ལྷོ་ཁའི་བདེ་ཐང་འཕྲོད་བསྟེན་གྱི་ཚན་རིག་ཁྱབ་གདལ་རིགས་ཀྱི་བརྙན་འཕྲིན་ལེ་ཚན་ཏེ།
《“ཚང་མས”བདེ་ཐང་སྐོར་གླེང་བ》དངོས་སུ་སྟོན་འགོ་ཚུགས་པ།
ཟླ་བ་གཅིག་ལྷག་ཙམ་གྲ་སྒྲིག་བྱས་པ་བརྒྱུད། ཉེ་ཆར། ལྷོ་ཁའི་བདེ་ཐང་འཕྲོད་བསྟེན་གྱི་ཚན་རིག་ཁྱབ་གདལ་རིགས་ཀྱི་བརྙན་འཕྲིན་ལེ་ཚན་ཏེ། 《“ཚང་མས”བདེ་ཐང་སྐོར་གླེང་བ》ལྷོ་ཁ་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ནས་དངོས་སུ་སྟོན་འགོ་ཚུགས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། 《“ཚང་མས”བདེ་ཐང་སྐོར་གླེང་བའི》ལེ་ཚན་གྱིས་འདྲི་གླེང་རྣམ་པ་སྤྱད་དེ་དབང་གྲགས་ལྡན་པའི་སྨན་བཅོས་རིགས་གཅིག་མཁས་ཅན་སྙན་སྒྲོན་ཁང་དུ་གདན་དྲངས་ནས་བོད་ཀྱི་མང་ཚོགས་ཚོའི་སྨན་བཅོས་འཕྲོད་བསྟེན་བདེ་ཐང་སྐོར་གྱི་ནོར་འཕྲུལ་ངོས་འཛིན་དང་དོགས་གནད་གསལ་འགྲེལ་བྱེད་པར་གདན་དྲངས་ཡོད། ལེ་ཚན་དེ་གཟའ་འཁོར་རེའི་རེས་གཟའ་པ་སངས་ཀྱི་དགོང་མོར་ལྷོ་ཁ་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི་ཕྱོགས་བསྡུས་འཕྲིན་ལམ་ནས་བསྟན་རྒྱུ་དང་འབྲེལ། “སྐད་འཕྲིན་ལྷོ་ཁའི”སྤྱི་རྟགས་སུ་དུས་གཅིག་ཏུ་ལེ་ཚན་གྱི་བརྙན་ལམ་ནང་དོན་བསྟན་རྒྱུ་ཡིན་པ་དང་། ལྷོ་ཁ་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི་རླུང་འཕྲིན་འཕྲིན་ལམ་དུའང་དུས་གཅིག་ཏུ་གཏོང་རྒྱུ་རེད།