དྲ་ཐོག་ཐད་ཚོང་གིས་མངོན་མིན་རིག་གནས་ཤུལ་བཞག་ལ་རམ་འདེགས་བྱེད།
འདི་ནི་ཚོང་པས་དྲ་ཐོག་ནས་ཚོང་ཟོག་ཐད་ཚོང་བྱེད་བཞིན་པ།
ཉེ་ཆར། “ཐད་གཏོང་ཟོག་ཚོང་གིས་མངོན་མིན་རིག་གནས་ཤུལ་བཞག་ལ་རམ་འདེགས་བྱེད་པའི”གཞིས་རྩེའི་རིག་གནས་བསམ་བཀོད་ཐོན་རྫས་དྲ་ཐོག་ནས་ཐད་ཚོང་བྱེད་པའི་བྱེད་སྒོ་དེ་གཞིས་རྩེ་གྲོང་ཁྱེར་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་ལྟེ་གནས་སུ་གཉེར་བ་དང་། བྱེད་སྒོས་ས་གནས་ས་ཐོག་ཏུ་འགྲེམས་སྟོན་དང་དྲ་ཐོག་ནས་ཐད་ཚོང་བརྒྱུད། སྤོས་དང་། ཐང་ག སྒྲ་སྙན། ཕར་ཆིན། མི་རིགས་ཀྱི་རྒྱན་གོས་སོགས་མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་རྫས་17ཙམ་བཏོན་ཞིང་། ད་རེས་དྲ་ཐོག་ཐད་ཚོང་བྱེད་སྒོར་ཐོན་རྫས་ཁག་62378བཙོངས་པར། རིམ་རྩིས་བྱས་ན། ཚོང་འགྲིག་ཚད་སྒོར་ཁྲི་327.61ཟིན་གྱི་ཡོད།