དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ལི་པི་ཡའི་ཕྱོགས་ཁག་གིས་རང་ཉིད་ཀྱི་རྒྱལ་བབ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་འཚོལ་བར་རོགས་རམ་བྱེད་པའི་རེ་འབོད་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-12-22

    ཤིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་གློག་འཕྲིན་འབྱོར་གསལ། ཚེས་18ཉིན་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་འཐུས་མི་གཞོན་པ་ཏའེ་པིང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ལི་པི་ཡའི་ཕྱོགས་ཁག་གིས་རང་ཉིད་ཀྱི་རྒྱལ་བབ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་འཚོལ་བར་རོགས་རམ་བྱེད་པའི་རེ་འབོད་བྱས་པ་རེད།

    ཏའེ་པིང་གིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལི་པི་ཡའི་གནད་དོན་གྱི་ཡོངས་བསྒྲགས་ཚོགས་འདུར་ལི་པི་ཡའི་གནད་དོན་ད་བར་ཐག་གཅོད་མ་ཐུབ་པར་འགྱངས་ནས་ཆབ་སྲིད་ཀྱི་འཕེལ་རིམ་མུ་མཐུད་ཇེ་སྡུག་ཏུ་སོང་བར་བསམ་བློ་ཞིབ་ཕྲ་གཏོང་དགོས་པ་ཞིག་འདུག ཕྱི་རོལ་གྱིས་ཐག་གཅོད་བྱེད་ཐབས་ལ་ཐེ་ཇུས་བྱས་པ་དང་འགོག་རྐྱེན་བཟོས་པས་ཞི་བདེ་བརྟན་ལྷིང་ཡོང་ཐབས་བྲལ་བ་ཞིག་རེད། ཐབས་ཤེས་ཡག་ཤོས་ཤིག་ནི་ལི་པི་ཡའི་བདག་དབང་དང་གཙོ་ཁྲིད་དབང་ཆར་བརྩི་འཇོག་བྱས་ནས་ལི་པི་ཡའི་ཕྱོགས་ཁག་གིས་རང་ཉིད་ཀྱི་རྒྱལ་བབ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་འཚོལ་བར་རོགས་རམ་བྱེད་དགོས། ལི་པི་ཡར་རོགས་རམ་བྱེད་པར་བཏང་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་མངགས་ཚོགས་པས་གྲོས་མོལ་ལ་མུ་མཐུད་སྐུལ་འདེད་གཏོང་བར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱེད་པ་མ་ཟད། ཕྱོགས་ཁག་གི་ལུགས་མཐུན་གྱི་དོ་ཁུར་ལ་རྒྱབ་སྐྱོར་བྱེད་པ་དང་དགེ་མཚན་ལྡན་པའི་ནུས་པའང་འདོན་གྱི་ཡིན་ཞེས་བརྗོད་པ་རེད།

    ཏའེ་པིང་གིས་ཉེ་བའི་དུས་སྐབས་ཤིག་རིང་ལི་པི་ཡའི་ཕྱོགས་ཁག་གིས་འདེམས་བསྐོར་དམིགས་ནས་གླེང་མོལ་བྱས་པར་ངོས་འཛིན་གཅིག་མཐུན་མི་ཉུང་བ་ཞིག་བྱུང་ཡོད། གྲུབ་འབྲས་དེ་ནི་ལས་སླ་པོར་ཐོབ་པ་ཞིག་མིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེའི་ལི་པི་ཡའི་གནད་དོན་གྱི་དམིགས་བསལ་འཐུས་མི་ཨ་པུའུ་ཏུའུ་ལ་ཡེ་·པ་ཏི་ལིས་ཉེ་དུས་ཕྱོགས་གཙོ་བོ་ཁག་ཐག་གཅོད་མ་ཐུབ་པའི་གནད་དོན་སྐོར་ལ་གྲོས་མོལ་བྱེད་པར་གདན་དྲངས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ལི་པི་ཡའི་ཕྱོགས་ཁག་གིས་གྲོས་མོལ་གྱི་གྲུབ་འབྲས་བརྟན་དུ་གཏོང་བ་དང་འགལ་ཟླ་དང་མི་མཐུན་པའི་ཆ་བསལ་ནས་ཆབ་སྲིད་ཀྱི་འཕེལ་རིམ་ལ་འཕེལ་རྒྱས་དེ་བས་ཆེན་པོ་ཡོང་བར་སྐུལ་འདེད་གཏོང་བའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།

    ཏའེ་པིང་གིས་ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་གིས་དམག་མཚམས་འཇོག་པའི་གྲོས་མཐུན་ལ་བརྩི་སྲུང་བྱས་ཏེ། “5+5”མཉམ་འབྲེལ་དམག་དོན་ཨུ་ལྷན་གྱི་གྲུབ་འབྲས་དོན་འཁྱོལ་བྱས་ནས་ལས་སླ་པོར་བྱུང་བ་ཞིག་མིན་པའི་ཞི་བདེའི་རྣམ་པ་སྲུང་སྐྱོང་བྱེད་པའི་རེ་འབོད་བྱེད་ཀྱི་ཡོད། ཕྱི་རོལ་གྱི་དྲག་ཆས་དང་གླས་དམག་བརྟན་ལ་གོ་རིམ་ལྡན་པའི་སྒོ་ནས་ལི་པི་ཡ་ནས་སྔ་ཙམ་ཕྱིར་འཐེན་བྱེད་དགོས་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།