དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ཀྱི་སྣུམ་ཚོན་རི་མོ་ཨའོ་མོན་དུ་འགྲེམས་སྟོན་ཐོག་མར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-21

    ཨའོ་མོན་དང་བོད་ལྗོངས་དབར་སྣུམ་ཚོན་རི་མོའི་ལས་རིགས་ཀྱི་སྒྱུ་རྩལ་སྤེལ་རེས་ཟབ་ཏུ་བཏང་སྟེ་བོད་ཀྱི་སྣུམ་ཚོན་རི་མོའི་སྒྱུ་རྩལ་གྱི་ཉམས་འགྱུར་སྟོན་ཆེད། ཉིན་ཤས་གོང་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་བོད་ལྗོངས་སྣུམ་ཚོན་རི་མོ་སློབ་ཚོགས་ཀྱིས་གཙོ་གཉེར་བྱས་པའི་བོད་ཀྱི་སྣུམ་ཚོན་རི་མོ་ཨའོ་མོན་དུ་ཐོག་མར་འགྲེམས་སྟོན་བྱེད་པའི་བྱེད་སྒོ་ཨའོ་མོན་ཉ་པའི་གྲུ་ཁ་ལི་སི་པོན་རི་མོའི་འགྲེམས་སྟོན་བར་ཁྱམས་སུ་གཉེར་བ་རེད།

    ད་ཐེངས་ཀྱི་འགྲེམས་སྟོན་ནང་བོད་ཀྱི་རི་མོ་མཁས་ཅན་རྒན་དར་གཞོན་གསུམ་གྱི་མཚོན་བྱེད་རང་བཞིན་གྱི་རི་མོའི་བརྩམས་ཆོས་52འགྲེམས་སྟོན་བྱས་ཡོད། རི་མོའི་བརྩམས་ཆོས་དེ་དག་གི་བརྗོད་གཞི་སྣ་མང་ཕུན་སུམ་ཚོགས་ཤིང་ཉམས་འགྱུར་མི་འདྲ་བ་དང་དེ་དག་ལས་རི་མོ་བའི་མིག་ནང་གི་དར་རྒྱས་འགྲོ་བཞིན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་མངོན་ཡོད། ལྟ་སྐོར་བ་ཚོས་སྣུམ་ཚོན་རི་མོར་ལྟ་གིན་བོད་ཀྱི་བརྗིད་ཉམས་ལྡན་པའི་མཛེས་ལྗོངས་དང་དམིགས་བསལ་གྱི་མི་ཆོས་རིག་གནས་ཀྱི་ཉམས་འགྱུར་རྒྱུས་ལོན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།