དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཨ་རིའི་སྟག་འཕུར་རུ་ཁག་གི་དམག་དཔོན་ཁྲེན་ནཱ་ཏེ་འཁྲུངས་ནས་ལོ་130འཁོར་བར་དྲན་གསོ་ཞུ་བའི་སྣེ་ལེན་ཚོགས་འདུ་ལུའོ་ཧྲན་ཅིར་འཚོགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2023-12-23

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ལུའོ་ཧྲན་ཅི་ནས་གློག་འཕྲིན་འབྱོར་གསལ། ཚེས་18ཉིན་གྱི་དགོང་མོར་ཨ་རིའི་སྟག་འཕུར་རུ་ཁག་གི་དམག་དཔོན་ཁྲེན་ནཱ་ཏེ་འཁྲུངས་ནས་ལོ་130འཁོར་བར་དྲན་གསོ་ཞུ་བའི་སྣེ་ལེན་ཚོགས་འདུ་ལུའོ་ཧྲན་ཅིར་འཚོགས་པ་རེད།

    ལུའོ་ཧྲན་ཅིར་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་བ་ཀུའོ་ཧྲའོ་ཁྲུན་གྱིས་གཏམ་བཤད་གནང་སྐབས། དམག་དཔོན་ཁྲེན་ནཱ་ཏེ་དང་སྟག་འཕུར་རུ་ཁག་གི་གཏམ་རྒྱུད་ནི་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་མི་དམངས་ཕན་ཚུན་བརྩི་འཇོག་དང་ཐུན་མོང་ཐོག་དྲང་བདེན་དང་ཞི་བདེར་སྲུང་སྐྱོང་བྱས་པའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཤིག་རེད། དེ་ནི་མིག་སྔ་དང་འབྱུང་འགྱུར་ལ་སྔར་བཞིན་བློ་སྒོ་འབྱེད་པའི་དོན་སྙིང་ལྡན་ཡོད། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་དམག་འཁྲུག་སྐབས་བཙུགས་པའི་མཛའ་གྲོགས་ཟབ་མོ་རྒྱུན་འཛིན་དར་སྤེལ་གཏོང་དགོས། ལོ་རྒྱུས་དང་དོན་དངོས་ཚང་མ་ནས་ཀྲུང་གོ་དང་ཨ་རི་མཉམ་ལས་བྱས་ན་གཉིས་ཀར་ཕན་པ་དང་འཐབ་རྩོད་བྱས་ན་གཉིས་ཀར་གནོད་འཚེ་ཕོག་སྲིད་པ་ར་འཕྲོད་ཡོད། སླད་ཕྱིན་རྒྱལ་ཁབ་གཉིས་པོས་ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་འགྲོ་བར་ལག་གདང་སྦྲེལ་ནས་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་པོའི་འབྲེལ་བ་གཏིང་ཟབ་ཏུ་གཏོང་བ་དང་འཛམ་གླིང་ཞི་བདེ་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེན་པོ་འབུལ་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།

    ཨ་རི་རྒྱལ་ཕྲན་མཉམ་འབྲེལ་གྱི་གྲོས་མི་ཀྲའོ་མེ་ཤིན་གྱིས་སྟག་འཕུར་རུ་ཁག་གི་གཏམ་རྒྱུད་ནི་སྤྱིར་བཏང་གཏན་ནས་མིན་པའི་ལོ་རྒྱུས་ཤིག་རེད། ལོ་རྒྱུས་དུམ་བུ་དེ་ལས་སྟག་འཕུར་རུ་ཁག་གི་རུ་མིའི་སྒེར་སེམས་མེད་ཅིང་དཔའ་ངར་ཞུམ་མེད་ཀྱི་སྙིང་སྟོབས་མཚོན་གྱི་ཡོད་ལ། ཀྲུང་ཨ་རྒྱལ་ཁབ་གཉིས་ལག་གདང་སྦྲེལ་ནས་ཐོབ་པའི་གྲུབ་འབྲས་ཀྱང་མངོན་གྱི་ཡོད། ལོ་རྒྱུས་དེ་དང་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་གྱི་མཛའ་གྲོགས་ཟབ་མོ་ནི་ནམ་ཡང་སེམས་ལ་བརྟན་པོར་ངེས་རིན་ཡོད་པ་ཞིག་རེད་ཅེས་བརྗོད་པ་རེད། ཀྲུང་གོ་དང་ཨ་རིའི་ལས་རིགས་ཁག་གི་མི་སྣ་300ལྷག་ཙམ་སྣེ་ལེན་ཚོགས་འདུར་ཞུགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།