དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ལྷ་གྲུ་ཨང་བཅུ་བདུན་པ་རྟགས་ཅན་གྱི་འཇིག་རྟེན་འཕུར་སྐྱོད་པ་ཚོ་ཆུང་གྲུ་ཚང་ནས་དོན་ཐེངས་དང་པོ་ལམ་ལྷོངས་བྱུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-12-23

    འདི་ནི་པེ་ཅིང་འཇིག་རྟེན་འཕུར་སྐྱོད་ཚོད་འཛིན་ལྟེ་གནས་སུ་པར་བརྒྱབ་པའི་ལྷ་གྲུ་ཨང་བཅུ་བདུན་པ་རྟགས་ཅན་གྱི་འཇིག་རྟེན་འཕུར་སྐྱོད་པ་ཐང་ཧུང་པོ(གཡས)དང་ཐང་ཧྲེང་ཅེས་གྲུ་ཚང་ཕྱི་རོལ་དུ་ལས་དོན་སྒྲུབ་པའི་པར་རིས་ཡིན་པ།

    ཀྲུང་གོ་མི་བཞུགས་འཇིག་རྟེན་འཕུར་སྐྱོད་འདུ་འགོད་གཞུང་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། པེ་ཅིང་གི་དུས་ཚོད་2023ལོའི་ཟླ་12ཚེས་21ཉིན་གྱི་ཆུ་ཚོད་21དང་སྐར་མ་35ལ་ཆུ་ཚོད་7.5ཙམ་གྲུ་ཚང་ནས་དོན་ཏེ་ལས་འགན་སྒྲུབ་པ་བརྒྱུད་ལྷ་གྲུ་ཨང་བཅུ་བདུན་པ་རྟགས་ཅན་གྱི་འཇིག་རྟེན་འཕུར་སྐྱོད་པ་ཐང་ཧུང་པོ་དང་། ཐང་ཧྲེང་ཅེ། ཅང་ཤིན་ལིན་བཅས་ཀྱིས་ཕན་ཚུན་གཞོགས་འདེགས་དམ་ཟབ་བྱས་ཏེ་བར་སྣང་ས་ཚིགས་ཀྱི་འཕྲུལ་ལག་དང་ས་ངོས་ཚན་ཞིབ་པའི་གཞོགས་འདེགས་དང་རྒྱབ་སྐྱོར་འོག་ཐེན་ཧོ་ལྟེ་བའི་གྲུ་ཚང་གི་ཉི་ཤེལ་ཉམས་གསོའི་ཚོད་ལྟ་སོགས་གཏན་འཁེལ་གྱི་ལས་འགན་ལེགས་སྒྲུབ་བྱས་ཤིང་། འཇིག་རྟེན་འཕུར་སྐྱོད་པ་ཐང་ཧུང་པོ་དང་ཐང་ཧྲེང་ཅེ་མཁའ་འདྲི་ཚོད་ལྟ་ཚང་དུ་བདེ་འཇགས་ངང་ལོག་ནས་གྲུ་ཚང་ནས་དོན་པའི་ལས་འགན་ལམ་ལྷོངས་བྱུང་ཡོད་པ་དང་། རང་རྒྱལ་གྱི་བར་སྣང་ས་ཚིགས་སུ་ཡང་བསྐྱར་ལོག་པའི་འཇིག་རྟེན་འཕུར་སྐྱོད་པ་དང་པོ་ཐང་ཧུང་པོས་ལོ་གཉིས་ཀྱི་རྗེས་སུ་སླར་ཡང་བར་སྣང་དུ་བསྐྱོད་པ་དང་། འཇིག་རྟེན་འཕུར་སྐྱོད་པ་ཐང་ཧྲེང་ཅེ་རང་རྒྱལ་གྱི་མིག་སྔའི་བར་གྲུ་ཚང་ནས་དོན་ཏེ་ལས་འགན་སྒྲུབ་མཁན་གྱི་ལོ་ན་ཆུང་ཤོས་ཀྱི་འཇིག་རྟེན་འཕུར་སྐྱོད་པ་ཞིག་ཏུ་གྱུར་ཡོད།

    འཆར་གཞི་ལྟར་ན། ལྷ་གྲུ་ཨང་བཅུ་བདུན་པ་རྟགས་ཅན་གྱི་མི་བཞུཌ་འཕུར་སྐྱོད་ལས་འགན་སྒྲུབ་རིང་། ད་དུང་ཚན་རིག་ཚོད་ལྟ་དང་ལག་རྩལ་ཚོད་ལྟ་འབོར་ཆེན་བྱེད་ཀྱི་ཡོད་ཅིང་། འཇིག་རྟེན་འཕུར་སྐྱོད་པ་ཚོ་ཆུང་གྲུ་ཚང་ནས་ཐེངས་མང་དོན་པའི་བྱེད་སྒོ་དང་དེ་བཞིན་ཉེར་སྤྱོད་ཐེག་ཚད་ཀྱི་གྲུ་ཚང་ནས་དོན་ཏེ་ལས་འགན་སྒྲུབ་ཀྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།