དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱི་གྲོང་ཚོ་ཁག་ལ་མྱུར་སྐྱེལ་ཁྱབ་ཚད་85%ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-12-20

    ཉིན་ཤས་གོང་། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན། མིག་སྔའི་བར། མཚོ་སྔོན་ཞིང་ཆེན་གྱིས་རྫོང་རིམ་པའི་གཅིག་གྱུར་མཛོད་འཇུག་སྡེབ་སྐྱེལ་ལྟེ་གནས་22དང་གྲོང་ཚོ་རིམ་པའི་སྦྲག་སྐུར་ཞབས་ཞུའི་ས་ཚིགས་2275བསྐྲུན་པ་དང་། འགྲུལ་སྐྱེལ་དང་། ཟོག་འདྲེན། སྦྲག་སྲིད་མྱུར་སྐྱེལ་བཅས་མཉམ་འདྲེས་ཀྱི་ལམ་ཐིག་22བཏོད་པར་མཉམ་ལས་ལམ་ཐག་སྤྱི་ལེ་1275ཟིན་ཞིང་། ཞིང་ཆེན་ཡོངས་ཀྱི་གྲོང་ཚོར་མྱུར་སྐྱེལ་ཁྱབ་ཚད་85%ཟིན་པ་དང་། ཞིང་ཆེན་ཡོངས་ཀྱི་འགྲུལ་སྐྱེལ་དང་། ཟོག་འདྲེན། སྦྲག་སྲིད་མྱུར་སྐྱེལ་བཅས་མཉམ་འདྲེས་འཕེལ་རྒྱས་བྱུང་རྗེས་ཆ་སྙོམས་ཟོག་འདྲེན་བྱེད་ཚད་1459ཟིན་ཡོད་པ་རེད།

    ད་ལོ་ཚུན། མཚོ་སྔོན་ཞིང་ཆེན་གྱིས་ཡུལ་བབ་དང་བསྟུན་ནས་གྲོང་གསེབ་ཀྱི་གཞུང་ལམ་རྒྱ་སྐྱེད་དང་སྣུར་སྲིང་ལས་གྲྭར་སྐུལ་འདེད་དང་། བབ་བསྟུན་སྣེ་ཁྲིད་ཀྱིས་གྲོང་གསེབ་ཀྱི་འགྲུལ་སྐྱེལ་དང་། ཟོག་འདྲེན། སྦྲག་སྲིད་མྱུར་སྐྱེལ་བཅས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། མང་ཚོགས་འགྲོ་སྐྱོད་དང་། དངོས་ཟོག་འཁོར་རྒྱུག སྦྲག་སྲིད་མྱུར་སྐྱེལ་གྱི་ཞབས་ཞུ་བཅས“མཐའ་མའི་འགག་གནད”གསུམ་གྱི་དཀའ་གནད་སྤྱི་འདོམས་ཐག་གཅོད་བྱས་པ་རེད། འབྲེལ་ཡོད་སྡེ་ཚན་མཉམ་དུ་ཞུགས་པའི་འགྲུལ་སྐྱེལ་དང་། ཟོག་འདྲེན། སྦྲག་སྲིད་མྱུར་སྐྱེལ་བཅས་མཉམ་འདྲེས་འཕེལ་རྒྱས་ཀྱི་མཐུན་སྦྱོར་སྒྲིག་གཞི་འཛུགས་པར་སྐུལ་འདེད་བཏང་ནས“ས་ཚིགས་གཅིག་ལ་ནུས་པ་མང་བ་དང་། དྲ་མང་མཉམ་སྤྱོད། གཅིག་གྱུར་དོ་དམ། གཅིག་སྡུད་སྡེབ་སྐྱེལ”བཅས་ཀྱི་འཛུགས་སྐྲུན་བསམ་ཕྱོགས་གཞིར་བཟུང་། བལྟོས་བཅས་ཀྱིས་བེད་མེད་དུ་བཞག་པའི་ཤང་དང་གྲོང་རྡལ་གྱི་ཕྱོགས་བསྡུས་ཞབས་ཞུ་ས་ཚིགས་ཤང་དང་གྲོང་རྡལ་གྱི་སྦྲག་སྐུར་ཟོག་འགྲེམས་ཕྱོགས་བསྡུས་ཞབས་ཞུའི་ས་ཚིགས་སུ་རིམ་སྤོར་སྒྱུར་བཀོད་བྱས་ནས་སྦྲག་སྲིད་མྱུར་སྐྱེལ་དང་འགྲུལ་སྐྱེལ་ཁེ་ལས་ལ་རིན་མེད་སྤྱོད་དུ་བཅུག་སྟེ། རྫོང་དང་འབྲེལ་མཐུད་དང་གྲོང་ཚོ་དང་འབྲེལ་གཏུག་ཐུབ་པའི་བསྡུ་འགྲེམ་གྱི་བར་བརྒྱུད་ནུས་པ་ཆེ་རུ་བཏང་ཡོད། མིག་སྔར་ཞིང་ཆེན་ཡོངས་ཀྱིས་ཤང་དང་གྲོང་རྡལ་གྱི་སྦྲག་སྐུར་ཟོག་འགྲེམས་ཕྱོགས་བསྡུས་ཞབས་ཞུའི་ས་ཚིགས་15སྒྱུར་བཀོད་དང་སླར་གསོ་བྱས་པ་རེད།

    དེ་དང་དུས་མཚུངས། མཚོ་སྔོན་ཞིང་ཆེན་གྱིས་ད་དུང་སྦྲག་སྲིད་མྱུར་སྐྱེལ་ཁེ་ལས་དང་དམངས་གཉེར་མྱུར་སྐྱེལ་ཁེ་ལས་ཀྱིས་མཉམ་དུ་ཟོག་འགྲེམས་ཀུང་སི་འཛུགས་པར་ལྕག་སྐུལ་བྱས་ཏེ“གཅིག་གྱུར་མཛོད་འཇུག་སྡེབ་སྐྱེལ”གྱི་བྱེད་ཐབས་ལ་སྐུལ་འདེད་བཏང་ཞིང་། མི་དང་། རླངས་འཁོར། དྲ་ཐོག་བཅས་ཆེན་པོ་གསུམ་ལ་ཕྱོགས་ཡོངས་ནས་དབྱེ་ཞིབ་བྱས་ཏེ། གནད་སྨིན་ཆ་སྒྲིག་ཐུབ་པར་བྱས་ནས་ཐག་རིང་ལུང་ཁུག་གི་གྲོང་ཚོ་ཁག་གཅིག་ཕུད་མྱུར་སྐྱེལ་ཐུམ་སྒྲིལ་ཚང་མ་རྫོང་རིམ་པའི་མཛོད་འཇུག་ཟོག་འགྲེམས་སྡེབ་སྐྱེལ་ལྟེ་གནས་ནས་གྲོང་ཚོ་རིམ་པའི་ས་ཚིགས་སུ་ཆུ་ཚོད་12ནང་སྐྱེལ་ཐུབ་པར་བྱས་པས་སྡེབ་སྐྱེལ་ལས་ཆོད་ཆེ་རུ་ནུས་ལྡན་ཕྱིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།