བོད་ཀྱིས་དག་ཐེར་བཅོས་སྒྲིག་ལ་དམ་འཛིན་ཏན་ཏིག་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོར་ཕན་འབྲས་ཐོན་པར་སྐུལ་འདེད་བཏང་བ།
བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་སྤེལ་ཚུན། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་རྐྱེན་དང་ཚོད་འཛིན་བཟོ་བ། མི་དམངས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག ཉེན་ཁ་ཆེ་རིགས་འགོག་ཟོན་དང་སེལ་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་སོགས་ཀྱི་གནད་དོན་ལ་ཤུགས་རྐྱེན་དང་ཚོད་འཛིན་ཐེབས་པར་དམིགས་ནས།“རྗེས་ལུས་རྫོང་དང་། གཞི་རིམ་བཅོས་སྐྱོང་། ལས་བྱེད་པའི་སྤྱོད་ཚུལ། ལས་བྱེད་པ་གྲོང་སྡོད་དགོན་སྡོད། ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་དང་ཡིག་འབུལ་ཞུ་བཅར་ཁྱབ་ཁོངས་བཅས”ཆེད་དོན་བཅོས་སྒྲིག་ཁག་6གཏན་འཁེལ་བྱས་ནས་གོང་འོག་མཉམ་འགུལ་གྱིས་དག་ཐེར་བཅོས་སྒྲིག་ལ་དམ་འཛིན་བྱས་ཏེ་གཞི་གཅིག་ཇུས་འགོད་དང་གཞི་གཅིག་དོན་འཁྱོལ་བྱས་པ་དང་། “6+1”གི་དག་ཐེར་བཅོས་སྒྲིག་ལ་སྐུལ་འདེད་གཏོང་བའི་ལས་ཀའི་རྣམ་པ་བཏོད་ནས་བརྗོད་དོན་གཙོ་བོའི་སློབ་གསོར་ཕན་འབྲས་ཐོན་པར་སྐུལ་འདེད་བཏང་ཡོད།
གནད་སྨིན་དབྱེ་འབྱེད་དང་རིགས་དབྱེ་ལག་བསྟར་གྱིས་རྗེས་ལུས་རྫོང་ལ་ཆེད་དོན་བཅོས་སྒྲིག་བྱེད་པར་སྐུལ་འདེད་བཏང་ཡོད། དཔལ་འབྱོར་འཕེལ་རྒྱས་རིགས་ཀྱི་རྗེས་ལུས་རྫོང་5ལ་དམིགས་ནས། འཆར་འགོད་ཇུས་འགོད་ལ་ཤུགས་སྣོན་དང་། རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སོགས་ཚད་བརྒལ་ཡོང་གཞིར་བྱས་ནས་རྫོང་ཁོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་བཏང་ཡོད། གཞི་རིམ་བཅོས་སྐྱོང་རིགས་ཀྱི་རྗེས་ལུས་རྫོང་4ལ་དམིགས་ནས། ཚན་རིག་དང་མཐུན་པའི་ངང་དྲ་མིག་དབྱེ་བ་དང་། “གཅིག་འཐུས་རྣམ་པའི”འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་ལྟེ་གནས་སྐྲུན་པར་སྐུལ་འདེད་གཏོང་བ། རིགས་ཁག་གི་སྔོན་ཇུས་ཞིབ་ཚགས་དང་འཐུས་སྒོ་ཚང་དུ་གཏོང་བ། དངོས་འཐབ་ནང་སྦྱོང་སྒྲིག་འཛུགས་བཅས་བྱས་ནས། གཞི་རིམ་བཅོས་སྐྱོང་གི་ལས་ཕྱོད་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད།
རྨང་གཞི་བརྟན་དུ་གཏོང་བ་དང་རྨང་རྩ་གཉིས་བརྟན་གྱིས་གཞི་རིམ་བཅོས་སྐྱོང་གི་ཆེད་དོན་བཅོས་སྒྲིག་ལ་སྐུལ་འདེད་བཏང་ཡོད། “ཁྲོམ་གཞུང་ལས་དོན་ཨུ་ལྷན་ཆེན་པོ་དང་།-སྡེ་ཁུལ་གྱི་ཏང་ཨུད་ཆེན་པོ།-དྲ་མིག་ཏང་ཀྲི་པུའུ-ཐོག་ཁང་གི་ཏང་ཚོགས་ཆུང་།-ཏང་ཡོན་གྱི་ལྟེ་བའི་དུད་ཚང”གི་རིམ་ལྔའི་རྩ་འཛུགས་ཀྱི་འབྲེལ་ཐག་བཙུགས་ནས། 《གྲོང་ཁྱེར་གྱི་གཞི་རིམ་ཏང་འཛུགས་སྐྱོང་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་སྐོར་གྱི་ལས་ཀའི་བྱ་ཐབས་སྔར་བས་གཏིང་ཟབ་དང་ཞིབ་ཚགས་སུ་གཏོང་བ》དང་། 《གྲོང་ཁྱེར་གྱི་སྡེ་ཁུལ་ལས་དོན་པའི་ལས་རིགས་མ་ལག་སྐྲུན་པར་ཤུགས་སྣོན་རྒྱག་པའི་སྐོར་གྱི་བསམ་འཆར(ཚོད་ལྟའི་ལག་བསྟར)》《བོད་རང་སྐྱོང་ལྗོངས་ཀྱི་དྲ་མིག་ཅན་གྱི་ཞབས་འདེགས་དོ་དམ་བྱ་ཐབས(ཚོད་ལྟའི་ལག་བསྟར)》བཅས་བཟོས་ནས། གྲོང་རྡལ་ཁྲོམ་གཞུང་ལ་དུས་ཐོག་ཏུ་་བསྒྱུར་མེད་པ་དང་། གྲོང་ཚོ་སྡེ་ཁུལ་ལ་ཚད་ལྡན་བསྒྱུར་མེད་པ། དྲ་མིག་དབྱེ་འབྱེད་ལུགས་མཐུན་མེད་པ་སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ནུས་ལྡན་བྱས་ཏེ། གྲངས་འཛིན་ནུས་སྤྲོད་ལ་བརྟེན་ནས་སྡེ་ཁུལ་གྱི་སྤྱི་པའི་ཞབས་འདེགས་ཀྱི་མཁོ་སྤྲོད་ནུས་པ་ཆེ་རུ་བཏང་ཡོད།
ནན་ལ་དྲང་པོ་དང་སྤུས་མཐོ་ནུས་ཆེར་བརྟེན་ནས་ལས་བྱེད་པའི་སྤྱོད་ཚུལ་ལ་ཆེད་དོན་བཅོས་སྒྲིག་བྱས་ཡོད། ལས་ཀ་བྱེད་མི་འདོད་པ་དང་། འགན་འཁྲི་འཁུར་མི་ཕོད་པ། བརྩོན་སེམས་མེད་པ། བདེན་པ་བདེན་ཐུབ་མིན་པ། གུས་སྐྲག་མི་ཤེས་པ་བཅས་ཀྱི་ཕྱོགས་5ཡི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ཏེ་བཅོས་སྒྲིག་གི་རྩིས་ཐོ་བཟོས་ནས་ཁྱོན་གནད་དོན་ཁག་138བཙལ་བ་དང་། གནད་དོན་ཁག་49དག་ཐེར་ཐུབ་ཡོད། སྒྲིག་སྲོལ་ལམ་ལུགས་ཁག་ལ་གསེད་བཀྲོལ་དང་བཟོ་བཅོས་བརྒྱབ་པ་དང་། ལམ་ལུགས་ལ་བརྟེན་ནས་བཅོས་སྒྲིག་གི་གྲུབ་འབྲས་བརྟན་དུ་བཏང་བ། སྒྲིག་སྲོལ་ལམ་ལུགས་སྣ་ཚོགས་ཀྱི་དོན་ཚན་གསར་པ་ཁག་104བཟོས་པ་དང་འཐུས་སྒོ་ཚང་དུ་བཏང་ཡོད།
བཟང་བསྟོད་ངན་སྨད་དང་གཞི་བརྟན་འཕེལ་ཡོང་གིས་ལས་བྱེད་པ་གྲོང་སྡོད་དགོན་སྡོད་ཀྱི་ལས་དོན་ལ་ཆེད་དོན་བཅོས་སྒྲིག་ཡག་པོ་བྱས་ཡོད། བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་བཅོས་སྒྲིག་ལས་དོན་གྲོང་སྡོད་དགོན་སྡོད་ཀྱི་ལས་དོན་ལ་ཁྱབ་པར་བྱས་ནས། འགན་འཁྲི་སྒྲུབ་ནུས་ཆེ་རུ་གཏོང་བ་དང་། ཉིན་བརྒྱར་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་ནས་བརྟག་ཞིབ་ཆེན་པོ་བྱེད་པ། བདེ་འཇགས་ཀྱི་འགན་འཁྲི་དོན་འཁྱོལ་ཡག་པོ་བྱེད་པ་སོགས་ཀྱི་ལས་དོན་སྤེལ་ནས། སེམས་ནུས་གཅིག་སྒྲིལ་གྱིས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཁག་ཁྲི་3.1ཐག་གཅོད་བྱས་པ་དང་། རྨང་བརྟན་དམངས་ཕན་གྱི་མ་དངུལ་སྒོར་དུང་ཕྱུར་2.5བཏང་བ། ཐོན་ལས་འཕེལ་རྒྱས་ཀྱི་འགྲོ་གྲོན་སྒོར་དུང་ཕྱུར་2བརྩོན་ལེན་བྱས་པ། མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་སམ་ཡང་ན་ཆེད་ལས་མཉམ་ལས་ཁང་2989བཙུགས་ཡོད། “རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས”བཅས་ཀྱི་སློབ་གསོ་གཏིང་ཟབ་སྤེལ་ནས། 《དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་ཀའི་སྒྲིག་སྲོལ》བཟོས་ཏེ་དགོན་སྡེ་དོ་དམ་ལ་ལྷག་པའི་གནད་དོན་ཁག་30ལྷག་ཙམ་ནུས་ཤུགས་ཡོད་རྒུས་དག་ཐེར་བྱས་ཡོད།
གནད་དོན་ལ་མཐོང་ཆེན་དང་རྣག་ཐོག་བཙག་འཁེལ་གྱིས་ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་ལ་ཆེད་དོན་བཅོས་སྒྲིག་ཏན་ཏིག་བྱས་ཡོད། ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་གནས་ཚུལ་རིགས་ཁག་52ལ་ཞིབ་བསྡུར་བྱས་ཏེ། ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་240ལེབ་བཤེར་དང་གཏན་འཁེལ་དང་། “ཀྲི་པུའུ་རེར་ཇུས་གཞི་རེ་དང་། གནད་དོན་རེར་ཐབས་ཇུས་རེ”གཞིར་བཟུང་དག་ཐེར་ཇུས་གཞི་རིམ་བཞིན་བཟོ་བ། འགོ་ཁྲིད་ལས་བྱེད་པའི་འགན་གཙང་ལེན་པའི་ལམ་སྲོལ་དང་རིམ་པ་སྤོར་བའི་ལྟ་སྐུལ་མཛུབ་ཁྲིད་ལམ་ལུགས་ལག་བསྟར་བྱས་ཏེ་གཅིག་ལ་དག་ཐེར་བྱས་ན། སྲ་བརྟན། གཅིག་ལ་ཞིབ་བཤེར་རྩིས་ལེན་བྱས་ན། གཅིག་ཐོ་བསུབ་བྱས་པ་བརྒྱུད་མིག་སྔར་གནད་དོན་ཁག་231དག་ཐེར་ཐུབ་ཡོད།
རྩ་ལག་མཉམ་བཅོས་དང་བརྒྱུད་རིམ་བཅོས་སྒྲིག་གིས་ཡིག་འབུལ་ཞུ་བཅར་ཁྱབ་ཁོངས་ལ་ཆེད་དོན་བཅོས་སྒྲིག་བྱས་ཡོད།“གཞི་རིམ་དུ་སྐྱོད་པ་བཞི”དང“ཕུའུ་ཅང་ཡི་ཉམས་མྱོང”སློབ་སྦྱོང་དང་ཁྱབ་གདལ་བཏང་ནས། འགོ་ཁྲིད་ལས་བྱེད་པས་ངོ་བཅར་དང་ལེན་དང་གཤམ་དུ་འཚམས་འདྲི་ཐེངས་2976བྱས་ཏེ་གནད་དོན་ཁག་1535ཐག་གཅོད་བྱས་ཡོད། ལས་གྲྭ་འཛུགས་སྐྲུན་སོགས་ཀྱི་གཙོ་གནད་ཁྱབ་ཁོངས་ལ་དམ་པོར་དམིགས་ནས་འགལ་ཟླ་དང་མངོན་མེད་རྐྱེན་ངན་477གྲལ་བཤེར་བྱས་པ་དང་བསལ་ཡོད། ཡིག་འབུལ་ཞུ་བཅར་གྱི་མངོན་གསལ་དོད་པའི་གནད་དོན་ཁག་225བསལ་བ་དང་ཐོ་བསུབས་ནས་ཞིང་པ་ལས་མི་2339ལ་གླ་ཆ་དང་ལས་གྲྭའི་དངུལ་སྒོར་ཁྲི་5446.74ལེན་རོགས་བྱས་ཡོད།
གནད་དོན་གཅིག་པར་ལན་མཉམ་དུ་འདེབས་པ་དང་བསམ་སྤྱོད་གཅིག་མཐུན་ཡོང་བར་བྱས་ཏེ་གོང་འོག་མཉམ་འགུལ་གྱིས་དག་ཐེར་བཅོས་སྒྲིག་ལ་དམ་འཛིན་ཏན་ཏིག་བྱས་ཡོད། གོང་འོག་མཉམ་འགུལ་གྱི་དག་ཐེར་བཅོས་སྒྲིག་གི་ལས་ཀའི་ལམ་སྲོལ་བཙུགས་ནས་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པའི་ཚན་པས་དོན་འཁྱོལ་དང་ལེན་བྱེད་དགོས་པའི་གནད་དོན་ཁག་33གསེད་བཀྲོལ་དང་ལས་འགན་ཁག་བགོས་ཀྱི་གྲོས་འགོ་བཏོན་ནས་དོན་དངོས་དང་ཟུང་འབྲེལ་གྱིས་ལས་དོན་ཏན་ཏིག་སྤེལ་བར་སྐུལ་འདེད་བཏང་ཡོད། བརྗོད་དོན་གཙོ་བོའི་སློབ་གསོ་ཁག་དང་པོའི་ཚན་པས་མཉམ་འགུལ་ཐག་གཅོད་བྱེད་དགོས་པའི་གནད་དོན་ཁག་21ལ་དམིགས་ནས། དུས་ཁག་དབྱེ་ནས་ལྗོངས་ཐད་གཏོགས་ཀྱི་འབྲེལ་ཡོད་ཚན་པ་20ལྷག་ཙམ་སྒྲིག་འཛུགས་ཀྱིས་ངོ་འཕྲད་གྲོས་མོལ་དང་ཞིབ་བསྡུར་བྱས་ནས་ཐབས་བརྒྱ་ཇུས་སྟོང་གིས་གཞི་རིམ་གྱི་དཀའ་གནད་བསལ་ཡོད། 《བརྗོད་དོན་གཙོ་བོའི་སློབ་གསོ་ཁག་དང་པོའི་དག་ཐེར་བཅོས་སྒྲིག་ལས་དོན་གྱི་ཉམས་མྱོང་དང་བྱེད་ཐབས་དཔྱད་ཡིག་ཕྱོགས་བསྒྲིགས》ལེགས་སྒྲིག་བྱས་པ་དང་བཀྲམ་ནས་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པའི་ཚན་པར་སློབ་སྦྱོང་དང་དཔྱད་གཞིར་མཁོ་འདོན་བྱས་ཏེ་དག་ཐེར་བཅོས་སྒྲིག་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་དེ་བས་ཡག་པོ་བཏང་ཡོད།