དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ཆབ་མདོ་གྲོང་ཁྱེར་རི་བོ་ཆེ་རྫོང་གིས“སློབ་གྲྭར་དྲོ་སྐྱིད་སྦྱིན་པའི”རྣམ་གྲངས་ལ་བརྟེན་ནས་བུ་བཅོལ་ཁང་གི་དྲོད་གཏོང་ལས་དོན་ཡག་པོ་བསྒྲུབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-12-22

    ཉེ་ཆར། བོད་ལྗོངས་ཉི་ཤར་ཤར་ཕྱོགས་ཨ་ཁང་ནུས་རྒྱུ་གཙང་མ་ཚད་ཡོད་ཀུང་སི་དང་སི་ཅི་མུའུ་ཀོ་ཚན་རྩལ་ཚོགས་པ་ཚད་ཡོད་ཀུང་སིས་མ་དངུལ་བཏོན་པ་དང་། ཀྲུང་གོ་བུད་མེད་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ལ་ཞལ་འདེབས་ཡོང་རེ་ཞུ་བའི“སློབ་གྲྭར་དྲོ་སྐྱིད་སྦྱིན་པའི”ནུས་རྒྱུ་གཙང་མའི་དྲོད་ལེན་སྤྱི་ཕན་རྣམ་གྲངས་ཀྱི་ལས་གྲྭའི་རྩིས་སྤྲོད་མཛད་སྒོ་རི་བོ་ཆེ་རྫོང་ཁྲུང་ཆིང་བུ་བཅོལ་ཁང་དུ་གཉེར་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་གཅེས་སེམས་སྤྱི་ཕན་བྱེད་སྒོས་རི་བོ་ཆེ་རྫོང་ཁྲུང་ཆིང་བུ་བཅོལ་ཁང་ལ་སྒོར་ཁྲི་90རི་བའི་དྲོད་གཏོང་རྣམ་གྲངས་བསྐྲུན་ནས་རྩིས་སྤྲད་པ་དང་། སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་3000དང་དྲོད་གཏོང་རྒྱ་ཁྱོན་སྨི་ངོས་གྲུ་1183ཇུས་འགོད་བྱས་པས་བུ་བཅོལ་ཁང་གི་དགུན་དུས་དྲོད་ལེན་གནད་དོན་ཐག་གཅོད་ཐུབ་ཁར་བུ་བཅོལ་ཁང་གི་དགེ་སློབ་ལ་དེ་བས་ལེགས་པའི་ལས་ཀ་དང་། སློབ་སྦྱོང་། འཚོ་བ་བཅས་ཀྱི་ཁོར་ཡུག་ཡག་པོ་བསྐྲུན་པས་དགེ་སློབ་ཚོའི་ཐོབ་སྣང་དང་སྐྱིད་སྣང་དེ་བས་ཆེ་རུ་ཕྱིན་པ་རེད།

    ད་ཐེངས་ཀྱི་གཅེས་སེམས་སྤྱི་ཕན་རྣམ་གྲངས་ནི་རི་བོ་ཆེ་རྫོང་ཁྲུང་ཆིང་བུ་བཅོལ་ཁང་གི་དྲོད་ལེན་གནད་དོན་ཐག་གཅོད་བྱ་ཆེད་དོན་འཁྱོལ་བྱུང་བའི་གཅེས་སེམས་སྤྱི་ཕན་དམངས་ཕན་རྣམ་གྲངས་ཤིག་རེད་ལ། རི་བོ་ཆེ་རྫོང་དང་སྲིད་གཞུང་གི་བུད་མེད་དང་བྱིས་པའི་ལས་དོན་ཨུ་ལྷན་གྱིས་རི་བོ་ཆེ་རྫོང་གི་བུད་མེད་དང་བྱིས་པའི་བྱ་གཞག་འཕེལ་རྒྱས་དོན་འཁྱོལ་ཧུར་ཐག་དང་དེར་སྐུལ་འདེད་གཏོང་བའི་དྲོ་སྐྱིད་སྦྱིན་པའི་བྱེད་ཐབས་ཤིག་ཀྱང་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།