དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཏིང་ཅུན་ཧུའེ་དང་ཨོ་ཧྲ་ལི་ཝུན་གྱིས་ས་མཐོའི་སི་ནོ་ཁེ་སྒྲོམ་སྟེགས་སྤོ་ལོའི་རྩེར་སོན་འགྲན་བསྡུར་བྱེད་རྒྱུ་ཡིན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-12-20

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་12ཚེས་18ཉིན་གློག་འཕྲིན་འབྱོར་གསལ། འདི་ལོའི་ཟླ་12ཚེས་31ཉིན་ནས་2024ལོའི་ཟླ་1ཚེས་1ཉིན་བར། བོད་ལྗོངས་ལྷ་སར་ཀྲུང་གོའི་སི་ནོ་ཁེ་སྒྲོམ་སྟེགས་སྤོ་ལོ་མཁས་ཅན་ཏིང་ཅུན་ཧུའེ་དང་དབྱིན་ཇིའི་སི་ནོ་ཁེ་སྒྲོམ་སྟེགས་སྤོ་ལོའི་ལུས་རྩལ་པ་གྲགས་ཅན་ལུའོ་ཉི·ཨོ་ཧྲ་ལི་ཝུན“རྩེར་སོན་འགྲན་བསྡུར”གྱི་ས་མཐོའི་སི་ནོ་ཁེ་སྒྲོམ་སྟེགས་སྤོ་ལོའི་གྲགས་ཅན་གྱི་འགྲན་སློང་འགྲན་བསྡུར་ལ་ཞུགས་རྒྱུ་རེད། དེ་གོང་མཇུག་འགྲིལ་མ་ཐག་པའི་2023ལོའི་སི་ནོ་ཁེ་སྒྲོམ་སྟེགས་སྤོ་ལོའི་དབྱིན་ཇིའི་ལེགས་སྐྱེས་འགྲན་བསྡུར་ཁྲོད་ལུས་རྩལ་པ་གྲགས་ཅན་གཉིས་ཀྱིས་ཨང་དང་པོ་བརྩོན་ལེན་གྱི་འགྲན་བསྡུར་འཁྲུག་པོ་བྱས་པ་རེད།

    ཚེས་18ཉིན་གསར་འགོད་པས་ཤེས་རྟོགས་བྱས་པ་ལྟར་ན། ད་ཐེངས་ཀྱི་འགྲན་བསྡུར་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་ཀྲུང་གོ་སྒྲོམ་སྟེགས་སྤོ་ལོ་མཐུན་ཚོགས་ཀྱིས་མཉམ་དུ་གཙོ་གཉེར་བྱས་ཤིང་། གྲ་སྒྲིག་འདེམས་སྒྲུག་འགྲན་བསྡུར་དང་འགྲན་སློང་འགྲན་བསྡུར་གྱི་དུས་མཚམས་གཉིས་བཀོད་སྒྲིག་བྱས་ཤིང་། གྲ་སྒྲིག་འདེམས་སྒྲུག་འགྲན་བསྡུར་ཚེས་18ཉིན་འགོ་ཚུགས་པ་ནས་དུས་ཡུན་ཉིན་4ཡིན་པ་དང་། མིག་སྔར་ས་གནས་དེ་གའི་སི་ནོ་ཁེ་སྒྲོམ་སྟེགས་སྤོ་ལོར་དགའ་པོ་བྱེད་མཁན་64བསྡུས་ཡོད། འགྲན་སློང་འགྲན་བསྡུར་གྱི་དུས་ཡུན་ཉིན་གཉིས་ཡིན་པ་དང་། གྲ་སྒྲིག་འདེམས་སྒྲུག་འགྲན་བསྡུར་གྱི་ཨང་དང་པོ་དང་གཉིས་པ་ཐོབ་མཁན་གྱིས་རྒྱན་བརྒྱབ་ནས་ཏིང་ཅུན་ཧུའེ་འམ་ཡང་ན་ཨོ་ཧྲ་ལི་ཝུན་ལ་འགྲན་སློང་བྱ་རྒྱུ་ཡིན་པ་དང་། 2024ལོའི་ཟླ་1ཚེས་1ཉིན་ཏིང་ཅུན་ཧུའེ་དང་ཨའོ་ཧྲ་ལི་ཝུན་གྱིས་རྩེར་སོན་འགྲན་བསྡུར་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།