ཀྲུང་གོས་ཐོན་སྐྱེད་བྱས་པའི་གནམ་གྲུས་བདེ་འཇགས་ངང་འགྲུལ་པ་དབོར་ཚད་མི་ཐེངས་ཁྲི་ཆིག་སྟོང་ལྷག་ཙམ་ཟིན་པ།
འདི་ནི་ཟླ་10ཚེས་30ཉིན། ཧང་ཀྲོའུ་ཡོན་ཐུང་དངོས་ཟོག་སྐྱེལ་འདྲེན་ཀུང་སི་དང་ཀྲུང་ཡོན་ལུང་ཧའོ་མཁའ་འགྲུལ་ཚད་ཡོད་ཀུང་སིས་ཀོང་ཏུང་ཞིང་ཆེན་ཀོང་ཀྲོའུ་གྲོང་ཁྱེར་དུ་རྩིས་བླངས་པའི་ARJ21རྟགས་ཅན་གྱི་འགྲུལ་སྐྱེལ་གནམ་གྲུ་དངོས་ཟོག་སྐྱེལ་འདྲེན་གནམ་གྲུར་བསྒྱུར་བའི་གནམ་གྲུ་ཡིན་པ།
ཉེ་ཆར། འགྲུལ་པ་81བླུགས་པའི་ARJ21རྟགས་ཅན་གྱི་གནམ་གྲུ་ཀྲུང་གོའི་ལྷོ་ཕྱོགས་གྲོང་ཁྱེར་ཀོང་ཏུང་ཞིང་ཆེན་ཀོང་ཀྲོའུ་གྲོང་ཁྱེར་པའེ་ཡུན་གནམ་ཐང་ནས་འཕུར་འགོ་ཚུགས་པ་དང་ཚོང་ལས་གཉེར་སྐྱོང་ལོ་7བྱས་པའི་ཀྲུང་གོས་ཐོན་སྐྱེད་བྱས་པའི་ཡན་ལག་ལམ་ཐིག་གི་ARJ21རྟགས་ཅན་གྱི་འགྲུལ་སྐྱེལ་གནམ་གྲུས་བདེ་འཇགས་ངང་འགྲུལ་པ་དབོར་ཚད་མི་ཐེངས་ཁྲི་1000ལྷག་ཙམ་ཟིན་ནས་ཀྲུང་གོས་འཛམ་གླིང་གི་མཁའ་འགྲུལ་རྒྱལ་ཁབ་སྟོབས་ཆེན་གྱི་ཕྱོགས་སུ་གོམ་སྟབས་གསར་པ་ཞིག་སྤོས་ཡོད།
ARJ21རྟགས་ཅན་གྱི་གནམ་གྲུ་ནི་ཀྲུང་གོས་རྒྱལ་སྤྱིའི་ཚད་གཞི་ལྟར་རང་རྟེན་ཞིབ་བཟོ་བྱས་པའི་སྒྲོ་གཤོག་གསར་པའི་ཡན་ལག་ལམ་ཐིག་གི་གནམ་གྲུ་ཞིག་ཡིན་པ་དང་2016ལོའི་ཟླ་6པར་དངོས་སུ་ཚོང་ལས་གཉེར་སྐྱོང་བྱེད་འགོ་ཚུགས་ཡོད། ད་བར་ARJ21རྟགས་ཅན་གྱི་གནམ་གྲུ་གསར་སྤེལ་བྱེད་མཁན་ཀྲུང་གོའི་ཚོང་སྤྱོད་གནམ་གྲུ་ཚད་ཡོད་འགན་འཁྲི་ཀུང་སིས་ཀྲུང་གོ་དང་ཕྱི་རྒྱལ་གྱི་མཁའ་འགྲུལ་ཀུང་སིར་བཟོ་ལྟ་འདི་རིགས་ཀྱི་གནམ་གྲུ་ཁྱོན་117རྩིས་སྤྲད་པ་དང་འབྲེལ་རྒྱལ་ཁབ་ཕྱི་ནང་གི་མཁའ་ལམ་400ལྷག་ཙམ་སྤྱོད་འགོ་ཚུགས་ནས་གཟའ་འཁོར་རེར་དུས་གཏན་གནམ་གྲུ་1800ཙམ་འཕུར་གྱི་ཡོད།
ཀྲུང་གོའི་ཚོང་སྤྱོད་གནམ་གྲུ་ཀུང་སིས་ངོ་སྤྲོད་བྱས་པར་གཞིགས་ན། ཀྲུང་གོའི་རང་བྱུང་ཁོར་ཡུག་གཞིར་བཟུང་ཇུས་འགོད་ཞིབ་སྤེལ་བྱས་པའི་གནམ་གྲུ་ཐོག་མ་ཡིན་པའི་ARJ21རྟགས་ཅན་གྱི་གནམ་གྲུ་ས་ཁམས་དང་གནམ་གཤིས་ཀྱི་ཆ་རྐྱེན་རྙོག་འཛིང་ཆེ་བའི་ཀྲུང་གོའི་ནུབ་རྒྱུད་ས་ཁུལ་གྱི་མཁའ་ལམ་དང་གནམ་ཐང་ལ་ཧ་ཅང་འཚམ་པོ་ཡོད།
—— ལ་ཏིང་མེ་གླིང་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བ་གཞིར་བཟུང་།