དབུ་ཤོག>གསར་འགྱུར།>དམངས་འཚོ།
  • བྲག་ཡིབ་ཆུས་སྤྱི་བདེ་ཅུས་བདེ་འཇགས་དོ་དམ་རུ་ཆེན་གྱི་ཐེམ་ཐོ་ཁང་གིས་དམངས་ཕན་གྱི་ལས་དོན་ཧུར་ཐག་བསྒྲུབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-20

    ཉེ་ཆར། བྲག་ཡིབ་ཆུས་སྤྱི་བདེ་ཅུས་བདེ་འཇགས་དོ་དམ་རུ་ཆེན་གྱི་ཐེམ་ཐོ་ཁང་གི་མི་དམངས་ཉེན་རྟོག་པས་ཁོངས་གཏོགས་ཁུལ་གྱི་བརྒྱད་གཅིག་གྲོང་རྡལ་གྱི་གྲོང་ཚོ་ཞིག་ཏུ་བྱིས་པ་དབང་པོ་སྐྱོན་ཅན་ཞིག་ཐེམ་ཐོ་ཁང་དུ་ཐོབ་ཐང་ལག་འཁྱེར་གཉེར་བར་ཡོང་ཐབས་བྲལ་བ་ཤེས། དམངས་ཕན་དམངས་བདེའི་བྱེད་ཐབས་ཁག་དོན་འཁྱོལ་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། མང་ཚོགས་ཀྱི་འཕྲལ་མཁོ་དང་རེ་སྒུག་ཐག་གཅོད་བྱེད་པ། “ཉེ་བཅར་ཞབས་འདེགས་ཞུ་བའི”རྩ་དོན་ལག་ལེན་བསྟར་བ་བཅས་ཀྱི་ཆེད། མི་དམངས་ཉེན་རྟོག་པས་འབྲེལ་ཡོད་སྒྲིག་ཆས་འཁྱེར་ནས་སྒོ་ཁར་ཐོབ་ཐང་གི་ཆ་འཕྲིན་ཞིབ་བཤེར་དང་ཐོབ་ཐང་ལག་འཁྱེར་གཉེར་བའི་འདྲ་པར་རྒྱག་པར་ཕྱིན་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། བུ་མོ་ཆུང་ཆུང་སྒྲོལ་མ་ཞ་རིལ་ཡིན་རྐྱེན་འགུལ་སྐྱོད་སྟབས་བདེ་པོ་མེད་པས་པར་རྒྱག་པའི་ལས་དོན་ལ་དཀའ་ངལ་ཆེན་པོ་འཕྲད། པར་ཐེངས་མང་པོ་བརྒྱབ་ཀྱང་རེ་བ་དང་འཚམ་པའི་འདྲ་པར་ཞིག་གཏན་ནས་རྒྱག་ཐུབ་མེད། འོན་ཀྱང་མི་དམངས་ཉེན་རྟོག་པས་ངང་རྒྱུད་རིང་པོས་ཚོད་ལྟ་ཐེངས་མང་བྱས་མཐར་ཕྱེད་པར་ཚད་དང་མཐུན་པ་ཞིག་ལེན་ཐུབ་པ་རེད།

    ཐེམ་ཐོ་གཉེར་མཁན་མི་དམངས་ཉེན་རྟོག་པའི་སེམས་རྩ་འཁོལ་བའི་ལས་ཀ་སྒྲུབ་སྟངས་མཐོང་སྐབས་སྒྲོལ་མའི་ཨ་མའི་ངོ་གདོང་ནས་དགའ་བའི་འཛུམ་མདངས་ཤིག་ངང་གིས་འཕྱུར། མི་དམངས་ཉེན་རྟོག་པས་ཁྱིམ་དུ་སྒུག་བསྡད་ན་འགྲིག ལག་ཁྱེར་དོན་མ་ཐག་ལམ་སེང་སྐྱེལ་བར་ཡོང་ཆོག་ཅེས་བཤད། “ཁྱེད་རྣམས་ལ་ཐུགས་རྗེ་ཆེ་ཞུ་གི་ཡིན། ང་ཚོའི་སེམས་ནད་ཆེན་པོ་ཞིག་སེལ་གནང་སོང”ཞེས་སྒྲོལ་མའི་ཨ་མས་སེམས་འགུལ་ཚད་མེད་ཐེབས་བཞིན་མི་དམངས་ཉེན་རྟོག་པར་ཐུགས་རྗེ་ལེགས་འབུལ་ཡང་ཡང་ཞུས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།