དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ཡུལ་མི་ཚོར་ཐུག་པ་ཚ་པོ་ཞིག་ འཐུང་རྒྱུ་ཡོང་ཆེད།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-12-22

    ཟླ་12ཚེས་20ཉིན་མཚོ་སྔོན་ཞིང་ཆེན་མིན་ཧོ་རྫོང་ཀོན་ཐིང་གྲོང་རྡལ་གྱི་འཐེན་ཐུག་འཐུང་སར་ས་གནས་དེ་གའི་མང་ཚོགས་ཚོས་འཐེན་ཐུག་ཟ་བཞིན་པ།

    ཟླ་12ཚེས་20ཉིན་མཚོ་སྔོན་ཞིང་ཆེན་མིན་ཧོ་རྫོང་ཀོན་ཐིང་གྲོང་རྡལ་དུ་མཱ་ཅུན་ཧའེ(གཡོན་གྱི་གཉིས་པ)ཡིས་འཐེན་ཐུག་བཟོ་བཞིན་པ།

    ཟླ་12ཚེས་20ཉིན་མཚོ་སྔོན་ཞིང་ཆེན་མིན་ཧོ་རྫོང་ཀོན་ཐིང་གྲོང་རྡལ་གྱི་འཐེན་ཐུག་འཐུང་སར་ས་གནས་དེ་གའི་མང་ཚོགས་ཚོས་འཐེན་ཐུག་ཟ་བཞིན་པ།

    ལོ་35ལ་སླེབས་པའི་མཱ་ཅུན་ཧའེ་ནི་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་མིན་ཧོ་ཧུད་རིགས་ཧོར་རིགས་རང་སྐྱོང་རྫོང་ཀོན་ཐིང་གྲོང་རྡལ་ནས་ཡིན་ཞིང་། མཱ་ཅུན་ཧའེ་ཡིས་གཉེར་སྐྱོང་བྱེད་པའི་འཐེན་ཐུག་ཁང་དང་སོ་ཕག་དཀར་རྩི་མའི་ཚོང་ཁང་ཅི་ཧྲི་ཧྲན་རྫོང་གི་ས་ཡོམ་རིམ་པ་6.2ཀྱི་ཁྲོད་གཏོར་སྐྱོན་ཕོག་ཡོད། ས་ཡོམ་བརྒྱབ་རྗེས་མཱ་ཅུན་ཧའེ་དང་ནང་མི་ཚོས་རང་གི་གཏོར་སྐྱོན་ཕོག་པའི་རྒྱུ་དངོས་དག་རིང་དུ་བསྐྱུར་ཞིང་། འཕྲལ་དུ་ཁྱིམ་མཚེས་ཚོར་རོགས་རམ་བྱེད་པར་བྲེལ་བ་རེད།

    ཟླ་12ཚེས་20ཉིན་གྱི་ཞོགས་པ་སྔ་པོར་མཱ་ཅུན་ཧའེ་དང་ནང་མི་ཚོས་གྲོ་ཞིབ་དོ་པོ་20ཉོས་ནས། གཏོར་སྐྱོན་ཕོག་པའི་ཚོང་ཁང་གི་མདུན་དུ་ཐབ་བཙུགས་ཏེ་ཡུལ་མི་ཚོར་རིན་མེད་ངང་འཐེན་ཐུག་བཟོས་པ་རེད། འཐེན་ཐུག་འཐུང་ས་ཆུང་ཆུང་དེར་ཁྱིམ་མཚེས་དང་གཉེན་ཉེ་ཚོས་ཀྱང་རོགས་རམ་བྱེད་པར་ཡོང་བས་ལས་མི་ཇེ་མང་དུ་ཕྱིན་ཞིང་། ལ་ལས་གྲོ་ཞིབ་བརྫི་བ་དང་། ལ་ལས་ཐུག་པ་འཐེན་པ། ལ་ལས་ཐུག་པ་འཆུ་བ་སོགས་ཚང་མས་ཕྱར་བ་གྲུ་འདེགས་བྱས་པ་བརྒྱུད་ཚ་སོབ་སོབ་ཀྱི་འཐེན་ཐུག་ཡུལ་མི་ཚོར་བསྐྱལ་ཏེ་དགུན་དུས་ཀྱི་གྲང་ངར་བསལ་ནས་དྲོ་སྐྱིད་ཀྱི་ཚོར་སྣང་ཞིག་སྦྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།