ས་གནས་ས་ཐོག་ཏུ་དམར་ཁྲིད་བྱས་པས་རྩལ་ནུས་ཁོང་དུ་ཆུད་པ།
ཉེ་ཆར། གཞིས་རྩེ་གྲོང་ཁྱེར་ནགས་ཚལ་མེ་ཟོན་རུ་ཆེན་གྱིས“དྲིལ་བསྒྲགས་དང་གསོ་སྦྱོང”ཟུང་འབྲེལ་བྱེད་སྟངས་སྤྱད་དེ། ཁོངས་གཏོགས་ཁུལ་གྱི་སློབ་གྲྭ་དང་། ཁེ་ལས། སྡེ་ཁུལ་བཅས་སུ་མེ་ཟོན་གྱི“སྒོ་དབྱེ་ཉིན་མོའི”བྱེད་སྒོ་དང་དེ་བཞིན་འཕྲལ་སྡོམ་ཁ་འགྲེམས་ནང་སྦྱོང་སོགས་ཀྱི་མེ་ཟོན་ཤེས་བྱ་དྲིལ་བསྒྲགས་དང་། མཛུབ་ཁྲིད། ཞབས་འདེགས་ཞུ་བ་བཅས་ཀྱི་ཆེད་དོན་བྱེད་སྒོ་སྤེལ་ནས་མང་ཚོགས་ལ་མེ་གསོད་ཡོ་ཆས་དང་མེ་ཟོན་ཆུ་སྒོ་སྤྱོད་སྟངས་མཛུབ་ཁྲིད་དང་། མེ་ཟོན་བདེ་འཇགས་ཀྱི་དྲིལ་བསྒྲགས་ལག་དེབ་སྤྲོད་པ། མེ་ཟོན་བདེ་འཇགས་ཀྱི་གལ་ཆེའི་རང་བཞིན་ལ་འགྲེལ་བཤད་རྒྱག་པ་བཅས་བྱས་པ་དང་། མང་ཚོགས་ལ་སྲོག་ཉེན་ལས་ཐར་ཐབས་དང་རང་སྐྱོབ་ཀྱི་རྩལ་ནུས་དཔེ་སྟོན་བྱས་པས། མེ་ཟོན་བདེ་འཇགས་ཀྱི་ཤེས་བྱ་ཁྱིམ་ཚང་ཁྲི་སྟོང་མང་པོས་ཤེས་ཡོད། འདི་ནི་མེ་ཟོན་མི་སྣས་སློབ་མ་ཚོར་མྱུར་སྐྱོབ་ཤེས་བྱ་སློབ་བཞིན་པ།