དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་གྱི་འོད་སྟོང་འཕྲོ་བའི་མདུན་ལམ་ལ་ཡིད་ཆེས་ཀྱིས་ཁེངས་པ”

    —— ཨུ་རུ་སུའི་གྲོས་ཁང་འོག་མའི་ཀྲུའུ་ཞི་གཞོན་པ་དང་པོ་མའེ་ལི་ཉི་ཁོ་ཧྥུའུ་ལ་བཅར་འདྲི་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     རྩོམ་པ་པོ།  ཤའོ་ཤིན་ཤིན།   |     སྤེལ་དུས།  2023-12-21

    “‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་ལས་རྒྱལ་ཁབ་ཁག་མཉམ་སྦྲེལ་མཉམ་མཐུད་དང་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་ཆེན་པོ་ཐེབས་ནས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་བྱ་གཞག་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད” ཉེ་ཆར། ཨུ་རུ་སུའི་གྲོས་ཁང་འོག་མའི་ཀྲུའུ་ཞི་གཞོན་པ་དང་པོ་དང་ཨུ་ཀྲུང་མཛའ་གྲོགས་མཐུན་ཚོགས་ཀྱི་ཀྲུའུ་ཞི་དབྱི་དབན·མའེ་ལི་ཉི་ཁོ་ཧྥུའུ་ཡིས་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གཏིང་ཟབ་དང་ཏན་ཏིག་བྱེད་པ་དང་བསྟུན་ནས་གཉིས་ཁེ་མཉམ་ལས་ཀྱི་རྣམ་གྲངས་དེ་བས་མང་པོ་མཉམ་སྐྲུན་རྒྱལ་ཁབ་ཏུ་རྩ་བ་བརྟན་པོ་ཚུགས་ནས་འབྲས་བུ་སྨིན་ཏེ། ཕྱོགས་ཁག་གིས་འཕེལ་རྒྱས་ཀྱི་གོ་སྐབས་དང་གྲུབ་འབྲས་མཉམ་སྤྱོད་བྱེད་པར་སྐུལ་མ་ཐེབས་ཡོད་ཅེས་བརྗོད་པ་རེད།

    མའེ་ལི་ཉི་ཁོ་ཧྥུའུ་ཡིས་ལོ་10ཡི་རིང་འཛམ་གླིང་གིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་ཐོབ་པའི་གྲུབ་འབྲས་ཆེན་པོར་བདེན་དཔང་བྱས་ཡོད། རྒྱལ་ཁབ་150ལྷག་ཙམ་དང་རྒྱལ་སྤྱིའི་རྩ་འཛུགས་30ལྷག་ཙམ་གྱིས་ཀྲུང་གོ་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་ཡིག་ཆར་མིང་རྟགས་བཀོད་ཡོད། ཕྱོགས་ཁག་གིས་ལག་གདང་སྦྲེལ་ནས་འབད་བརྩོན་བྱས་པ་བརྒྱུད“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལས་གོ་ལ་ཧྲིལ་པོར་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་ཕྱིན་ནས་མཉམ་སྐྲུན་རྒྱལ་ཁབ་ཀྱི་དམངས་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་ཆེ་རུ་ནུས་ལྡན་ཕྱིན་ཡོད་ཅེས་བརྗོད་པ་རེད།

    “དགའ་བསུ་ཆེན་པོ་ཐོབ་པའི་རྒྱལ་སྤྱིའི་སྤྱི་པའི་ཐོན་རྫས་ཤིག་ཡིན་པའི་ངོས་ནས‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་བྱེད་པ་དེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་གསོན་ཉམས་དོད་པའི་ལག་ལེན་ཞིག་ཏུ་གྱུར་ཡོད” མའེ་ལི་ཉི་ཁོ་ཧྥུའུ་ཡིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པར་མཉམ་གྲོས་དང་། མཉམ་སྐྲུན། མཉམ་སྤྱོད་བཅས་ཀྱི་རྩ་དོན་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་དང་ཕྱོགས་མང་རིང་ལུགས་དངོས་ལག་ལེན་བསྟར་བ་ལས་ཆབ་སྲིད་ཀྱི་ཆ་རྐྱེན་གང་ཡང་མི་འདོན་པ་དང་ཆབ་སྲིད་ཀྱི་སྒེར་ཕན་གང་ཡང་མི་གཉེར་བར་རྒྱལ་ཁབ་ཁག་ལྷག་བསམ་ཟོལ་མེད་ཀྱིས་འདྲ་མཉམ་གྱི་རོགས་ཟླར་བརྩིས་ནས་གཉིས་ཁེ་གཉིས་ཕན་གྱི་མཉམ་ལས་རྒྱ་ཆེར་བཏང་ཡོད། མཉམ་གྲོས་དང་། མཉམ་སྐྲུན། མཉམ་སྤྱོད་སོགས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་ལྟེ་བའི་འདུ་ཤེས་དེ་མཉམ་འབྲེལ་རྒྱལ་ཚོགས་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་སོགས་རྒྱལ་སྤྱིའི་རྩ་འཛུགས་དང་ལམ་སྲོལ་གྱི་ཡིག་ཆ་གལ་ཆེན་ནང་བཀོད་པས་འཛམ་གླིང་གི་ཚད་མཐོའི་གདེང་འཇོག་དང་རྒྱབ་སྐྱོར་ཆེན་པོ་ཐོབ་ཡོད་ཅེས་བརྗོད།

    མའེ་ལི་ཉི་ཁོ་ཧྥུའུ་ཡིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལས་སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་བསྐྲུན་པར་སྐུལ་འདེད་ཧུར་ཐག་བཏང་བས་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་བདེ་རྩ་དེ་བས་ཆེ་རུ་འགྲོ་བར་ཕན་ཐོགས་ཡོད་པ་དང་། གོ་ལ་ཧྲིལ་པོའི་དཔལ་འབྱོར་མ་ལག་ནང་དེ་བས་མཉམ་འདྲེས་ཐུབ་པར་ཕན་ཐོགས་ཡོད་པ། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་གྱི་གྲུབ་འབྲས་དེ་བས་མཉམ་སྤྱོད་ཡོང་བར་ཕན་ཐོགས་ཡོད་པ་བཅས་ཀྱི་ངོས་འཛིན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།