དབུ་ཤོག>གསར་འགྱུར།>དམངས་འཚོ།
  • “སྤྱི་ཚོགས་འགན་སྲུང་སྟོན་གྲངས”ནས“བདེ་སྐྱིད་སྟོན་གྲངས”ལ་ལྟ་བ།

    ​ལྗོངས་ཡོངས་ཀྱི་སྤྱི་ཚོགས་འགན་སྲུང་ལས་དོན་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-20

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་ལྗོངས་ཀྱི་སྤྱི་ཚོགས་བྱ་གཞག་ཁག་ལ་འཕེལ་རྒྱས་མྱུར་པོ་བྱུང་ནས་མི་རྣམས་ཀྱི་འཚོ་བའི“བདེ་སྐྱིད་སྟོན་གྲངས”ཟམ་མི་ཆད་པར་འཕར་ཡོད། མི་རྣམས་ཀྱི“བདེ་སྐྱིད་སྟོན་གྲངས”ཀྱི་དཔྱད་གཞིའི་དམིགས་ཚད་གལ་ཆེན་གྱི་གྲས་ཤིག་ཡིན་པའི་གངས་ལྗོངས་བུ་ཕྲུག་ཚོའི“སྤྱི་ཚོགས་འགན་སྲུང་སྟོན་གྲངས”དེའང་ཉེ་བའི་ལོ་ཤས་རིང་མི་སྤྱི་བྱ་གཞག་གི་སྒྱུར་བཅོས་ཁྲོད་དུ་ཟམ་མི་ཆད་པར་དགའ་འོས་པའི་འགྱུར་ལྡོག་བྱུང་ནས། དུས་རབས་གསར་པའི་གངས་ལྗོངས་ས་མཐོའི་ངོ་མཚར་ཆེ་བའི་དམངས་འཚོའི་ལེའུ་ཞིག་བརྩམས་ཡོད།

    མང་ཚོགས་ཀྱི་བདེ་ཐང་ལ་འགན་སྲུང་ཡོད་པ། 

    སྲིད་ཇུས་བཟང་པོས་བདེ་སྐྱིད་ལ་འདེགས་སྐྱོར་བྱས་པ།

    “ངས་གཤགས་བཅོས་རིན་པ་སྒོར་1000ལྷག་ཙམ་ལས་སྤྲོད་དགོས་མ་བྱུང་། དེ་བྱིངས་ཀྱི་འགྲོ་གྲོན་ཚང་མ་སྲིད་གཞུང་ནས་རྩིས་ཞུ་བྱེད་ཀྱི་འདུག”ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་གྲོང་མི་བསྟན་འཛིན་ལོ་གཅིག་གོང་བོད་དམག་ཁུལ་ཁང་སྤྱི་ཁྱབ་སྨན་ཁང་དུ་མཁལ་མ་གཡོན་མར་གཤགས་བཅོས་བྱས་པ་རེད། ལུས་ཤུགས་ངལ་རྩོལ་ལྕི་པོ་བྱེད་མི་ཐུབ་པའི་ཁོང་གིས་དུས་ཡུན་ངེས་ཅན་ཞིག་ངལ་གསོ་བརྒྱབ་རྗེས། དྲ་འབོད་གླ་འཁོར་གཏོང་འགོ་ཚུགས་པ་དང་དུས་ཚོད་རང་དབང་ཆེ་ལ། ཡོང་འབབ་ཀྱང་མང་པོ་ཡོད་པ་རེད།

    བསྟན་འཛིན་དང་འདྲ་བར་ནད་ཕོག་པའི་མང་ཚོགས་དེ་བས་མང་བར་སྨན་བཅོས་སྒྱུར་བཅོས་ལས་བྱུང་བའི“བདེ་ཐང་ཁེ་སྤོགས”ལོངས་སྤྱོད་ཐུབ་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིར་གཞི་རྩའི་སྨན་བཅོས་འགན་བཅོལ་དྲང་གཞག་ལོངས་སྤྱོད་ཐུབ་པར་བྱས་ནས་མི་དམངས་ཀྱི་བདེ་རྩ་ཆེ་རུ་གཏོང་ཆེད། རང་སྐྱོང་ལྗོངས་ཀྱིས《ལྕི་ཁྱད་ཆེ་གསུམ་གྱི་ནད་གཞིའི་སྨན་བཅོས་འགན་བཅོལ་དང་རོགས་སྐྱོབ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གཞུང་དོན་ཐིང་གི་ལག་བསྟར་བསམ་འཆར》བཏོན་ནས། སྤྱིར་བཏང་གི་སྨན་བཅོས་རོགས་སྐྱོབ་དང་ལྕི་ཁྱད་ཆེ་གསུམ་གྱི་ནད་གཞིའི་སྨན་བཅོས་རོགས་སྐྱོབ་ཀྱི་ལོ་འཁོར་གྱི་རོགས་སྐྱོབ་དངུལ་འབོར་མང་ཤོས་སྒོར་ཁྲི་15དང་སྒོར་ཁྲི་30སོ་སོར་ཟིན་པ་དང་། ཐད་ཀའི་རོགས་སྐྱོབ་བྱས་རྗེས་སྲིད་ཇུས་ཁྱབ་ཁོངས་ནང་མི་སྒེར་གྱིས་སྤྲོད་དགོས་པའི་སྨན་བཅོས་འགྲོ་གྲོན་གྱི་ཁུར་པོ་ལྕི་རིགས་ལ་གནད་དོན་གཅིག་ལ་གྲོས་བསྡུར་དང་། ཆེད་དོན་ཞིབ་འཇུག དུས་བཀག་ཐག་གཅོད་བཅས་ཀྱི་རྩ་དོན་ལྟར། ལོ་འཁོར་གྱི་རོགས་སྐྱོབ་བཅད་གྲངས་དང་ཐོབ་ཐང་རིགས་ཀྱི་ཚོད་འཛིན་ཐེབས་ཀྱི་མེད། མཐའ་མཚམས་ཀྱི་འཐབ་ས་དང་པོའི་མང་ཚོགས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ལ་ཞུགས་པར་མི་སྒེར་གྱིས་གྲོན་དངུལ་སྤྲོད་མི་དགོས་པར་སྨན་བཅོས་རོགས་སྐྱོབ་དང་ནོར་སྲིད་མ་དངུལ་ནས་འགན་བཅོལ་གྲོན་དངུལ་ཚབ་འཇལ་བྱེད་པ་ཁ་གསལ་བཟོས་ཡོད། མཐའ་མཚམས་ཀྱི་འཐབ་ས་དང་པོའི་མང་ཚོགས་ཀྱི་སྨན་བཅོས་འགྲོ་གྲོན་གཞི་རྩའི་སྨན་བཅོས་འགན་བཅོལ་དང་ནད་ཆེན་འགན་བཅོལ་ནས་རྩིས་ཞུ་བྱས་རྗེས་ཀྱི་ལུགས་མཐུན་འགྲོ་གྲོན་སྨན་བཅོས་རོགས་སྐྱོབ་ཀྱིས་90%གཞིར་བཟུང་ཐ་སྐྱོང་རྩིས་ཞུ་བྱེད་ཀྱི་ཡོད་པ་རེད།

    མང་ཚོགས་ཕྱུག་འགྱུར་གྱི་ལམ་བུ་རྒྱ་ཆེར་བཏང་བ།

    ལས་ཞུགས་བརྟན་པོ་ཡོང་བའི་ལས་དོན་ལ་གཙོ་བོར་སྐུལ་འདེད་བཏང་བ།

    “སྲིད་ཇུས་བཟང་པོ་ལས་རིན་མི་དགོས་པར་རྩལ་ནུས་སྦྱོང་བའི་གོ་སྐབས་བྱུང་བ་མ་ཟད། ལས་ཀ་རག་བྱུང་བས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་ལྷ་ས་གྲོང་ཁྱེར་ཚལ་གུང་ཐང་ཤང་དུ་སྡོད་མཁན་བསམ་གྲུབ་ཚེ་རིང་གིས་བཤད། བསམ་གྲུབ་ཚེ་རིང་གི་ཁྱིམ་དུ་མི་ལྔ་ཡོད་པ་དང་ཕྲུ་གུ་གཉིས་ཕུད་ད་དུང་དབང་པོ་སྐྱོན་ཅན་གྱི་གཅུང་མོ་གཅིག་ཡོད་པས། ཕྱིར་གླ་པར་འགྲོ་འདོད་ཡོད་པའི་ཁོང་དཀའ་ངལ་དངོས་ཀྱི་རྐྱེན་པས་འགྲོ་ཐུབ་མེད།

    “ད་ཆ་སྲིད་གཞུང་གི་སྲིད་ཇུས་བཟང་པོའི་འོག ཁྲེང་ཀོན་ཆུས་ཀྲི་ཀྲའོ་ས་གཙང་ལྷད་མེད་ཐོན་ལས་གླིང་དུ་ལས་ཀ་རག་བྱུང་། ཁྱིམ་དང་ཐག་ཉེ་པོ་ཡོད་ལ་གླ་ཕོགས་ལེན་རྒྱུ་ཡོད་པ་མ་ཟད་ཁྱིམ་མིར་ལྟ་རྟོག་ཀྱང་ཐུབ་ཀྱི་འདུག”ཅེས་བསམ་གྲུབ་ཚེ་རིང་གིས་བཤད།

    ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་སྤུས་ཚད་མཐོ་བའི་ལས་ཞུགས་གོ་སྐབས་སྤྱད་དེ་ཞིང་འབྲོག་མང་ཚོགས་ཀྱི་ལས་ཀའི་རྩལ་ནུས་ཆེ་རུ་གཏོང་རོགས་བྱས་པ་དང་། འདེབས་འཛུགས་དང་གསོ་ཚགས་ཀྱི་འཇོན་ཐང་ཅན་དང་། ལག་རྩལ་བཟོ་པ། ཨར་ལས་བཟོ་པ། ལག་རྩལ་པ། གྲོང་གསེབ་ཀྱི་ཡུལ་སྐོར་སྣེ་ཤན་པ་སོགས་མི་སྣ་ཆིག་ཁྲིའི་གསོ་སྐྱོང་འདུ་འགོད་ལག་བསྟར་བྱས་པ། ལས་རིགས་གདེང་འཇོག་མ་ལག་དང་རྩལ་ནུས་ཆེ་བའི་ཤེས་ལྡན་པའི་སྐུལ་ལྕག་མ་ལག་འཐུས་སྒོ་ཚང་དུ་བཏང་བ། ཐབས་མང་མཉམ་དུ་སྤྱད་ནས་ཞིང་འབྲོག་མང་ཚོགས་ཀྱི་ལས་རིགས་རྩལ་ནུས་སྦྱོང་བའི་སྤྲོ་སེམས་འཕེལ་བར་བྱས་པ། ཞིང་འབྲོག་མང་ཚོགས་ཀྱི་ལས་ཞུགས་ཀྱི་རང་སྟོབས་ནུས་པ་སྔར་བས་ཆེ་རུ་བཏང་བ་བཅས་ལས་ཞིང་འབྲོག་མང་ཚོགས་དེ་བས་མང་བ་ཁྱིམ་གྱི་སྒོ་རྩར་ལས་ཞུགས་ཐུབ་པ་རེད།

    གྲངས་གཞི་ལས་མངོན་པར། མིག་སྔར་རང་ལྗོངས་སུ་ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་རྟེན་གཞི་794ཡོད་པ་དང་མང་ཚོགས་ཁྲི་9ལྷག་ཙམ་ཐག་ཉེ་སར་ལས་ཞུགས་ཐུབ་ཡོད། 2022ལོར་ལྗོངས་ཡོངས་སུ་ཞིང་འབྲོག་པ་ཁྲི་63ཙམ་ལས་ཞུགས་གཞན་སྒྱུར་ཐུབ་པ་དང་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་55ཙམ་ཟིན་པ་རེད།

    གོམ་ཆུང་མགྱོགས་པོ་སྤོས་ནས་བརྟན་ཁྲོད་ཡར་རྒྱས་ཡོང་བར་བྱས་པ།

    སྒྱུར་བཅོས་ལ་གྲུབ་འབྲས་མང་ཙམ་ཐོབ་པར་བྱས་པ།

    སྤྱི་ཚོགས་སྤྱི་དམངས་ཀྱིས་བཅའ་ཁྲིམས་ལྟར་སྤྱི་ཚོགས་འགན་སྲུང་གི་འོས་འགན་ལག་བསྟར་དང་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་འདུ་ཤེས་སྔར་བས་ཟབ་ཏུ་བཏང་ནས། དམངས་འཚོར་ཕན་པ་དང་དམངས་ལ་དྲོ་སྐྱིད་སྦྱིན་པའི་སྤྱི་ཚོགས་འགན་སྲུང་གི་ཁྱད་ལྡན་ཞབས་ཞུའི་སྤུས་རྟགས་གཏོད་ཆེད། འདི་ལོ་རང་ལྗོངས་ཀྱིས“སྤྱི་ཚོགས་འགན་སྲུང་གི་ཞབས་འདེགས་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་པའི”བྱེད་སྒོ་སྤེལ་སྐབས་དབྱིངས་ཞུགས་རྣམ་པ་དང་ཕན་སྒུལ་རྣམ་པའི་དྲིལ་བསྒྲགས་བྱས་ནས་འགན་བཅོལ་ལ་ཞུགས་མཁན་མུ་མཐུད་མང་དུ་འགྲོ་བར་སྐུལ་འདེད་བཏང་ཡོད། དེའི་རིང་རིམ་ཁག་སྤྱི་ཚོགས་འགན་བཅོལ་སྒྲུབ་གཉེར་སྒྲིག་གཞིས་ཀྱང་དུས་མཉམ་དུ་སྡེ་ཁུལ་དང་། གྲོང་གསེབ། ཁེ་ལས། སློབ་གྲྭ་བཅས་སུ“གཤམ་སྐྱོད་བཞིའི”བྱེད་སྒོ་སྒྲིག་འཛུགས་བྱས་ཏེ་དོན་དངོས་དང་ཟུང་འབྲེལ་གྱིས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་མང་ཚོགས་ཀྱི་འགག་གནད་དང་དཀའ་གནད་ཆེ་བའི་གནད་དོན་ཐག་གཅོད་ལ་སྐུལ་འདེད་བཏང་བས། རྒྱ་ཆེའི་མང་ཚོགས་ཚོས་སྤྱི་ཚོགས་འགན་བཅོལ་གྱི་དམངས་ཕན་སྲིད་ཇུས་ཁག་དུས་ཐོག་ཏུ་ཤེས་རྟོགས་དང་ལོངས་སྤྱོད་ཐུབ་ཡོད།

    མངས་ཡོངས་ལ་ཁྱབ་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ལ་སྤྱི་འདོམས། དྲང་གཞག་གཅིག་གྱུར། རྒྱུན་མཐུད་རུང་བ་བཅས་ཀྱི་རིམ་པ་མང་བའི་སྤྱི་ཚོགས་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་གཏོང་བར་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་བཅས་བྱས་ནས། མང་ཚོགས་ཀྱི་འབོད་སྒྲ་ཉན་པ་དང་མང་ཚོགས་ཀྱི་རེ་སྒུག་ལ་ལན་བཏབ་ཡོད། སྤྱི་ཚོགས་འགན་སྲུང་མ་ལག་ལ་ཤུགས་སྣོན་རྒྱག་པའི་ལས་དོན་སྤེལ་སྐབས་རང་ལྗོངས་ཀྱིས་ཐོག་མཐའ་བར་གསུམ་དུ་ཁྱོན་ཡོངས་ལ་ཁྱབ་པ་དང་། གཞི་རྩ་འགན་ལེན། རིམ་པ་མང་བ། རྒྱུན་མཐུད་རུང་བ་བཅས་ཀྱི་བྱེད་ཕྱོགས་མཐའ་འཁྱོངས་ཀྱིས་དྲང་གཞག་རང་བཞིན་ལ་ཤུགས་སྣོན་དང་། འཁོར་རྒྱུག་རང་བཞིན་དང་འཚམ་པ། རྒྱུན་མཐུད་རུང་བའི་རང་བཞིན་འགན་ལེན་བཅས་ལ་དམིགས་ཏེ་སྲིད་ཇུས་ཀྱི་མ་ལག་རིམ་བཞིན་འཐུས་སྒོ་ཚང་དུ་གཏོང་བ་དང་། ཁྱབ་རྒྱ་ཆེ་རུ་གཏོང་བ། ཐོབ་ཐང་གི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས། གྲོང་ཁྱེར་དང་གྲོང་གསེབ་སྤྱི་འདོམས་ཀྱི་སྤྱི་ཚོགས་འགན་སྲུང་མ་ལག་སྤྱིར་ན་བསྐྲུན་ཡོད།

    དམངས་ཡོངས་འགན་བཅོལ་ལ་ཞུགས་པའི་འཆར་གཞི་ལག་བསྟར་གནད་སྨིན་དང་། སྤྱི་ཚོགས་འགན་བཅོལ་འབྲེལ་བ་ཐོ་འགོད་དང་གཞན་སྒྱུར་རྒྱུན་མཐུད་བྱ་ཐབས་འཐུས་སྒོ་ཚང་དུ་བཏང་ནས། སྤྱི་ཚོགས་འགན་བཅོལ་གྱི་ཉི་འོད་ཁྱབ་འགྱེད་འདུ་འགོད་དང་། སྤྱི་ཚོགས་འགན་བཅོལ་དགོན་སྡེར་སྐྱོད་པའི་འདུ་འགོད། སྤྱི་ཚོགས་འགན་བཅོལ་གྱི་སྤུས་ཚད་མཐོར་གཏོང་འདུ་འགོད། སྤྱི་ཚོགས་འགན་བཅོལ་གྱིས་དབུལ་སྒྲོལ་ལ་སྐུལ་འདེད་གཏོང་བའི་འདུ་འགོད། སྤྱི་ཚོགས་འགན་བཅོལ་གྱི་མཐའ་མཚམས་བྱ་སྤྱོད་འདུ་འགོད་བཅས་ལ་སྐུལ་འདེད་མགྱོགས་པོ་བཏང་ནས་དགོན་སྡེའི་སྒྲིག་ཁོངས་སུ་ཡོད་པའི་གྲྭ་བཙུན་དང་། ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོ། དབུལ་སྒྲོལ་མི་འབོར་དང་མཐའ་མཚམས་ས་ཁུལ་གྱི་ཞིང་འབྲོག་མང་ཚོགས་བཅས་ནི་སྤྱི་ཚོགས་འགན་བཅོལ་གྱི་ཁྱབ་རྒྱ་ཆེ་རུ་གཏོང་བའི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས་འགན་བཅོལ་ལ་ཞུགས་ཚད་95%ཡན་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་ཐུབ་པར་བྱས་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།