དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་ཕ་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་བར་ཁྱམས་ཀྱི་ཞིང་ལས་མཉམ་ལས་རྣམ་གྲངས་ཀྱི་སུར་པན་སྐམ་པོ་ཁག་དང་པོ་དབོར་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-12-23

     ཚེས་19ཉིན་ཀྲུང་གོར་ཕྱིར་གཏོང་བྱེད་པའི་ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་སྒྲོམ་གཞིའི་འོག་གི་ཕ་ཁི་སི་ཐན་གྱི་སུར་པན་འདེབས་འཛུགས་ཞིང་ལས་ཐོན་ལས་དཔེ་སྟོན་དང་ཁྱབ་གདལ་རྣམ་གྲངས་ཀྱི་སུར་པན་སྐམ་པོ་ཁག་དང་པོ་དབོར་འགོ་ཚུགས་པའི་མཛད་སྒོ་ཕ་ཁི་སི་ཐན་གྱི་ལྷོ་རྒྱུད་གྲོང་ཁྱེར་ཁ་ལ་ཆིར་གཉེར་བ་རེད།

    ཕ་ཁི་སི་ཐན་བར་བརྒལ་སྲིད་གཞུང་གི་འབྲུ་རིགས་བདེ་འཇགས་དང་ཞིབ་འཇུག་པུའི་པུའུ་ཀྲང་ཁའོ་སར·ཨ་པུའུ་ཏུའུ་ལ·མ་ལི་ཁེ་ཡིས་དབོར་འགོ་ཚུགས་པའི་མཛད་སྒོར་ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་དེ་ཕ་ཀྲུང་རྒྱལ་ཁབ་གཉིས་པོའི་ཞིང་ལས་ཚོང་དོན་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་འབྲུ་རིགས་བདེ་འཇགས་ལ་ཤུགས་སྣོན་རྒྱག་པར་གལ་འགངས་ཤིན་ཏུ་ཆེན་པོ་ཡོད། ཕ་ཁི་སི་ཐན་དང་ཀྲུང་གོ་ཕྱོགས་གཉིས་པོས་ལེགས་ཆ་གསབ་རེས་བྱས་ནས་སྔོན་ཐོན་གྱི་ཞིང་ལས་ལག་རྩལ་སྤྱད་དེ་ལོ་ཏོག་གི་ནད་དང་འབུའི་གནོད་འཚེ་ཉུང་དུ་གཏོང་བ་དེ་ཕ་ཁི་སི་ཐན་གྱི་ཞིང་ལས་དེང་རབས་ཅན་འཕེལ་རྒྱས་དང་དབུལ་ཕོངས་ཉུང་དུ་གཏོང་བར་ཕན་པ་ཡོད། རྒྱལ་ཁབ་གཉིས་པོས་ཞིང་ལས་མཉམ་ལས་ཀྱི་ཁྱབ་ཁོངས་མུ་མཐུད་རྒྱ་ཆེར་བཏང་ནས་ཕ་ཁི་སི་ཐན་གྱི་སྤུས་ལེགས་ཞིང་ལས་ཐོན་རྫས་དེ་བས་མང་བ་ཀྲུང་གོར་ཕྱིར་གཏོང་ཐུབ་པའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།

    ཕ་ཁི་སི་ཐན་བར་བརྒལ་སྲིད་གཞུང་ཚོང་དོན་པུའི་པུའུ་ཀྲང་ཀུའུ་ཧར·དབྱི་ཅ་ཙེ་ཡིས་བརྙན་ལམ་བརྒྱུད་ཤིས་ཚིག་སྒྲོན་སྐབས། ཕ་ཁི་སི་ཐན་གྱི་ཞིང་ལས་ཐོན་རྫས་ཕྱིར་གཏོང་བྱེད་མང་དུ་གཏོང་བ་དེ་ཕ་ཁི་སི་ཐན་དང་ཀྲུང་གོའི་ཚོང་དོན་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཕན་པ་ཡོད། ཀྲུང་གོར་སུར་པན་སྐམ་པོ་ཕྱིར་གཏོང་བྱས་པ་དེ་ཐོག་ནས་ཕ་ཁི་སི་ཐན་གྱི་ཞིང་ལས་ཕྱིར་གཏོང་ལ་དུས་རབས་གསར་པ་ཤར་བ་མཚོན་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།