དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མཛོ་སྒང་རྫོང་གིས་རིག་གནས་ཀྱི་མཁྲེགས་ཆས་འཐུས་སྒོ་ཚང་དུ་བཏང་ནས་འཚོ་བར་སླར་ཡང་བཀྲག་མདངས་བསྣན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-12-22

    ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་གིས་དཔལ་འབྱོར་འཕེལ་རྒྱས་བརྟན་པོ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་ཆབས་ཅིག རིག་གནས་འཕེལ་རྒྱས་ཆེན་པོ་དང་དར་རྒྱས་ཆེན་པོ་ཡང་ཟམ་མི་ཆད་པར་ཟབ་ཏུ་བཏང་བས། རིག་གནས་དང་རིག་གནས་བྱེད་སྒོར་འཛིན་པའི་གཞི་རིམ་མང་ཚོགས་ཀྱི་ངོས་འཛིན་ལ་ངོ་བོའི་ཐོག་ནས་འགྱུར་ལྡོག་བྱུང་སྟེ་སྔོན་ཆད་ལྟད་མོ་བ་ཁོ་ན་ནས་ད་ཆ་མི་ཚང་མ་གར་སྟེགས་སུ་འཛེགས་ནས་འཁྲབ་སྟོན་བྱེད་པའི་བར་རིམ་བཞིན་འགྱུར་ལྡོག་བྱུང་ཡོད།

    མཛོ་སྒང་རྫོང་གིས་ཤེས་དཔལ་ལག་ལེན་ལྟེ་གནས་འཛུགས་སྐྲུན་གྱི་ཐེབས་རྩ་ཟམ་མི་ཆད་པར་མང་དུ་བཏང་ཞིང་། 2022ལོར་མཛོ་སྒང་རྫོང་གིས་ཐེན་ལུའུ་ཆང་ལས་དང་། ཆོན་ཀྲོའུ་གྲོང་ཁྱེར་ཤང་ཧོ་ཇ་ལས་ཚད་ཡོད་ཀུང་སི་སོགས་གཅེས་སེམས་ཁེ་ལས་དང་འབྲེལ་མཐུད་ཧུར་ཐག་བྱས་ནས་ཞལ་འདེབས་སྒོར་ཁྲི་4རག་པ་དང་། བོད་སྐྱོར་ལས་དོན་རུ་ཁག་ནས་སྒོར་ཁྲི་100བརྩོན་ལེན་བྱས་ཏེ་ཤེས་དཔལ་ལག་ལེན་གྱི་དཔེ་སྟོན་ས་ཚིགས་འཛུགས་སྐྲུན་ཐད་སྤྱད་པ། ཞ་མོན་ཅི་མེ་དྲིལ་བསྒྲགས་པུའི་གཅེས་སེམས་ཚན་པའི་ས་ནས་མ་དངུལ་སྒོར་ཁྲི་30བརྩོན་ལེན་བྱས་ཏེ་མཛོ་སྒང་རྫོང་གི་བསམ་པའི་དཔལ་ཡོན་སྲོལ་གཏོད་ལ་སྤྱད་པ་རེད།

    དེ་དང་ཆབས་ཅིག མཛོ་སྒང་རྫོང་གིས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་ཟམ་མི་ཆད་པར་བྱས་ནས་རྫོང་གི་སྤྱི་པའི་དཔེ་དེབ་ཁང་དང་ཕྱོགས་བཞི་འཆམ་མཐུན་གྲོང་གསར་སོགས་ས་ཚིགས་10དཔེ་སྟོན་ས་ཚིགས་སུ་བྱས་ཏེ་འཐབ་ས་སྒྱུར་བཀོད་རིམ་སྤོར་བྱས་པ་བརྒྱུད། དཔེ་སྟོན་ས་ཚིགས་ཀྱི་ཞབས་ཞུའི་ནུས་པ་ཆེ་རུ་བཏང་བ་རེད། རྒྱལ་ལམ་318ལམ་རྒྱུད་ཀྱི་ཐེམ་ཐོག་གྲོང་རྡལ་ཡར་གྲོང་བདེ་སྐྱིད་གྲོང་གསར་གྱི་ས་མཐོའི་ཏང་གི་སློབ་གྲྭས་ས་གནས་དེ་གའི་མང་ཚོགས་དང་འགྲོ་འོང་བྱེད་མཁན་ཡུལ་སྐོར་བར་ས་ཁོངས་ཀྱི་ཁྱད་ཆོས་མངོན་གསལ་དོད་པའི་ཏང་གཤིས་སློབ་གསོའི་རྟེན་གཞི་མཁོ་འདོན་བྱས་པ་དང་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་མཛོ་སྒང་གི་དཔེ་མཚོན་གྱི་ས་གནས་ས་ཐོག་གི་སློབ་ཁྲིད་ས་ཚིགས་བཀོད་སྒྲིག་བྱས་ཏེ་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཁྲིད་སྟོན་བྱས་ཡོད། གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་དང་གྲོང་གསེབ་དར་རྒྱས་གཏོང་རོགས་བྱས་ཏེ་ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་སློབ་ཚན་བཀོད་སྒྲིག་གིས་གླིང་ཁ་དབུས་ཤང་གི་ལག་ལེན་ཁང་དུ་ཤང་དེ་རང་གི་རྒུན་འབྲུམ་འདེབས་འཛུགས་ཀྱི་ལེགས་ཆར་གཞིགས་ནས། རྒུན་འབྲུམ་གྱི་ཚན་རིག་ཁྱབ་གདལ་ཤེས་དཔལ་ལག་ལེན་བྱེད་སྒོ་ཤུགས་ཆེན་སྤེལ་བ་མ་ཟད། སྟོབས་འབར་ཤང་ལག་ལེན་སུའོ་ཡིས་ཇ་རྟའི་རིག་གནས་རྒྱུན་འཛིན་གྱི་ཤེས་དཔལ་ལག་ལེན་བྱེད་སྒོ་ཡང་སྤེལ་བ་རེད། དེས་མ་ཚད་མཛོ་སྒང་རྫོང་གིས་དམིགས་སའི་རང་བཞིན་ལྡན་པའི“རིགས་པའི་གཞུང་ལུགས་དང་སྲིད་ཇུས་སྒྲོག་འགྲེལ་དང་བླངས་ཞབས་ཞུའི་རུ་ཁག”དང་། “རིག་གནས་རིག་རྩལ་དང་བླངས་ཞབས་ཞུའི་རུ་ཁག” “ལམ་ཐིག་མཛེས་ཤོས་318ཀྱི་དང་བླངས་ཞབས་ཞུའི་རུ་ཁག”སོཌ་ཆེད་ལས་དང་བླངས་ཞབས་ཞུའི་རུ་ཁག་16བཙུགས་པ་མ་ཟད། སྔ་རྗེས་སུ“མི་སེམས་ལ་དྲོ་སྐྱིད་སྦྱིན”དང་། “རི་ཀླུང་བརྒལ་ནས་རེ་བ་མཉམ་དུ་གཏོད”སོགས“སྐལ་བཟང་མེ་ཏོག”གི་རིམ་སྤེལ་དང་བླངས་ཞབས་ཞུའི་བྱེད་སྒོ་10ཇུས་འགོད་ལག་བསྟར་བྱས་པ་དང་། གཅེས་སེམས་ཁེ་ལས་10ལྷག་ཙམ་གྱིས་གཅེས་སེམས་ཕུལ་ནས་མ་དངུལ་སྒོར་ཁྲི་1000ལྷག་ཙམ་དོན་འཁྱོལ་བྱས་ཡོད།

    གོམ་སྟབས་རྗེས་མར། མཛོ་སྒང་རྫོང་གིས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས(སུའོ་དང་ས་ཚིགས)ལ་བརྟེན་ནས་ད་ཡོད་ཀྱི་སྒྲིག་ཆས་ཆ་རྐྱེན་སྤྱད་དེ་ཅུང་ཁེར་རྐྱང་གི་ས་ཁོངས་དབྱེ་ནས་ཀུན་སྤྱོད་རིགས་དང་། རིག་རྩལ་རིགས། ལུས་རྩལ་རིགས། ཚན་རིག་ཁྱབ་གདལ་རིགས་བཅས་ཀྱི་བྱེད་སྒོའི་ཡོ་བྱད་བཀོད་སྒྲིག་བྱས་ཏེ་གྲོང་གསེབ་ཀྱི“བསྐྱར་དར་ན་ཆུང་ཕོ་བྲང”བསྐྲུན་ནས། དང་བླངས་པས་དུས་བཀག་བཞིན་ཟུར་ཁྲིད་བྱས་ཏེ་ཞིང་འབྲོག་ཁུལ་གྱི་ལོ་ཆུང་བྱིས་པའི་སློབ་གསེང་སློབ་སྦྱོང་དང་ལག་ལེན་བྱེད་སྒོའི་གནས་གལ་ཆེན་ཞིག་ཏུ་འགྱུར་བར་བྱ་རྒྱུ་རེད། དེ་དང་ཆབས་ཅིག་རྒྱལ་ལམ་318དང་གཡུ་ཆུ་ལྟེ་བར་བྱས་ནས་དང་བླངས་པ་སྒྲིག་འཛུགས་བྱས་ཏེ་གཡུ་ཆུ་དང་318ལམ་རྒྱུད་ཀྱི་གད་སྙིགས་གཙང་སེལ་བྱས་ནས་ལམ་ཐིག་མཛེས་ཤོས་318ཀྱི་ཤེས་དཔལ་ལག་ལེན་བྱེད་སྒོའི་ལམ་ཐིག་ཅིག་ཏུ་ཆགས་པར་བྱ་རྩིས་ཡོད་པ་དང་། རྒྱལ་མོ་རྔུལ་ཆུའི་ངོགས་ལྟེ་བར་བྱས་ཏེ་ཇ་རྟའི་ལོ་རྒྱུས་རིག་གནས་རྒྱུན་འཛིན་བྱ་རྒྱུ་གཙོ་བོར་བྱེད་པའི་ཤེས་དཔལ་ལག་ལེན་གྱི་ལམ་ཐིག་ཅིག་ཆགས་པར་བྱས་ནས་རིག་གནས་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་འཐུས་སྒོ་ཚང་དུ་རྒྱུན་ཆད་མེད་པར་གཏོང་རྒྱུ་རེད།རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།