དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “སྒོ་ཇི་ཙམ་ཕྱེ་ན་དེ་ཙམ་གྱིས་ཕྱོགས་ཁག་ལ་ཕན་པ་འཐོབ་སྲིད”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཀུང་མིང་དང་ཀྲང་ཕུང་ཧུའེ།   |     སྤེལ་དུས།  2023-12-22

    ཀྲུང་གོ་འཆར་གཞིའི་དཔལ་འབྱོར་ལམ་ལུགས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་ལམ་ལུགས་ལ་བདེ་བླག་ངང་འགྱུར་ལྡོག་བྱུང་ཡོད། འཕེལ་རྒྱས་ཀྱི་མི་མངོན་པའི་ནུས་པ་གང་ལེགས་བཏོན་པས་འཛམ་གླིང་གི་དཔལ་འབྱོར་དངོས་ཚན་ཨང་གཉིས་པར་གྱུར་ཏེ་2022ལོར་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་121ཟིན་ཡོད།

    ཀྲུང་གོར་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན། གྲོང་གསེབ་ཀྱི་མི་འབོར་དབུལ་པོ་དུང་ཕྱུར་7.7དབུལ་པོའི་གནས་ལས་བསྒྲལ་ཏེ་མིའི་རིགས་ཀྱི་ལོ་རྒྱུས་ཐོག་གི་ངོ་མཚར་བཏོད་ཡོད།

    2030ལོར་སླེབས་སྐབས་ཀྲུང་གོར་རིམ་རྩིས་བྱས་ན། ཚོང་ཟོག་གི་ནང་འདྲེན་དངུལ་འབོར་ཨ་སྒོར་དུང་ཕྱུར་ཁྲི་22ཡན་ཟིན་རེ་ཡོད།

    “སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་45སོང་རིང་། ཀྲུང་གོར་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་ཁུར་བྱེད་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐོབ་ཡོད་ལ། ཉམས་མྱོང་བཟང་པོ་མང་པོ་བསགས་ཡོད། ཀྲུང་གོ་ནི་སྒྱུར་བཅོས་ཟབ་གཏོང་དང་སྒོ་མོ་རྒྱ་ཆེར་འབྱེད་པའི་དཔེ་མཚོན་ཞིག་རེད” ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དྲུང་ཆེ་ཟུར་པ་ཨུ་ཟ་བྷེ་ཁི་སི་ཐན་གྱི་ཕྱི་འབྲེལ་པུའུ་ཀྲང་ཟུར་པ་ཧྥོ་ལཱ་ཅི་སྨིར·ནུའོ་ལོའུ་ཧྥུའུ་ཡིས་ཉིན་ཤས་གོང་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། ཀྲུང་གོས་ཆུ་ཚད་མཐོ་བའི་སྒོ་དབྱེར་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་མཐའ་འཁྱོངས་བཏང་བས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་བརྟན་པོའི་ངང་མདུན་དུ་སྐྱོད་བཞིན་ཡོད། ཀྲུང་གོར་འཕེལ་རྒྱས་དེ་བས་ལེགས་པོ་ཡོང་བའི་ཡིད་ཆེས་ཡོད་ལ། ས་ཁུལ་དང་འཛམ་གླིང་དཔལ་འབྱོར་འཕེལ་རྒྱས་ལ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་བརྗོད།

    ནུའོ་ལོའུ་ཧྥུའུ་ཡིས་ཡུན་རིང་ཀྲུང་གོའི་འཕེལ་རྒྱས་ལ་དོ་ཁུར་བྱེད་པ་མ་ཟད། ཀྲུང་གོར་འཚམས་འདྲི་ཐེངས་མང་བྱས་ཡོད། “ཀྲུང་གོས་སྒྱུར་བཅོས་སྒོ་དབྱེ་བྱེད་རིང་གོམ་པ་རིམ་བགྲོད་དང་སྔོན་ལ་ཚོད་ལྟ་དང་རྗེས་ལ་ཁྱབ་གདལ་གཏོང་སྟངས་སྤྱད་ཡོད། དེ་ཀྲུང་གོའི་རྒྱལ་བབ་དང་ཧ་ཅང་འཚམ་ལ་ཀྲུང་གོའི་ཁྱད་ཆོས་ཀྱང་ལྡན་ཡོད་པས། ཉམས་མྱོང་འདི་ཕྱོགས་སྡོམ་བྱེད་རིན་ཡོད” ཁོང་གིས་སྒྱུར་བཅོས་སྒོ་དབྱེ་བྱས་རྗེས། ཀྲུང་གོ་འཆར་གཞིའི་དཔལ་འབྱོར་ལམ་ལུགས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་ལམ་ལུགས་ལ་བདེ་བླག་ངང་འགྱུར་ལྡོག་བྱུང་ཡོད། འཕེལ་རྒྱས་ཀྱི་མི་མངོན་པའི་ནུས་པ་གང་ལེགས་བཏོན་པས་འཛམ་གླིང་གི་དཔལ་འབྱོར་དངོས་ཚན་ཨང་གཉིས་པར་གྱུར་ཏེ་2022ལོར་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་121ཟིན་ཡོད། མཚོ་འགྲམ་གྲོང་ཁྱེར་ཡིན་ནའང་འདྲ། ཡང་ན་སྐམ་སའི་ནང་ཁུལ་གྱི་གྲོང་ཁྱེར་ཡིན་རུང་ཚང་མར་འཕོ་འགྱུར་ཧ་ཅང་ཆེན་པོ་བྱུང་ཡོད་ཅེས་བརྗོད། “གྲུབ་འབྲས་དེ་དག་ལས་འཛམ་གླིང་ལ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ནི་ཡང་དག་པ་ཞིག་ཡིན་པ་མངོན་ནས། རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་རང་ངོས་འཕེལ་རྒྱས་ཀྱི་འགྲོ་ལམ་འཚོལ་ཞིབ་བྱེད་པར་མིག་དཔེ་བཏོད་ཡོད”

    “ཀྲུང་གོར་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན། གྲོང་གསེབ་ཀྱི་མི་འབོར་དབུལ་པོ་དུང་ཕྱུར་7.7དབུལ་པོའི་གནས་ལས་བསྒྲལ་ཏེ་མིའི་རིགས་ཀྱི་ལོ་རྒྱུས་ཐོག་གི་ངོ་མཚར་བཏོད་ཡོད” ནུའོ་ལོའུ་ཧྥུའུ་ཡིས་ཀྲུང་གོས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་སྤྱི་ཚོགས་ཀྱི་འགན་ལེན་ལ་མཐོང་ཆེན་བྱས་ཡོད། དེར་བསྟུན་མཁས་རང་བཞིན་ཆེན་པོ་ལྡན་པས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ལེགས་ཆ་ཆེན་པོ་མངོན་གྱི་ཡོད་ཅེས་བརྗོད། ནུའོ་ལོའུ་ཧྥུའུ་ཡིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དྲུང་ཆེའི་འགན་བཞེས་རིང་། ཀྲུང་གོའི་གྲོང་ཁྱེར་20ལྷག་ཙམ་ལ་འཚམས་འདྲི་བྱེད་མྱོང་ཡོད་པས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ས་གནས་ཁག་གི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པར་འགྱུར་ལྡོག་མངོན་གསལ་དོད་པོ་བྱུང་བར་དཔང་པོ་བྱེད་ཐུབ། ནུའོ་ལོའུ་ཧྥུའུ་ཡིས་དཔེ་དྲངས་ནས་བརྗོད་དོན། དེ་སྔ་ཀུའེ་ཀྲོའུ་ནི་ཀྲུང་གོའི་མི་འབོར་དབུལ་པོ་མང་ཤོས་ཀྱི་ཞིང་ཆེན་ཞིག་རེད། ད་ཆ་དབུལ་པོའི་གནས་ལས་བསྒྲལ་བ་མ་ཟད། ཀྲུང་གོའི་རྒྱལ་ཁབ་ཀྱི་གྲངས་གཞི་ཆེན་པོའི་ཕྱོགས་བསྡུས་ཚོད་ལྟའི་ཁུལ་ཐོག་མ་སོགས་ཡོད། གྲངས་གཞིའི་ཆེན་པོའི་གློག་རྡུལ་ཆ་འཕྲིན་ཐོན་ལས་ཀྱིས་ས་གནས་དེ་གའི་དཔལ་འབྱོར་དབྱར་མཚོ་རྒྱས་པ་བཞིན་འཕེལ་རྒྱས་འགྲོ་བར་སྐུལ་ཁྲིད་བྱེད་བཞིན་ཡོད། ནུའོ་ལོའུ་ཧྥུའུ་ཡིས་ཀུའེ་ཀྲོའུ་ཞིང་ཆེན་ཆན་ཤིས་གྲོང་ཁྱེར་ཧྭ་ཨུ་གྲོང་ཚོར་ལྟ་སྐོར་བྱེད་སྐབས། ས་གནས་དེ་གའི་དམངས་ཚོགས་ཞིང་ལས་ཐོན་ཟོག་ལས་སྣོན་དང་། ཐུམ་སྒྲིལ། དྲ་རྒྱར་འཚོང་བ་སོགས་ཀྱི་ལས་ཀ་བྱེད་ཀྱི་ཡོད་པས་འཚོ་བའི་ཆུ་ཚད་ཧ་ཅང་ལེགས་སུ་ཕྱིན་པ་མཐོང་ཡོད།

    ནུའོ་ལོའུ་ཧྥུའུ་ཡིས། ཀྲུང་གོས་རང་ངོས་འཕེལ་རྒྱས་གཏོང་བ་དང་དུས་མཚུངས་ད་དུང་སྒོ་དབྱེ་མཉམ་ལས་དང་གཉིས་ཁེ་གཉིས་ཕན་ལ་སྐུལ་འདེད་གཏོང་བཞིན་ཡོད། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ནི་དཔེ་མཚོན་ཡག་ཤོས་ཤིག་རེད། གྲོས་འགོ་དེས་འཕེལ་རྒྱས་ཀྱི་གནད་དོན་ལ་དམིགས་ནས་རྨང་གཞིའི་སྒྲིག་བཀོད་དང་ཕན་ཚུན་སྦྲེལ་མཐུད་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། རྒྱལ་སྤྱིའི་མཉམ་ལས་ཀྱི་ལས་སྟེགས་གལ་ཆེན་ཞིག་བསྐྲུན་ཡོད། དེའི་ནང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཞུགས་ཡོད་པ་མ་ཟད། ཕན་པ་ཆེན་པོ་ཡང་འཐོབ་པའི་ངོས་འཛིན་བྱེད་ཀྱི་ཡོད། ནུའོ་ལོའུ་ཧྥུའུ་ཡིས་གནའ་བོའི་དར་གོས་ལམ་བུས་ཚོང་ཟོག་དང་མི་འགྲོ་འོང་ལ་སྐུལ་འདེད་བཏང་ཡོད། ད་ཆ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱིས་འཕེལ་རྒྱས་དང་དར་རྒྱས་ཀྱི་གོ་སྐབས་དེ་བས་མང་བ་བསྐྲུན་པ་དང་། དེས་སྲུང་སྐྱོབ་རིང་ལུགས་དང་ཕྱོགས་རྐྱང་རིང་ལུགས་བཀག་འགོག་དང་མི་ཆོས་རིག་གནས་སྤེལ་རེས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ནུས་པ་གལ་ཆེན་ཐོན་ཡོད། 2030ལོར་སླེབས་སྐབས་ཀྲུང་གོར་རིམ་རྩིས་བྱས་ན། ཚོང་ཟོག་གི་ནང་འདྲེན་དངུལ་འབོར་ཨ་སྒོར་དུང་ཕྱུར་ཁྲི་22ཡན་ཟིན་རེ་ཡོད། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་ལག་ལེན་གྱི་འཕེལ་རིམ་ལས། སྒོ་ཇི་ཙམ་ཕྱེ་ན་དེ་ཙམ་གྱིས་ཕྱོགས་ཁག་ལ་ཕན་པ་འཐོབ་པ་གསལ་བཤད་བྱས་ཡོད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།