དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཁེ་ལས་ལ་སྟབས་བདེ་བསྐྲུན། མང་ཚོགས་བློ་ཡིད་ཚིམ།

    —— མངའ་རིས་ས་ཁུལ་ཁྲལ་དོན་ཁོངས་གཏོགས་ཀྱིས་སྤྱོད་ཚུལ་འཛུགས་སྐྱོང་ལ་སྐུལ་འདེད་ཧུར་ཐག་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-21

    སྤྱོད་ཚུལ་དམངས་སེམས་དང་འབྲེལ་བ་དང་ཞབས་འདེགས་ལས་རྣམ་འགྱུར་མངོན། མངའ་རིས་ས་ཁུལ་ཁྲལ་དོན་ཅུས་ཀྱི་འགན་འཁུར་བ་ལུའོ་ལིན་གྱིས། ཅུས་དེས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་སྔར་བས་ནན་པོ་བྱས་ཏེ། དྲིལ་བསྒྲགས་ཟུར་ཁྲིད་ཐད་མུ་མཐུད་ཤུགས་རྒྱག་པ་དང་། ཞབས་འདེགས་ལེགས་གཏོང་ཐད་མུ་མཐུད་ཤུགས་རྒྱག་པ། ལྟ་སྐུལ་ལམ་སྲོལ་ཐད་མུ་མཐུད་ཤུགས་རྒྱག་པ། ཁྲལ་བསྡུའི་ཚོང་གཉེར་ཁོར་ཡུག་མུ་མཐུད་ལེགས་སུ་གཏོང་བ་བཅས་བྱས་ནས། ཁྲལ་གྲོན་གཟིགས་སྐྱོང་སྲིད་ཇུས་ཕྱོགས་ཡོངས་དང་། གནད་འཁེལ། ནུས་ཆེ་བཅས་ཀྱི་སྒོ་ནས་དོན་འཁྱོལ་ཐུབ་པར་འགན་ལེན་བྱས་ཏེ། སྲིད་ཇུས་ཀྱི་ཕན་འབྲས་ཐོན་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    ཞབས་འདེགས་སྤུས་ལེགས་ཞུས་ནས་མི་སེམས་དྲོ་བར་བྱས་པ།

    མངའ་རིས་ཧྲང་ཕིན་ཀྲི་ཅིང་མེ་ཟོན་ལས་གྲྭ་ཚད་ཡོད་ཀུང་སིའི་ནོར་དོན་མི་སྣ་སྐལ་བཟང་ཡོན་ཏན་སྤྱི་ཚོགས་འགན་བཅོལ་རེ་ཞུའི་གྲོན་འཇལ་གྱི་དོན་དག་གཅོད་པར་སླེབས། ཁྲལ་གཉེར་ཞབས་འདེགས་ཚོམས་ཆེན་གྱི་ལས་དོན་པས་བློ་འདྲི་དང་སྒྲུབ་གཉེར་ཟུང་འབྲེལ་བྱས་མཐར་ཀུང་སི་དེའི་ཟླ་དེའི་སྤྱི་ཚོགས་འགན་བཅོལ་གྲོན་དངུལ་གཅིག་གྱུར་དུ་རེ་ཞུ་འཇལ་སྤྲོད་མི་ཐུབ་པ་ཤེས་རྗེས། དུས་ཐོག་ཏུ་སྤྱི་ཚོགས་འགན་སྲུང་སྡེ་ཚན་དང་འབྲེལ་བ་བྱས་ཏེ་ཀུང་སི་དེའི་ལས་མི་གསར་པ་འགན་བཅོལ་ལ་ཞུགས་པའི་ཆ་འཕྲིན་བསྐྱར་དུ་འཚོལ་རོགས་བྱས་ནས། སྤྱི་ཚོགས་འགན་བཅོལ་གྲོན་དངུལ་བསྡུ་བའི་དུས་བཀག་ནང་ཀུང་སི་དེའི་གྲོན་བསྡུའི་རེ་ཞུ་བདེ་བླག་ངང་ལེགས་སྒྲུབ་བྱས་པ་རེད།

    “ཐེངས་གཅིག་ལས་འགྲོ་མི་དགོས་པའི”དམངས་ཕན་ཞབས་འདེགས་དོན་འཁྱོལ་ཡག་པོ་བྱ་ཆེད། མངའ་རིས་ས་ཁུལ་ཁྲལ་དོན་སྡེ་ཚན་གྱིས་བློ་འདྲི་དང་སྒྲུབ་གཉེར་ཟུང་འབྲེལ་དང་བརྙན་ལམ་ཟུར་ཁྲིད་སོགས་ཀྱི་ཞབས་འདེགས་ཞུ་སྟངས་གསར་པ་སྤྱད་དེ། ཁྲལ་གཉེར་ཞབས་འདེགས་ཀྱི་སྤུས་ཚད་དང་ཕན་འབྲས་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད། དེ་དང་དུས་མཚུངས“ཐེངས་གཅིག་ལས་འགྲོ་མི་དགོས་པའི”རྩ་གཉིས་ཨང་རྟགས་ཀྱི་ཁྲལ་གཉེར(འགྲོ་གྲོན)གྱང་བཟོས་ནས། ཁྲལ་འཇལ་མཁན་དང་གྲོན་དངུལ་འཇལ་མཁན་གྱིས་ཨང་རྟགས་བཤེར་ཏེ་ལས་སྒོ་གཉེར་སྟངས་དང་། སྲིད་ཇུས་ཀྱི་གཞི་འཛིན་ས། སྒྲུབ་གཉེར་སྡེ་ཚན། སྒྲུབ་གཉེར་དུས་བཅད། དཔྱད་ཡིག་སྐྱེལ་བ། གཞི་རྩའི་བརྒྱུད་རིམ། འབྲེལ་ཡོད་ཁྲལ་བསྡུའི་སྲིད་ཇུས་སོགས་ཀྱི་ཆ་འཕྲིན་ཇི་ལྟར་བལྟ་བར་ཁྲིད་སྟོན་བྱས་ནས“ཐེངས་གཅིག་ལས་འགྲོ་མི་དགོས་པ”ནས“ཐེངས་གཅིག་ཀྱང་འགྲོ་མི་དགོས་པ”མངོན་འགྱུར་ཡོང་བར་རམ་འདེགས་བྱས་པ་རེད།

    ཁེ་ལས་ཀྱི་དཀའ་ངལ་སེལ་ནས་སེམས་ཤུགས་འཕེལ་བར་བྱས་པ།

    མངའ་རིས་ས་ཁུལ་ཁྲལ་དོན་ཅུས་ཀྱིས“ཁྲལ་སློག་ཁེ་སྤོགས་གནད་འཁེལ་སྤྲོད་པའི”སྤྱིའི་དམིགས་ཚད་ལ་དམིགས་ཏེ“ཞབས་འདེགས་ཞིབ་ཚགས་དང་། ཐད་ཀར་དང་མགྱོགས་མྱུར་ལོངས་སྤྱོད། ཚན་རྩལ་འགོག་ཟོན། མགོ་སྐོར་ལ་རྡུང་རྡེག་ནན་པོ་གཏོང་བ། མགྱོགས་འཕིགས་བརྟན་ལེགས”བཅས་ཀྱི་ལས་ཀའི་བླང་བྱ་གཞིར་བཟུང་། “ནོར་སྲིད་དང་། ཁྲལ་དོན། མི་དམངས་དངུལ་ཁང་བཅས་ཟུང་དུ་འབྲེལ་བའི”འབྲེལ་གཏུག་ལམ་སྲོལ་ལ་བརྟེན་ནས། འཕྲེད་ཕྱོགས་འབྲེལ་གཏུག་ལ་ཤུགས་སྣོན་བརྒྱབ་སྟེ་ཁྲལ་སློག་བརྒྱུད་རིམ་ཤར་བགྲོད་ཐུབ་པར་བྱས་པ་རེད། དེ་དང་ཆབས་ཅིག་ཁྲལ་དོན་ལས་བྱེད་པས་རང་ཉིད་ལ་གནོན་ཤུགས་སྤྲད་པ་བརྒྱུད། སྒྲུབ་གཉེར་དང་ཞིབ་དཔྱད་ཀྱི་མྱུར་ཚད་མགྱོགས་སུ་བཏང་ནས་ཁྲལ་འཇལ་བའི་ཞབས་འདེགས་ཞུ་མཚམས་མི་འཇོག་པར་ཁྲལ་འཇལ་མཁན་དང་གྲོན་དངུལ་འཇལ་མཁན་ལ“ཁྲལ་དོན་གྱི་མྱུར་ཚད”ཚོར་བར་བྱས་པ་རེད།

    “ཁྲལ་དོན་མི་སྣས་ངང་རྒྱུད་རིང་པོས་འགྲེལ་བཤད་རྒྱག་པ་དང་མཛུབ་ཁྲིད་ཞིབ་ཚགས་བྱེད་ཀྱི་ཡོད་པས་ང་ཚོས་ཁྲལ་སློག་ལས་དོན་གཉེར་སྐབས་སྟབས་ཧ་ཅང་བདེ་པོ་འདུག སྔ་དྲོར་ཞིབ་མཆན་ཤོག་བྱང་བསྐྱལ་བ་དང་ཕྱི་དྲོ་ཁྲལ་སློག་དངུལ་སྒོར་ཁྲི་2200ལྷག་ཙམ་འབྱོར་བྱུང”ཞེས་ལི་ཙེ་དབྱིས་དགའ་སྤྲོའི་ངང་བཤད།

    “ཕྱིར་སློག་དང་། ཆག་ཡང་། རྩ་ཆག”སོགས་ཕུད། མངའ་རིས་ས་ཁུལ་ཁྲལ་དོན་སྡེ་ཚན་གྱིས་ད་དུང་དངུལ་རྩའི་ལས་ཁུངས་དང་མཉམ་འབྲེལ་བྱས་ནས“དངུལ་ཁང་དང་ཁྲལ་དོན་སྡེ་ཚན་མཉམ་འགུལ”གྱི་རྣམ་གྲངས་དོན་འཁྱོལ་བྱས་ཤིང་། འདི་ལོ་ཚུན་ཁོངས་གཏོགས་ཁུལ་གྱི་ཁེ་ལས་49ལ་ཡིད་རྟོན་དངུལ་བུན་སྒོར་ཁྲི་4545.97གཏོང་རོགས་བྱས་ཏེ། ཁེ་ལས་ཀྱི་ཁྲལ་འཇལ་ཡིད་རྟོན་དེ་མ་དངུལ་བསྡུ་སྒྲིལ་གྱི་ཡིད་རྟོན་དུ་བསྒྱུར་ནས་ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་དཀའ་གནད་དང་ཁེ་ལས་ཀྱི་མ་དངུལ་གྱི་དཀའ་གནད་བསལ་ཡོད།

    “དཔྱིད་ཆར་གྱིས་མྱུ་གུ་གསོ་བ”ལས་གཉིས་གཏོད་ལ་རམ་འདེགས་བྱས་པ།

    “དཔྱིད་ཆར་གྱིས་མྱུ་གུ་གསོ་བའི”ཆེད་དོན་བྱ་སྤྱོད་སྤེལ་ཚུན། མངའ་རིས་ས་ཁུལ་ཁྲལ་དོན་ཅུས་ཀྱིས་ས་ཁུལ་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭར“སློབ་གྲྭ་ཆེ་མོ་བའི་ལས་ཞུགས་ལས་གཏོད་ལ་རོགས་སྐྱོར་བྱེད་པའི་ཁྲལ་གྲོན་ཞབས་འདེགས་ས་ཚིགས”བཙུགས་ནས། ཁྲལ་དོན་དང་སློབ་གྲྭའི་དབར་མཉམ་ལས་གཏིང་ཟབ་བྱས་པ་དང་ཁྲལ་གྲོན་ཞབས་འདེགས་ཞུ་སྟངས་གསར་གཏོད་བྱས་ཏེ། སློབ་གྲྭར་ཡོད་པའི་སློབ་མར་དྲ་ཐོག་དང་དྲ་ཕྱིའི་སྲིད་ཇུས་དྲིལ་བསྒྲགས་དང་། ཁྲལ་གྲོན་བློ་འདྲི། ལག་ལེན་ཉམས་ལེན། སྲིད་ཇུས་ཟུར་ཁྲིད་སོགས་ལ་མུ་མཐུད་ཞབས་འདེགས་ཞུས་ནས། སློབ་གྲྭ་ཆེ་མོ་བའི་ལས་ཞུགས་ལས་གཏོད་ལ་རྒྱབ་སྐྱོར་བྱེད་པའི་ཁྲལ་གྲོན་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་དོན་འཁྱོལ་གནད་སྨིན་བྱས་པ་རེད།

    “གསར་དུ་བཙུགས་པའི་ཁེ་ལས་ཀྱིས་ཁྲལ་འཇལ་རེ་བ་ཇི་ལྟར་ཞུ་དགོས་སམ”“ལས་གཏོད་ཐད་ཁྲལ་གྲོན་གཟིགས་སྐྱོང་སྲིད་ཇུས་གང་དག་ཡོད་དམ”སློབ་མ་ཚོས་བཏོན་པའི་འདྲི་བར་དམིགས་ནས་ལས་ཞུགས་ལས་གཏོད་ཀྱི་ཁྲལ་གྲོན་སློབ་ཚན་སྐབས་ཁྲལ་དོན་ལས་བྱེད་པས་ངང་རྒྱུད་རིང་པོས་འགྲེལ་བཤད་བརྒྱབ་པ་དང་ལྷག་བསམ་ཟོལ་མེད་ངང་ཞབས་འདེགས་ཞུས་ཏེ། སློབ་གྲྭ་ཆེ་མོ་བའི་ཕུགས་འདུན་དོན་གཉེར་གྱི་ལམ་བུར་སེམས་ཤུགས་སྦྱིན་ཡོད།

    མངའ་རིས་ཧྲུན་ཁྲེང་འཛུགས་སྐྲུན་ཚད་ཡོད་ཀུང་སིའི་ཐང་མིན་གྱིས“ད་ཐེངས་ཀྱི་གསོ་སྦྱོང་བརྒྱུད་ང་ཚོས་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་མང་པོ་ཞིབ་ཕྲ་ཤེས་བྱུང་། སླད་ཕྱིན་འབྲེལ་ཡོད་སྲིད་ཇུས་བེད་སྤྱོད་ཡག་པོ་བྱས་ཏེ་མཐོ་སློབ་སློབ་ཐོན་སློབ་མ་གང་ཐུབ་བསྡུ་གི་ཡིན”ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།