར་བའི་ས་གནས་སུ་དམངས་གཙོ་དར་སྤེལ་གཏོང་བར་སྣང་ཆེན་གྱིས་ཚང་མས་གང་བསམ་ལྷུག་པོར་གླེང་བར་ལྕག་སྐུལ་བྱེད་དགོས། གཅིག་སྡུད་ཡང་དག་བྱེད་མཁས་པོ་བྱས་ཏེ་བྱ་དངོས་འཕེལ་རྒྱས་ཀྱི་ཆོས་ཉིད་དང་མཐུན་ལ་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་དང་ཡང་མཐུན་པའི་བསམ་འཆར་ཡང་དག་སྙིང་བཏུས་བྱས་ནས་ཚན་རིག་དང་མཐུན་པའི་ཐབས་ཇུས་འདོན་དགོས། དམངས་གཙོ་གཅིག་སྡུད་ལམ་ལུགས་ལས་འགལ་བའི་ནོར་འཁྲུལ་གྱི་བྱེད་སྤྱོད་རིགས་དུས་ཐོག་ཏུ་ཤེས་རྟོགས་དང་ཡོ་བསྲང་མཐའ་གཅིག་ཏུ་བྱེད་དགོས།

    ཞི་ཅིན་ཕིང་གིས་བསྟན་དོན། ཆབ་སྲིད་ཀྱི་ཚོར་སྐྱེན་རང་བཞིན་ནི་ཆབ་སྲིད་ཀྱི་ཚུགས་གནས་དང་ཆབ་སྲིད་མཐིལ་རྟོགས་ཀྱི་ཕྱོགས་བསྡུས་མཚོན་ཚུལ་ཞིག་ཡིན་ལ། འགོ་ཁྲིད་ལས་བྱེད་པའི་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཆེ་རུ་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་གལ་ཆེན་ཞིག་ཀྱང་ཡིན། སྣ་མང་རྙོག་འཛིང་ཆེ་བའི་རྒྱལ་ནང་དང་རྒྱལ་སྤྱིའི་དུས་བབ་ཁྲོད་འཐབ་ཇུས་ཀྱི་སྤྱི་ཡོངས་ཁོང་དུ་ཆུད་པ་དང་། འཐབ་ཇུས་ཀྱི་རང་འགུལ་ལ་སྟངས་འཛིན་བྱེད་པ། ལས་དོན་ཁག་གི་སྔོན་དཔག་རང་བཞིན་དང་རྒྱང་ལྟའི་རང་བཞིན་ཆེ་རུ་གཏོང་བ་བཅས་བྱེད་པར་ངེས་པར་དུ་ཚད་མཐོའི་ཆབ་སྲིད་ཀྱི་ཚོར་སྐྱེན་རང་བཞིན་རྒྱུན་འཁྱོངས་ཐོག་མཐའ་བར་གསུམ་དུ་བྱས་ཏེ་བདེ་དུས་ཉེན་བསམ་དང་མ་བྱུང་སྔོན་འགོག་ཐུབ་པར་བྱེད་དགོས། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་ཟུར་བལྟས་ལེབ་མཐོང་དང་ཕྲ་མོ་ཙམ་ཡང་གསལ་པོར་མཐོང་བའི་ཚད་མཐོའི་ཆབ་སྲིད་ཀྱི་ཚོར་སྐྱེན་རང་བཞིན་ལྡན་པར་བྱེད་པ་དང་། ཆབ་སྲིད་ཀྱི་ཐོག་ནས་དུས་བབ་འཕེལ་རྒྱས་ཀྱི་འགྱུར་ལྡོག་དང་འཕེལ་ཕྱོགས་ལ་དབྱེ་ཞིབ་བྱེད་མཁས་པོ་བྱེད་པ། སྣང་ཚུལ་བརྒྱུད་ངོ་བོར་ལྟ་བ། བྱ་དངོས་འཕེལ་རྒྱས་ཀྱི་ནང་གནས་ཆོས་ཉིད་ཤེས་པར་བྱེད་པ། དུས་དང་བབ་དང་། ཉེན་ཁ་དང་གོ་སྐབས། ཕན་དང་གནོད་བཅས་དབྱེ་འབྱེད་ཡང་དག་བྱེད་པ། རང་འགུལ་ངང་འགྱུར་ལྡོག་ལ་ངོས་འཛིན་དང་། འགྱུར་ལྡོག་དང་བསྟུན་པ། འགྱུར་ལྡོག་ཡོང་ཐབས་བྱེད་པ། འགག་རྩའི་གོ་སྐབས་ཁོང་དུ་ཡང་དག་ཆུད་པར་བྱེད་པ། ཉེན་ཁར་ཁ་གཏད་ནུས་ལྡན་གཅོག་པ། འཆར་འགོད་ཡག་པོ་བྱས་ནས་ལག་ལེན་བསྟར་བ་བཅས་བྱེད་དགོས། འཐབ་ཇུས་གལ་ཆེན་འཆར་འགོད་དང་། སྲིད་ཇུས་གལ་ཆེན་གཏན་འབེབས། ལས་འགན་གལ་ཆེན་བཀོད་སྒྲིག་བཅས་བྱེད་པར་ཚང་མས་ཆབ་སྲིད་ཀྱི་ཁ་ཕྱོགས་འཕྱུགས་མེད་ཁོང་དུ་ཆུད་པ་དང་ཆབ་སྲིད་ཀྱི་བླང་བྱ་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། འགལ་བ་དང་གནད་དོན་ཐག་གཅོད་བྱེད་པར་ཆབ་སྲིད་ཀྱི་ཉེན་ཁར་འགོག་ཟོན་དང་སེལ་བར་སྣང་ཆེན་བྱས་ཏེ་མིག་དབང་གསལ་ལ་གནས་ཚུལ་མཐོང་སྔ་ཞིང་བྱ་སྤྱོད་སྤེལ་མགྱོགས་པ་བཅས་བྱེད་དགོས་པ་དང་། ཆབ་སྲིད་ཀྱི་མངོན་མེད་རྐྱེན་ངན་སྣ་ཚོགས་དུས་ཐོག་ཏུ་སེལ་བ། ཁྱབ་ཁོངས་མི་འདྲ་བའི་ཉེན་ཁ་གཞན་སྒྱུར་བྱེད་ལམ་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་འབྲེལ་དུས་ཐོག་ཏུ་བཀག་ནས། ཆབ་སྲིད་རང་བཞིན་མིན་པའི་ཉེན་ཁ་དེ་ཆབ་སྲིད་ཀྱི་ཉེན་ཁར་མ་འགྱུར་བར་བྱེད་དགོས།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། འགོ་ཁྲིད་ལས་བྱེད་པས་མི་དམངས་ལ་ཕན་བདེ་སྐྲུན་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་བརྟན་པོར་འཛུགས་དགོས། རང་རེའི་གུང་ཁྲན་ཏང་མིས་བྱ་གཞག་སྒྲུབ་པ་དང་སྲིད་དོན་ལས་རྗེས་འཇོག་དོན་ནི་མི་དམངས་ལ་ཕན་བདེ་སྐྲུན་ཆེད་ཡིན་པ་ལས། སྒེར་གྱི་ཐོབ་ཤོར་ཆེད་དུ་མིན། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་སྣེ་ཁྲིད་དེ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་མཐའ་འཁྱོངས་ཀྱིས་ཆེ་རྔམ་ཕྱི་གཉེར་དང་རྨོངས་ཚོད་ཡ་ཡུག་ལ་ངོ་རྒོལ་བྱེད་དགོས་པ་དང་། བྱ་ཐབས་དངོས་བཏོན་ནས་ཕན་འབྲས་དངོས་བརྩོན་ལེན་མཐའ་འཁྱོངས་ཀྱིས་ཕྱི་མཛེས་ནང་སྟོང་དང་གྲངས་གཞི་རྫུན་བཟོར་ངོ་རྒོལ་བྱེད་དགོས། རྨང་གཞི་འདིང་བ་དང་ཕུགས་ལ་ཕན་པ་མཐའ་འཁྱོངས་ཀྱིས་ཉ་ལ་བརྔམས་ནས་རྫིང་ཆུ་གློད་པ་དང་དམངས་དུབ་རྒྱུ་ཟད་ལ་ངོ་རྒོལ་བྱེད་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ལས་འགན་ཨང་དང་པོ་ཡིན་པས། སྤུས་ཚད་མཐོ་བའི་འཕེལ་རྒྱས་མཐའ་འཁྱོངས་བྱེད་པ་དེ་འགོ་ཁྲིད་ལས་བྱེད་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བའི་ནང་དོན་གལ་ཆེན་དུ་འགྱུར་བར་བྱེད་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲིད་དོན་ལས་རྗེས་ཀྱི་དཔྱད་ཞིབ་དང་གདེང་འཇོག་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་བ་དང་བཀོད་འདོམས་དབྱུག་པ་ལྟ་བུའི་ནུས་པ་ཡག་པོ་འདོན་པ། རིམ་ཁག་འགོ་ཁྲིད་ཚན་ཁག་གིས་སྲིད་དོན་ལས་རྗེས་ཀྱི་ལྟ་བ་ཡང་དག་ལག་བསྟར་ནན་ཏན་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཡང་དག་པའི་ལས་ཀའི་སྟོན་ཕྱོགས་ཤིག་ཏན་ཏིག་ཆགས་པར་བྱེད་དགོས།

    ཞི་ཅིན་ཕིང་གིས་བསྟན་དོན། མཐུན་སྒྲིལ་འབད་འཐབ་ནི་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་ལོ་རྒྱུས་ཀྱི་བྱ་གཞག་རླབས་པོ་ཆེ་གཏོད་པའི་ལྡོག་མེད་ཀྱི་ལམ་བུ་ཞིག་རེད། མཐུན་སྒྲིལ་འབད་འཐབ་བྱེད་པར་དམིགས་ཚད་ལ་བརྟེན་ནས་ནུས་སེམས་གཅིག་ཏུ་སྒྲིལ་དགོས། རྒྱང་ལམ་གསར་པར་ང་ཚོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ནུས་སེམས་གཅིག་སྒྲིལ་དང་མཐུན་སྒྲིལ་འབད་འཐབ་སྔར་བས་བྱེད་དགོས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་མི་དམངས་ཡོངས་ཀྱི་ཐུན་མོང་གི་བྱ་གཞག་ཅིག་ཡིན་ལ། ཉེན་ཁ་དང་འགྲན་སློང་གིས་ཁེངས་ཤིང་དཀའ་སྤྱད་འབད་བརྩོན་བྱེད་དགོས་པའི་བྱ་གཞག་རླབས་པོ་ཆེ་ཞིག་ཀྱང་ཡིན་པས། ངེས་པར་དུ་མི་དམངས་ཡོངས་མཉམ་དུ་ཞུགས་པ་དང་། མཉམ་དུ་འཛུགས་སྐྲུན། མཉམ་དུ་ལོངས་སྤྱོད་བཅས་མཐའ་འཁྱོངས་བྱས་ཏེ། མི་དམངས་ཡོངས་ལ་དམ་པོར་བརྟེན་ནས་ཕྱར་བ་གྲུ་འདེགས་དང་བྱ་གཞག་ཆེན་པོ་མཉམ་དུ་སྒྲུབ་དགོས། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་ཏང་གི་ཕུལ་བྱུང་གི་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ་ཏང་གི་འབད་འཐབ་དམིགས་ཚད་ལ་བརྟེན་ནས་མི་ལ་སྐུལ་མ་གཏོང་མཁས་པོ་དང་། མི་ལ་སྐུལ་ལྕག་གཏོང་མཁས་པོ། མི་ལ་འབོད་སྐུལ་བྱེད་མཁས་པོ་བཅས་བྱེད་དགོས། སྐུལ་སློང་བྱེད་ཐུབ་པའི་མཐུན་རྐྱེན་མཐའ་དག་སྐུལ་སློང་དང་མཐུན་སྒྲིལ་བྱེད་ཐུབ་པའི་སྟོབས་ཤུགས་མཐའ་དག་ལ་མཐུན་སྒྲིལ་བྱས་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཚོས་བསམ་བློ་ཕྱོགས་གཅིག་ཏུ་གཏོང་བ་དང་ནུས་ཤུགས་ཕྱོགས་གཅིག་ཏུ་འདོན་པར་སྐུལ་འདེད་བཏང་སྟེ་ལྷག་བསམ་ཟོལ་མེད་ངང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ནང་ཞུགས་དགོས།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཏང་གི་ཆབ་སྲིད་ཀྱི་ལེགས་ཆ་ཆེ་ཤོས་ནི་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པ་དེ་ཡིན་པ་དང་། ཏང་གིས་སྲིད་བསྐྱངས་རྗེས་ཀྱི་ཉེན་ཁ་ཆེ་ཤོས་ནི་མང་ཚོགས་དང་ཁ་འབྲལ་བ་དེ་ཡིན་པར་བརྟེན། མི་དམངས་ཐོག་མཐའ་བར་གསུམ་དུ་སེམས་ནང་གི་གནས་བབ་མཐོ་ཤོས་སུ་འཇོག་དགོས་པ་དང་། མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལངས་ནས་དམངས་ལ་བཅངས་པའི་བརྩེ་སེམས་ཟབ་ཏུ་གཏོང་དགོས། དུས་བབ་གསར་པའི་འོག་མང་ཚོགས་ལས་དོན་གྱི་ཁྱད་ཆོས་དང་ཆོས་ཉིད་ཁོང་དུ་ཆུད་པར་བྱས་ནས་སྣེ་ཁྲིད་དེ་མང་ཚོགས་ཀྱི་ལམ་ཕྱོགས་སུ་ཡག་པོ་སྐྱོད་དགོས། མང་ཚོགས་སེམས་ལ་བཅངས་པ་དང་མི་སེར་ལ་བརྩེ་བ་བཅངས་པ་དེ་རང་འགན་གཙང་སྒྲུབ་ཀྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ཚང་མ་ནས་མཚོན་པར་བྱས་ཏེ་ནུས་ཤུགས་ཡོད་རྒུས་དམངས་འཚོར་འགན་ལེན་དང་ལེགས་སུ་གཏོང་དགོས། མི་དམངས་མང་ཚོགས་ཀྱི་ལུགས་མཐུན་གྱི་རེ་ཞུར་དུས་ཐོག་ཏུ་ལན་བརྒྱབ་ནས་བྱ་བཟང་ཡག་པོ་སྒྲུབ་པ་དང་། བྱ་བ་དངོས་ཏན་ཏིག་སྒྲུབ་པ། སྒྲུབ་དཀའ་བའི་བྱ་བ་ལེགས་པར་སྒྲུབ་པ་བཅས་བྱེད་དགོས། ལས་བྱེད་པ་དང་མང་ཚོགས་ལ་བསམ་འཆར་ཆེན་པོ་ཡོད་པའི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་མཁྲེགས་བཟུང་རང་བཞིན་དང་བསྐྱར་ཟློས་རང་བཞིན་ལྡན་པས། རྒྱུན་མཐུད་ནས་ཤུགས་རྒྱག་པ་དང་། མཉམ་དུ་ཤུགས་རྒྱག་པ། ཡོ་བསྲང་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ཏེ། འགོ་ཁྲིད་ལས་ཁུངས་ནས་དམ་འཛིན་དང་འགོ་ཁྲིད་ལས་བྱེད་པ་ནས་ཡོ་བསྲང་བྱེད་འགོ་འཛུགས་དགོས་པ་དང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་སྣེ་ཁྲིད་དེ་དམ་འཛིན་དང་སྣེ་ཁྲིད་དེ་ཡོ་བསྲང་བྱེད་དགོས།

    ཞི་ཅིན་ཕིང་གིས་བསྟན་དོན། རང་ངོས་གསར་བརྗེ་བྱེད་ཕོད་པ་ནི་རང་རེའི་ཏང་གི་མངོན་གསལ་དོད་ཤོས་ཀྱི་གཤིས་རྒྱུད་དང་ལེགས་ཆ་ཆེ་ཤོས་ཤིག་ཡིན། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་ཐོག་མཐའ་བར་གསུམ་དུ་མར་ཁེ་སི་རིང་ལུགས་ཆབ་སྲིད་མཁས་ཅན་གྱི་ཚད་གཞི་ལྟར་རང་ཉིད་ལ་བླང་བྱ་ནན་པོ་འདོན་པ་དང་། སྤྱོད་གཙང་རང་གཅེས་དང་སྤྱོད་གཙང་རང་འདོམས་ཐད་ཏང་ཡོངས་ལ་ཚད་ཤིང་འཛུགས་པ་དང་མིག་དཔེ་སྟོན་པ་དང་། ནང་མི་དང་། གཉེན་ཉེ། ཉེ་འགྲམ་གྱི་ལས་དོན་པ་བཅས་ལ་དོ་དམ་ནན་པོ་བྱེད་པ། སྣེ་ཁྲིད་དེ་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་བྱེད་པ། ཁག་བགོས་དོ་དམ་ཁྱབ་ཁོངས་དང་གཙོ་འགན་འཁུར་བའི་ས་གནས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱེད་པ། རིམ་པ་བཞིན་འགན་འཁྲི་ཏན་ཏིག་དང་གནོན་ཤུགས་བརྒྱུད་སྤྲོད་བཅས་བྱས་ནས། སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཀྱི་ཁོར་ཡུག་ཡག་པོ་ཞིག་ཧུར་ཐག་གཏོད་དགོས།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།