དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ལག་གདང་སྦྲེལ་ནས་གནམ་གཤིས་ཀྱི་འགྱུར་ལྡོག་ལ་ཁ་གཏད་གཅོག་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་བ”

    ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་གནམ་གཤིས་ཀྱི་འགྱུར་ ལྡོག་དང་ཁོར་ཡུག་པུའི་པུའུ་ཀྲང་མཱ་ལི་ཡ་མུར་བཅར་འདྲི་ཞུས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  རེན་ཧའོ་ཡུས། ཀྲང་ཀྲི་ཝུན། ལི་ཧུང་མེ།   |     སྤེལ་དུས།  2023-12-22

    “བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུའི་ཁྱབ་ཁོངས་སུ་ཀྲུང་གོ་འཕེལ་རྒྱས་མྱུར་པོ་བྱུང་བ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་ནུས་རྒྱུ་གཞན་སྒྱུར་ལ་སྐུལ་འདེད་ཧུར་ཐག་གཏོང་བཞིན་ཡོད། ཀྲུང་གོའི་ཁེ་ལས་མང་པོ་ཞིག་འཕེལ་རིམ་དེར་ཞུགས་ནས་རོགས་སྐྱོར་ཆེན་པོ་མཁོ་འདོན་བྱས་ཡོད” ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་གནམ་གཤིས་ཀྱི་འགྱུར་ལྡོག་དང་ཁོར་ཡུག་པུའི་པུའུ་ཀྲང་མཱ་ལི་ཡཱ་མུས་ཉེ་ཆར་འདི་ག་ཚགས་པར་གྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས། ཨ་ཀྲུང་མཛའ་གྲོགས་ཀྱི་འབྲེལ་བ་བརྟན་པ་དང་ཁྱབ་ཁོངས་ཁག་གི་མཉམ་ལས་ཀྱི་བར་མཐོངས་ཆེན་པོ་ཡོད་པས། ཕྱོགས་གཉིས་པོས་ལག་གདང་སྦྲེལ་ནས་གོ་ལ་ཧྲིལ་པོའི་གནམ་གཤིས་ཀྱི་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་ཕུལ་ཡོད་ཅེས་བརྗོད།

    《མཉམ་འབྲེལ་རྒྱལ་ཚོགས་གནམ་གཤིས་ཀྱི་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས》ཀྱི་ཆིངས་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་ཉེར་བརྒྱད་པ(COP28)ཉིན་ཤས་གོང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཏི་པའེ་རུ་མཇུག་འགྲིལ་བ་རེད། ཚོགས་ཆེན་ལ《ཕ་རི་སིའི་གྲོས་ཆོད》ཀྱི་གོ་ལ་ཧྲིལ་པོར་རྩིས་བཤེར་དང་། ཞི་ལྷོད། འཚམ་པ། མ་དངུལ། གྱོང་གུན་དང་གནོད་འཚེ་སོགས་ཀྱི་གྲོས་གཞི་མང་པོ་ཞིག་ལ“ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཐུན་མོང་ངོས་འཛིན”གྱི་གྲོས་མཐུན་ཐོག་མར་བཞག་ཡོད། མཱ་ལི་ཡ་མུས“དེ་ལས་ཕྱོགས་ཁག་གིས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ཚེ་གནམ་གཤིས་ཀྱི་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་བྱ་སྤྱོད་ལ་གྲུབ་འབྲས་དེ་བས་མང་བ་འཐོབ་སྲིད་པ་གསལ་བཤད་ཐུབ་ཡོད། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་སྲུང་སྐྱོང་ནས་ནུས་རྒྱུ་གཙང་མ་འཕེལ་རྒྱས་གཏོང་བའི་བར་ཀྲུང་གོས་དཔྱད་གཞིར་བཟུང་ཆོག་པའི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་མང་པོ་བསགས་ཡོད། ཨ་ཀྲུང་རྒྱལ་ཁབ་གཉིས་པོས་ལག་གདང་སྦྲེལ་ནས་གནམ་གཤིས་ཀྱི་འགྱུར་ལྡོག་ལ་ཁ་གཏད་གཅོག་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་བའི་རེ་བ་ཡོད་ཅེས་བརྗོད།

    མཱ་ལི་ཡ་མུས་ཀྲུང་གོའི་ས་ཁོངས་རྒྱ་ཆེ་བ་དང་། སྐྱེ་ཁམས་སྣ་ཁ་ཕུན་སུམ་ཚོགས་པ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ཐད་དགེ་མཚན་ལྡན་པའི་ཉམས་མྱོང་མང་པོ་བསགས་ཡོད་ལ། ལྷག་པར་དུ་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ཁྱབ་ཁོངས་ཐད་གྲུབ་འབྲས་གལ་ཆེན་མང་པོ་ཐོབ་ཡོད་ཅེས་བརྗོད་ཅིང་། མཱ་ལི་ཡ་མུས་ཀྲུང་གོའི་བྱ་སྤྱོད་དང་ཀྲུང་གོའི་ཇུས་གཞིས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱེད་པའི་གོ་ལ་ཧྲིལ་པོའི་འཕེལ་རིམ་ལ་སྐུལ་འདེད་གཏོང་བར་རམ་འདེགས་བྱེད་བཞིན་ཡོད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།