དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • འཕྱོངས་རྒྱས་རྫོང་གིས“ཤ་ཚལ་སྒོང”གསུམ་གྱི་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-12-22

    ཁག་གཉིས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན། ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་གིས“ཤ་ཚལ་སྒོང་གསུམ”གྱི་རྟེན་གཞིའི་ཕན་འབྲས་མངོན་གསལ་དོད་པོ་མེད་པའི་གནད་དོན་ལ་དམིགས་ནས། སྒྲིག་ཆས་ཀྱི་ཞན་ཆ་གསབ་པ་དང་། ཐོན་རྫས་ཀྱི་རིན་ཐང་མཐོ་རུ་གཏོང་བ། ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་སོགས་ཀྱི་བྱ་ཐབས་སྤྱད་དེ“རྫོང་རེར་ཐོན་ལས་རེའི”གཙོ་ཁྲིད་ཐོན་ལས་ཟམ་མི་ཆད་པར་སྐྱེད་སྲིང་དང་སྟོབས་ཆེར་བཏང་ནས་ས་མཐོའི་དེང་རབས་ཞིང་ལས་ཀྱི་དཔེ་སྟོན་ནུས་ཤུགས་ཡོད་རྒུས་བཏོད་པ་རེད།

    འཕྱོངས་རྒྱས་རྫོང་གིས་ས་བབ་ཀྱི་ལེགས་ཆར་བརྟེན་ནས་འདེབས་འཛུགས་དང་། ཐུམ་སྒྲིལ། ཉར་ཚགས། གྲང་འདྲེན་ཟོག་འགྲེམས། བྲིན་ཚོང་སོགས་གཞི་གཅིག་ཅན་གྱི་ཐོན་ལས་འཁོར་འབྲེལ་ཧྲིལ་པོ་ཧུར་ཐག་བཙུགས་ཏེ། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་འགག་གནད་དང་དཀའ་གནད་སེལ་བར་མུ་མཐུད་ཤུགས་སྣོན་རྒྱག་པ་དང་། “ཤ་ཚལ་སྒོང་གསུམ”གྱི་དུས་ཐེངས་གཉིས་པའི་ཐོན་ལས་རིམ་སྤོར་རྣམ་གྲངས་ལག་ལེན་བསྟར་ནས་སྒྲིག་བཀོད་ཞིང་ལས་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་9.76གསར་དུ་བསྣན་པ་དང་། “ཤ་ཚལ་སྒོང་གསུམ”གྱི་དུས་ཐེངས་དང་པོའི་དྲོད་ཁང་སྒྱུར་བཀོད་རྣམ་གྲངས་དང“ཤ་ཚལ་སྒོང་གསུམ”གྱི་དུས་ཐེངས་གཉིས་པའི་སྨུག་རླངས་རྩི་ཤིང་སྲུང་སྐྱོང་རྣམ་གྲངས་ལ་སྐུལ་འདེད་བརྟན་པོ་བཏང་བ། ཨན་ཧུའེ་ཞིང་ཆེན་གྱི་སྣེ་འདྲེན་ཁེ་ལས་ཀྱི་སྔོན་ཐོན་འདེབས་འཛུགས་ལག་རྩལ་དང་གཉེར་སྐྱོང་དོ་དམ་ཉམས་མྱོང་དཔྱད་གཞིར་གང་ལེགས་བཟུང་ནས། འཕྱོངས་རྒྱས་རྫོང་གི“ཤ་ཚལ་སྒོང་གསུམ”གྱི་རྟེན་གཞིར་བཟོ་ལས་ཅན་གྱི་མྱུག་གསོ་དང་། ལེགས་བསྡུས་ཞིབ་གཉེར་ཅན་གྱི་འདེབས་འཛུགས། རིག་ནུས་ཅན་གྱི་དོ་དམ་བཅས་ཁྱབ་གདལ་དང་། སྤྱི་གནོད་མེད་པའི་སྔོ་ཚལ་འདེབས་འཛུགས་དང་ས་མེད་འདེབས་ལས་སོགས་ལག་རྩལ་གསར་པ་ཁྱབ་གདལ། རྒྱལ་ཁབ་ཕྱི་ནང་གི་སྤུས་ལེགས་ཤིང་འབྲས་དང་སྔོ་ཚལ་སྣ་ཁ་14ལེགས་འདེམས་ནང་འདྲེན་བཅས་བྱས་པས་ཐོན་ལས་ཀྱི་ཕན་འབྲས་ཆེ་རུ་ནུས་ལྡན་ཕྱིན་ཡོད་པ་རེད།

    འཕྱོངས་རྒྱས་རྫོང་གིས་ད་དུང་ཨན་ཧུའེ་ཞིང་ཆེན་གྱི་གཙོ་གནད་ཞིང་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་གདན་དྲངས་ནས། དེའི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་པ་དང་། ཐོན་ལས་འཕེལ་རྒྱས་ལག་ལེན་ཁྲོད་ཞིང་འབྲོག་མང་ཚོགས་ཚོས་ཤིང་འབྲས་དང་སྔོ་ཚལ་འདེབས་འཛུགས་ལག་རྩལ་སློབ་སྦྱོང་དང་དོ་དམ་ཉམས་མྱོང་གསོག་འཇོག་ལ་ཁྲིད་སྟོན་བྱས་ཤིང་། རིག་གནས་ཡོད་པ་དང་། ལག་རྩལ་ཤེས་པ། གཉེར་སྐྱོང་མཁས་པ། དོ་དམ་མཁས་པ་བཅས་ཀྱི་ཞིང་པ་གསར་པ་ཁག་གཅིག་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ་རེད། ལས་གནས་བརྟན་གཏོང་དང་དཀའ་ངལ་སེལ་བའི་སྲིད་ཇུས་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། “ཤ་ཚལ་སྒོང་གསུམ”གྱི་རྟེན་གཞིས་ལས་མི་བཀོལ་སྤྱོད་ཐབས་ལམ་རྒྱ་སྐྱེད་ཧུར་ཐག་གཏོང་བར་སྐུལ་འདེད། ལས་མི་བཀོལ་སྤྱོད་བྱེད་སྟངས་ཚད་ལྡན་དུ་གཏོང་བ། ལས་མི་བཀོལ་སྤྱོད་བྱེད་རྒྱ་ཆེ་རུ་གཏོང་བ། ས་གནས་དེ་གའི་ངལ་རྩོལ་ནུས་ཤུགས་བསྡུ་ལེན་གྱིས་ཐག་ཉེ་ས་དང་སྟབས་བདེ་སར་ལས་ཞུགས་ཐུབ་པ་བཅས་བྱས་ཏེ་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱས་པ་

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།