དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷོ་བྲག་རྫོང་གི་ཏང་ཡོན་ལས་བྱེད་པས“གཞི་རིམ་དུ་སྐྱོད་པ་བཞི”ལག་ལེན་ཧུར་ཐག་བསྟར་ནས་དམངས་ཀྱི་སེམས་ཁྲལ་བསལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-20

    མིག་སྔར་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད་ཅིང་། ལྷོ་བྲག་རྫོང་གིས“དགོངས་པ་སློབ་སྦྱོང་དང་། ཏང་གཤིས་བརྟན་གཏོང་། ལག་ལེན་ལ་མཐོང་ཆེན། བྱས་རྗེས་གསར་འཇོག”བཅས་ཀྱི་སྤྱིའི་བླང་བྱར་དམ་པོར་དམིགས་ནས། རྫོང་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་། ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་པ། གསར་འབྱེད་ཡར་བརྩོན་དང་འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་སློབ་གསོ་རྒྱག་པ་དང་ཁྲིད་སྟོན་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོར་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་བཏང་ཡོད།

    ལྷོ་བྲག་རྫོང་གིས“ཐུན་མོང་ལྔ་དང་སྲ་བརྟན་ལྔའི”བྱེད་སྒོ་དང་བརྗོད་དོན་གཙོ་བོའི་སློབ་གསོ་མཉམ་འདྲེས་ནུས་ལྡན་བྱས་ནས་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱི་སེམས་སུ་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་ཟུག་པར་བྱས་ཡོད། ཏང་སྲིད་དམག་ཉེན་དམངས་བཅས་ཆ་སྒྲིག་མཉམ་སྐྲུན་གཏིང་ཟབ་བྱས་ཏེ་གཞི་རིམ་གྱི་ཏང་རྩ་འཛུགས་དང་བརྒྱ་ཤོག་ཏང་ཀྲི་པུའུ་གཉིས་ཀར་བཅའ་སྡོད་བྱེད་པ་དང་མཉམ་དུ་སློབ་སྦྱོང་དང་ལག་ལེན་བྱས་ནས་བཅའ་སྡོད་བྱས་པའི་བརྒྱ་ཤོག་ཁྲིད་སྟོན་པས་ཏང་འཛུགས་སྐྱོང་གི་ཁྲིད་སྟོན་པའི་མིང་ཐོག་ནས་རྒྱ་ཆེའི་ཏང་ཡོན་མང་ཚོགས་ལ་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་བྱས་པ་དང་། གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིས་ལས་ཀའི་འབྲེལ་གཏུག་པའི་མིང་ཐོག་ནས་མཐའ་མཚམས་སུ་སྐོར་ཞིབ་དང་མཐའ་མཐམས་སྲུང་རིང་བརྒྱ་ཤོག་གི་སྣེ་ཤན་པའི་འགན་ཁུར་བ། གཞི་རིམ་གྱི་གྲོང་ཚོ(སྡེ་ཁུལ)དང་བཅའ་སྡོད་བྱས་པའི་བརྒྱ་ཤོག་གིས་མཉམ་དུ“མཐའ་མཚམས་ཀྱི་ཤིང་ཁང་སློབ་ཁང”དང“མཐའ་མཚམས་སྐོར་ཞིབ་ལག་ལེན་སློབ་ཁང”མཉམ་དུ་སྐྲུན་པ་བཅས་བྱས་ཡོད།

    ལྷོ་བྲག་རྫོང་གིས“ཕུའུ་ཅང་གི་ཉམས་མྱོང”ལག་བསྟར་གཏིང་ཟབ་བྱས་ཏེ“གཞི་རིམ་དུ་སྐྱོད་པ་བཞི”ལ་སྐུལ་སྤེལ་ཏན་ཏིག་བཏང་བ་དང་། རྫོང་རིམ་པའི་འགོ་ཁྲིད་ལས་བྱེད་པས་ངོ་བཅར་ལ་སྣེ་ལེན་ཞུ་བ་དང་གཤམ་ལ་བཅར་འདྲིར་སྐྱོད་པའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཤིང་། དུས་བཀག་ལྟར་རྫོང་རིམ་པའི་འགོ་ཁྲིད་ལས་བྱེད་པས་མང་ཚོགས་ཀྱི་ངོ་བཅར་ལ་སྣེ་ལེན་ཞུས་པ་མ་ཟད། མང་ཚོགས་ལ་སྔོན་ནས་བརྡ་ཐོ་ཡང་བཏང་ཡོད། “གཟའ་འཁོར་རེར་གྲལ་བཤེར་དང་ཟླ་བ་རེར་ཕྱོཌ་སྡོམ”བྱེད་པའི་བསམ་ཕྱོགས་ལྟར། དུས་བཀག་ནང་འགལ་བ་དང་རྩོད་གཞིའི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་གནད་དོན་གྲལ་བཤེར་དག་ཐེར་གྱི་རྩིས་ཁྲ་ཞིབ་ཚགས་སུ་བཏང་ནས་གྲལ་བཤེར་ཐུབ་པའི་གནད་དོན་སླར་ཡང་ཞིབ་ཕྲ་བཟོས་པ་དང་སླར་ཡང་ལས་བགོས་བརྒྱབ་སྟེ། གནད་དོན་མཐའ་མཇུག་ཏུ་ཐག་གཅོད་བྱེད་པ་ནས་སྔོན་ཚུད་ནས་བརྡར་གཅོད་དང་གྲལ་བཤེར་འདུམ་འགྲིག་ཐུབ་པའི་འགན་ལེན་བྱས་ཡོད། ད་ཡོད་ཀྱི་གནད་དོན་ལ་སྒྲུབ་འགན་འཁུར་མཁན་འགོ་ཁྲིད་གཏན་འཁེལ་ཁ་གསལ་བཟོས་ནས་དག་ཐེར་གྱི་གསལ་ཐོ་གྲུབ་པར་བྱས་པ་དང་། རྫོང་རིམ་པའི་འགོ་ཁྲིད་བཀོད་སྒྲིག་བྱས་ཏེ་འཐབ་ས་དང་པོ་དང་ཡུལ་དངོས་སུ་བསྐྱོད་ནས་གནད་དོན་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱས་ཤིང་། ཐག་གཅོད་ཀྱི་ཐབས་ཇུས་བཏོན་ནས་འགན་འཁྲིའི་སྡེ་ཚན་གྱིས་དམ་འཛིན་གཙོ་བོ་བྱེད་པ་དང་། གནད་དོན་སྒྲུབ་འགན་འཁུར་མཁན་འགོ་ཁྲིད་ཀྱིས་སྒྲུབ་སྐུལ་བྱེད་པ། གཏོགས་ཁོངས་ཤང་དང་གྲོང་རྡལ་གྱིས་གཞོགས་འདེགས་བཅས་བྱེད་པའི“1+1+1”གི་ལས་ཀའི་ལམ་སྲོལ་ཆགས་ཡོད།

    ལྷོ་བྲག་རྫོང་གིས“འཇུག་སྒོ་ཆུང་ངུར”དམིགས་ནས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་དང་ཏང་ཡོན་གྱི་དཔེ་སྟོན་ནུས་པ་གང་ལེགས་བཏོན་ཏེ་རྫོང་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། ཁ་དན་ཚིག་ལ་གནས་པའི་དང་བླངས་ཞབས་ཞུའི་རུ་ཁག་བཙུགས་ནས་ལས་ཐོག་ཏང་ཡོན་གྱི“འབྱོར་ཐོ་གཉིས་འགོད་པ”དང“ལས་གནས་ལ་གཞི་ཚུགས་ནས་ལེགས་སྐྱེས་འབུལ་བ”སོགས་ཀྱི་བྱེད་སྒོ་སྤེལ་ཏེ་ཏང་ཡོན་དང་ལས་བྱེད་པར་འཕེལ་རྒྱས་ལ་སྐུལ་འདེད་དང་། གཞི་རིམ་བཅོས་སྐྱོང་། མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་ཁྲོད་རང་འགུལ་ངང་བྱ་སྤྱོད་སྤེལ་བ་དང་འགན་འཁྲི་འཁུར་བར་ཁྲིད་སྟོན་བྱས་པ་དང་། འབྱོར་འབྲིང་གྲོང་ཚོའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་འཕེལ་རིམ་མགྱོགས་སུ་བཏང་སྟེ་གནས་སྤོས་མང་ཚོགས་ཀྱི་རེ་སྒུག་དང་དགོས་མཁོ་འཕྲལ་མར་བསྐངས་ནས་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་དང་འདྲ་བར་ས་སྲུང་མཐའ་བརྟན་ལ་ལེགས་སྐྱེས་འབུལ་ཐུབ་པ། སྨན་བཅོས་བོད་སྐྱོར་གྱི་ལེགས་ཆ་གང་ལེགས་བཏོན་ཏེ་རྨང་གཞིའི་སྨན་བཅོས་སྒྲིག་བཀོད་དང་སྒྲིག་ཆས་ཀྱི་ནུས་པ་ཆེ་རུ་གཏོང་བ་དང་། སྨན་བཅོས་ཚན་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཞིང་འབྲོག་ཁུལ་དུ་སྨན་པ་དཀའ་བཅུ་པའི་ཚོགས་པས་ཁྱིམ་ཚང་དང་གན་རྒྱ་འཇོག་པའི་ཞབས་ཞུའི་རྣམ་པ་ཁྱབ་གདལ་གཏོང་བ། ཤང་དང་གྲོང་རྡལ་དང་དེ་བཞིན་གྲོང་ཚོའི་སྨན་པའི་གཞི་རིམ་གྱི་སྨན་བཅོས་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། ཐག་རིང་ལུང་ཁུག་གི་ཤང་དང་གྲོང་རྡལ་གྱི་སློབ་ཆུང་སྐྲུན་མགྱོགས་སུ་བཏང་ནས་ཐག་རིང་ལུང་ཁུག་གི་ཤང་དང་གྲོང་རྡལ་གྱི་སློབ་མ་ས་ཐག་རིང་དུ་སློབ་གྲྭར་སྐྱོད་པའི་ད་ལྟའི་རྣམ་པ་ལེགས་བཅོས་བཅས་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།