མངའ་རིས་ས་ཁུལ་སྒེར་རྩེ་རྫོང་གད་ཆུང་གྲོང་ཚོའི་ཆན་ཧྥུའུ་35ཡི་གློག་སྐྱེལ་གློག་སྒྱུར་ལས་གྲྭ་སྤྱོད་འགོ་ཚུགས་པ།
ཟླ་12ཚེས་17ཉིན་གྱི་ཐོ་རེངས་ཆུ་ཚོད་3དང་སྐར་མ་30ཙམ་ལ། གློག་གནོན་སྒྱུར་ཆས་ནས་གློག་གཏོང་འགོ་ཚུགས་པ་དང་སྦྲགས། མངའ་རིས་ས་ཁུལ་སྒེར་རྩེ་རྫོང་གད་ཆུང་གྲོང་ཚོའི་ཆན་ཧྥུའུ་35ཡི་གློག་སྐྱེལ་གློག་སྒྱུར་ལས་གྲྭས་ཚོད་ལྟའི་འཁོར་སྐྱོད་ཆུ་ཚོད་72བྱས་པས། མངའ་རིས་གློག་དྲས་དགུན་གློག་སྙོམ་སྒྲིག་འགན་ལེན་ཐུབ་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། སྒེར་རྩེ་རྫོང་གད་ཆུང་གྲོང་ཚོའི་ཆན་ཧྥུའུ་35ཡི་གློག་སྐྱེལ་གློག་སྒྱུར་ས་ཚིགས་དེ་མངའ་རིས་ས་ཁུལ་སྒེར་རྩེ་རྫོང་འོ་མ་ཤང་གད་ཆུང་གྲོང་ཚོར་གནས་པ་དང་ཆ་སྙོམས་ས་བབ་སྨི་4500ཡན་ཟིན་ནས། གནམ་གཤིས་ཀྱི་ཆ་རྐྱེན་ཞན་པ་དང་། ལས་ཡུན་ཐུང་བ་མ་ཟད། ལྷག་དོན་དུ་ཟླ་12པར་མངའ་རིས་ས་ཁུལ་གྱི་གནམ་གཤིས་དྲོད་ཚད་ཧྲེ་ཧྲི་ཏུའུ་ཀླད་ཀོར་འོག་གི་20ཟིན་མོད། འོན་ཀྱང་རྒྱལ་ཁབ་གློག་དྲ་མངའ་རིས་གློག་གཏོང་ཀུང་སིའི་བཀོད་སྒྲིག་ནུས་ལྡན་དང་། འབྲེལ་ཡོད་ཆེད་ལས་སྡེ་ཚན་གྱི་མཐུན་སྦྱོར་གཞོགས་འདེགས། འཐབ་ས་དང་པོའི་མི་སྣའི་དཀའ་སྤྱད་འབད་འཐབ་བཅས་ལས་རྣམ་གྲངས་འཛུགས་སྐྲུན་གྱི་འཁོར་སྐྱོད་ལས་དོན་བདེ་བླག་ངང་ལེགས་སྒྲུབ་བྱས་པ་རེད།
ལས་གྲྭ་སྤྱོད་འགོ་ཚུགས་པ་དེས་གད་ཆུང་གྲོང་ཚོ་དང་། སྤུན་གསུམ་གྲོང་ཚོ། སྦུག་རྩེ་གྲོང་ཚོ། ཟངས་མ་ལུང་གྲོང་ཚོ། བྲག་རྡོ་ནག་རིལ་གྲོང་ཚོ་སོགས་ཀྱི་དུད་ཚང་504ཙམ་ལ“གློག་སྤྱོད་པ་ནས་གློག་བརྟན་པོ་སྤྱོད་པ”མངོན་འགྱུར་ཐུབ་ནས། ཡུག་ཁུལ་གྱི་གློག་གཏོང་གྲུབ་ཆ་ལེགས་སུ་ཕྱིན་པ་དང་། གློག་གཏོང་བརྟན་པོ་ཡོད་པ་དང་བློས་འགེལ་རང་བཞིན་ཆེ་རུ་ཕྱིན་པ། སྒེར་རྩེ་རྫོང་གིས་དགུན་གློག་སྙོམ་སྒྲིག་གི་གློག་གཏོང་འགན་ལེན་གྱི་གནོན་ཤུགས་ཆུང་དུ་ནུས་ལྡན་ཕྱིན་པ་རེད།