དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • འཛམ་གླིང་གི་ནུས་རྒྱུ་གཙང་མའི་བར་ཁྱམས་ཆེ་ཤོས་རྦད་དེ་བསྐྲུན་ཟིན་ནས་ལོ་གཅིག་འཁོར་བ།

    རིམ་རྩིས་བརྒྱབ་ན་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་2700ཡན་ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-12-23

    འདི་ནི་པའེ་ཧོ་ཐན་ཆུ་ཤུགས་གློག་ཁང་གི་ལས་གྲྭ་ཡིན་པ།

     ཟླ་12ཚེས་20ཉིན། འབྲི་ཆུའི་ཆུ་གཞུང་ཨ་མ་ཝུའུ་ཏུང་ཏེ་དང་། པའེ་ཧོ་ཐན། ཤིས་ལུའོ་ཏུའུ། ཤང་ཅ་པཱ། འགག་གསུམ། ཀེ་ཀྲོའུ་པཱ་བཅས་སྐས་དབྱིབས་ཀྱི་གློག་ཁང་6ལས་གྲུབ་པའི་འཛམ་གླིང་གི་ནུས་རྒྱུ་གཙང་མའི་བར་ཁྱམས་ཆེ་ཤོས་རྦད་དེ་བསྐྲུན་ཟིན་ནས་ལོ་གཅིག་འཁོར་བ་རེད།

    ལོ་གཅིག་རིང་། སྐས་དབྱིབས་ཀྱི་གློག་ཁང་6ནས་རིམ་རྩིས་བརྒྱབ་ན་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་2700ཡན་ཟིན་ནས་ཚད་ལྡན་རྡོ་སོལ་ཏུན་ཁྲི་8100ལྷག་ཙམ་གྲོན་ཆུང་ཐུབ་པ་དང་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་དུང་ཕྱུར་2.2ཡན་ཉུང་དུ་ཕྱིན་ནས་ཀྲུང་གོ་བ་དུང་ཕྱུར་2.8ཀྱི་ལོ་གཅིག་གི་གློག་གི་དགོས་མཁོ་བསྐངས་ཡོད་པ་རེད། ནུས་རྒྱུ་གཙང་མ་མཁོ་སྤྲོད་འགན་ལེན་བྱས་པ་ཕུད། བར་ཁྱམས་དེ་ལས་ད་དུང་སྤྱི་ལེ་768ཀྱི་ཆུ་མཛོད་གཏིང་རིང་ཁུལ་གྱི་ཆུ་ཐོག་འདྲེན་ལམ་དང་དེ་བཞིན་ཆུ་མཛོད་དུ་ཆུ་གཤོང་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་919ཡི་སྐས་དབྱིབས་ཀྱི་ཆུ་མཛོད་ཁྱུ་ཚོགས་དང་འཐབ་ཇུས་རང་བཞིན་གྱི་ཚྭ་མེད་ཆུའི་ཐོན་ཁུངས་མཛོད་གྲུབ་ནས་ཆུ་ཐོག་སྐྱེལ་འདྲེན་དང་། ཐན་འགོག་ཆུ་གསབ། སྐྱེ་ཁམས་བཀོད་གཏོང་སོགས་ཕྱོགས་བསྡུས་ཕན་འབྲས་རྒྱུན་མཐུད་མངོན་འགྱུར་བྱུང་ཡོད། མིག་སྔར་འབྲི་ཆུའི་ཆུ་གཞུང་ཨ་མའི་སྐས་དབྱིབས་ཀྱི་ཆུ་མཛོད་ཚང་མའི་ཆུ་གསོག་ཚད་ཀྱི་གནས་སུ་སླེབས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།