ཀྲེང་ཀྲོའུ་ནས་ལུའུ་སེན་པའོ་བར་གྱི་འགྲུལ་སྐྱེལ་མཁའ་ལམ་ཤར་གཏོང་ཐུབ་པ།
ཟླ་12ཚེས་21ཉིན་གྱི་ཕྱི་དྲོ། ཀྲེང་ཀྲོའུ་ནས་ལུའུ་སེན་པའོ་བར་གྱི་འགྲུལ་སྐྱེལ་གནམ་གྲུ་ཐོག་མ་དེ་ཀྲེང་ཀྲོའུ་ཤིན་ཀྲེན་རྒྱལ་སྤྱིའི་གནམ་ཐང་ནས་འཕུར་བ་དེ་ཐོག་ནས་ཀྲུང་གོ་དང་ལུའུ་སེན་པའོ་བར་གྱི་ཐད་འཕུར་འགྲུལ་སྐྱེལ་མཁའ་ལམ་དངོས་སུ་ཤར་གཏོང་ཐུབ་པ་མཚོན་ཡོད།
ཐད་འཕུར་མཁའ་ལམ་ཤར་གཏོང་ཐུབ་རྗེས་ཀྲུང་གོ་ནས་ལུའུ་སེན་པའོ་བར་རྒྱལ་ཁབ་གཞན་གྱི་གནམ་ཐང་བརྒྱུད་གནམ་གྲུ་བརྗེ་མི་དགོས་པས་མཁའ་འགྲུལ་ལམ་ཐག་ཆུ་ཚོད་ཁ་ཤས་ཐུང་དུ་འགྲོ་རྒྱུ་རེད། མཁའ་ལམ་དེ་ལྷོ་ཕྱོགས་མཁའ་འགྲུལ་ཀུང་སིས་འཕུར་སྐྱོད་ལས་འགན་འཁུར་བ་དང་གཉེར་སྐྱོང་བྱས་མ་ཐག་གཟའ་འཁོར་རེར་འགྲོ་འོང་ཐེངས་རེ་བྱེད་རྒྱུ་རེད། ཕྱིར་སྐྱོད་ཀྱི་དུས་གཏན་གནམ་གྲུ་གཟའ་ཕུར་བུའི་ཆུ་ཚོད་14དང་སྐར་མ་50ཡི་ཐོག་ཀྲེང་ཀྲོའུ་ནས་ཐོན་ཏེ་ས་གནས་དེ་གའི་དུས་ཚོད་ཆུ་ཚོད་19ཡི་ཐོག་ལུའུ་སེན་པའོ་རུ་འབྱོར་གྱི་ཡོད། ཕྱིར་ལོག་གི་དུས་གཏན་གནམ་གྲུ་ས་གནས་དེ་གའི་དུས་ཚོད་གཟའ་པ་སངས་ཀྱི་ཆུ་ཚོད་15ཡི་ཐོག་ལུའུ་སེན་པའོ་ནས་ཐོན་ཏེ་གཟའ་སྤེན་པའི་ཆུ་ཚོད་8དང་སྐར་མ་10ཡི་ཐོག་ཀྲེང་ཀྲོའུ་རུ་འབྱོར་གྱི་ཡོད།