སྤྱི་ཚོགས་འགན་སྲུང་གཱ་ཡིས“དམངས་འཚོ་ཆེན་པོར”ཞབས་འདེཌ་ཞུ་བ།
སྤྱི་ཚོགས་འགན་སྲུང་གཱ་སྤྲོད་འགོ་ཚུགས་པ་ནས་བཟུང་། རང་ལྗོངས་སུ་འགན་སྲུང་ལ་ཞུགས་མཁན་གྱིས་སྤྱི་ཚོགས་འགན་སྲུང་གཱ་ཁྱེར་ཏེ་ལྗོངས་ཡོངས་ཀྱི་དམིགས་བཙུགས་སྨན་ཁང་ལ་སྨན་རིན་རྩིས་རྒྱག་དང་། དམིགས་བཙུགས་སྨན་ཚོང་ཁང་ནས་སྨན་ཉོ་བ། རྒན་གསོའི་དངུལ་ལེན་པ་སོགས་རིམ་བཞིན་མངོན་འགྱུར་བྱུང་ལ། ལྗོངས་ཡོངས་སུ་སྤྱི་ཚོགས་འགན་བཅོལ་གྱི་འགྲོ་གྲོན་འཇལ་བའི་ལས་དོན་དྲ་ཐོག་ཏུ་བསྒྲུབ་རྒྱུ་ཁྱབ་གདལ་ཤུགས་ཆེན་བཏང་བ་དེས་འགྲོ་གྲོན་སྔར་བས་འཇལ་སྟབས་བདེ་རུ་ཕྱིན་ནས་གྲངས་གཞིར“མང་ཙམ”བརྟེན་ནས་མང་ཚོགས་ལ“སྟབས་གང་བདེ”དང་ཐ་ན“ཕྱིར་འགྲོ་མི་དགོས་པའང”བྱུང་ཞིང་། ད་ཆ་སྤྱི་ཚོགས་འགན་བཅོལ་གཱའི་ཞབས་ཞུ་ནི་ཏང་དང་སྲིད་གཞུང་གིས་དམངས་འཚོར་ཞབས་འདེགས་ཞུ་བའི་གཞི་རྟེན་གལ་ཆེན་ཞིག་ཏུ་གྱུར་ཡོད། འདི་ནི་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་དགུ་ཐང་ཤང་གི་ཡུལ་མི་ཞིག་གིས་ཤང་འཕྲོད་བསྟེན་ཁང་དུ་སྤྱི་ཚོགས་འགན་སྲུང་གཱ་སྤྱོད་བཞིན་པ།