དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཡོ་རོབ་དང་ཀྲུང་གོས་མི་ཆོས་རིག་གནས་སྤེལ་རེས་ལ་ཤུགས་སྣོན་རྒྱག་པའི་ཐད་མདུན་ལམ་ཆེན་པོ་ལྡན་པ།

    —— སི་ཕེན་གྱི“ཀྲུང་གོ་ཤེས་རྟོགས་བྱེད་པའི་སློབ་ཁང”གི་མཚན་འཛིན་ཀྲུའུ་ཞི་མཱ་སའེ་ལོ·མུའུ་ཉི་ཨའོ་སིར་བཅར་འདྲི་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     རྩོམ་པ་པོ།  ཧུའུ་ཅཱ་ཆི།   |     སྤེལ་དུས།  2023-12-21

    སི་ཕེན་གྱི“ཀྲུང་གོ་ཤེས་རྟོགས་བྱེད་པའི་སློབ་ཁང”གི་མཚན་འཛིན་ཀྲུའུ་ཞི་མཱ་སའེ་ལོ·མུའུ་ཉི་ཨའོ་སིས་ཉིན་ཤས་གོང་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་ཡོ་རོབ་དང་ཀྲུང་གོའི་མི་ཆོས་རིག་གནས་སྤེལ་རེས་ལ་མདུན་ལམ་ཆེན་པོ་ལྡན་པས་ཡོ་རོབ་ཕྱོགས་ཀྱིས་དངོས་སྒྲུབ་ཀྱི་རྣམ་འགྱུར་ཐོག་ནས་ཡོ་རོབ་དང་ཀྲུང་གོའི་མི་ཆོས་རིག་གནས་སྤེལ་རེས་དང་ཤེས་དཔལ་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་གཏོང་དགོས་ངེས་རེད་ཅེས་བརྗོད་པ་རེད།

    ལོ་45ཡི་རིང་། མུའུ་ཉི་ཨའོ་སིས་སི་ཕེན་དང་ཀྲུང་གོའི་ཁྱབ་ཁོངས་མང་པོའི་སྤེལ་རེས་མཉམ་ལས་དང་དེ་བཞིན་ཡོ་རོབ་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་ལ་རྒྱུན་མཐུད་ངང་དོ་ཁུར་བྱས་ནས་སི་ཕེན་དང་ཀྲུང་གོའི་མི་ཆོས་རིག་གནས་སྤེལ་རེས་ལ་སྐུལ་འདེད་གཏོང་རྒྱུར་གཞོལ་ཡོད། ཁོང་གིས་ཡོ་རོབ་མནའ་འབྲེལ་གྱིས་ཡོ་རོབ་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྔར་བས་སྐུལ་འདེད་བཏང་ནས་ཡོ་རོབ་དང་ཀྲུང་གོའི་མི་ཆོས་རིག་གནས་སྤེལ་རེས་དང་མཉམ་ལས་ལ་སྐུལ་འདེད་གཏོང་དགོས་ངེས་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།

    ཉེ་བའི་ལོ་ཤས་རིང་སི་ཕེན་དང་ཀྲུང་གོའི་མི་ཆོས་རིག་གནས་སྤེལ་རེས་ལ་ཐོབ་པའི་གྲུབ་འབྲས་སྐོར་གླེང་སྐབས། མུའུ་ཉི་ཨའོ་སིས་སི་ཕེན་དང་ཀྲུང་གོའི་མི་ཆོས་རིག་གནས་སྤེལ་རེས་སྤྱིར་ན་ཟབ་ཅིང་དགེ་མཚན་ལྡན་པ་ཞིག་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད། རྒྱལ་ཁབ་གཉིས་པོའི་མཐོ་རིམ་དབར་འགྲོ་འོང་ཟམ་མི་ཆད་པར་བྱེད་པ་དང་ས་གནས་རིམ་ངོས་ནས་སྤེལ་རེས་ཡང་ཡང་བྱེད་ཀྱི་ཡོད། ཕྱོགས་གཉིས་པོས་ལག་གདང་སྦྲེལ་ནས་རྒྱལ་ཁབ་གཉིས་པོའི་མི་ཆོས་རིག་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་སྤེལ་རེས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བར་དགའ་འོས་པའི་འཕེལ་རྒྱས་བྱུང་བའི་ངོས་འཛིན་བྱེད་ཀྱི་ཡོད། ཁོང་གིས་འདི་ལོ་ནི་སི་ཕེན་དང་ཀྲུང་གོའི་རིག་གནས་ཡུལ་སྐོར་ལོ་ཡིན་པ་དང་སི་ཕེན་གྱི་ཡུལ་སྐོར་དང་མི་ཆོས་རིག་གནས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པས་ཀྲུང་གོར་ཁྱབ་གདལ་གཏོང་བའི་མི་མངོན་པའི་ནུས་པ་ཆེན་པོ་ལྡན་ཡོད་ཅེས་བརྗོད་པ་རེད།

    མུའུ་ཉི་ཨའོ་སིས་ད་དུང་སི་ཕེན་གྱིས་རྒྱལ་གྲོལ་ཐོངས་མཆན་དང་། ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་པ། ཡུལ་སྐོར་སོགས་ཐད་ཀྲུང་གོར་སྲིད་ཇུས་སྔར་བས་ལྷུག་ཏུ་གཏོང་དགོས་པའི་ངོས་འཛིན་བྱས་ཤིང་། ཁོང་གིས་སི་ཕེན་གྱི་སྐད་ཡིག་དང་རྒྱ་ཡིག་ནི་འཛམ་གླིང་གི་སྐད་ཡིག་ཆེན་པོ་གཉིས་ཡིན་མོད། འོན་ཀྱང་སི་ཕེན་དང་ཀྲུང་གོའི་དབར་ཕན་ཚུན་མངགས་པའི་ཕྱི་སྦྱོང་སློབ་མའི་གྲངས་འབོར་ཅུང་ཉུང་ཙམ་ཡིན་ཞེས་བརྗོད་པ་རེད། ཁོང་གིས་རྒྱལ་ཁབ་གཉིས་པོའི་གཞོན་ནུ་ལོ་ཆུང་དབར་གྱི་འགྲོ་འོང་དང་སྤེལ་རེས་ལ་མཐོང་ཆེན་བྱེད་དགོས་ངེས་ཡིན་པ་དང་དེ་ལྟར་བྱས་ཚེ་གཞོན་ནུ་ལོ་ཆུང་དབར་བར་ཐག་ཉེ་པོས་ཕན་ཚུན་རྒྱུས་མངའ་ལོན་རྒྱུར་སྐུལ་མ་ཐེབས་ནས་ཁོང་ཚོ་འབྱུང་འགྱུར་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་མཁན་གཙོ་ཤུགས་དམག་ཅིག་ཏུ་འགྱུར་བར་བྱེད་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།