དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • བོད་ཀྱིས《བོད་རང་སྐྱོང་ལྗོངས་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་སྲོལ་ཡིག》འདོན་རྩིས་ཡོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-12-20

    《སྲོལ་ཡིག(འཆར་ཟིན)》དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི《ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་སྲོལ་ཡིག》གཞི་འཛིན་ས་གཙོ་བོར་བྱས་ནས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་ཐབས་ཇུས་བཀོད་སྒྲིག་དང་ཚོང་གཉེར་ཁོར་ཡུག་གི་གདེང་འཇོག་གི་དམིགས་ཚད་མ་ལག་ལེགས་སུ་གཏོང་རྒྱུའི་སྐོར་གྱི་འབྲེལ་ཡོད་ནང་དོན་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་དང་བོད་ཀྱི་ཁྱད་ཆོས་མངོན་པར་བྱས་ནས་ཁྲིམས་སྲོལ་དོན་ཚན་ཁག་ཏུ་དོན་འཁྱོལ་ཐུབ་པར་བྱས་ཏེ། དོན་ཚན་ཁག་ཚང་མའི་ཁྲིམས་མཐུན་རང་བཞིན་དང་སྲིད་ཇུས་དང་མཐུན་པའི་རང་བཞིན་འགན་ལེན་བྱས་པ་དང་ཆབས་ཅིག 《2022ལོའི་ལོ་འཁོར་གྱི་དམངས་གཉེར་ཁེ་ལས་ཁྲི་ཡིས་ཚོང་གཉེར་ཁོར་ཡུག་ལ་གདེང་འཇོག་བྱེད་པའི་བོད་རང་སྐྱོང་ལྗོངས་ཀྱི་གྲངས་གཞིའི་དབྱེ་ཞིབ་སྙན་ཞུ》དང་བོད་ལྗོངས་ནང་ཁུལ་གྱི་བརྟག་ཞིབ་གནས་ཚུལ་ལ་གཞིགས་ནས། བོད་ཀྱི་ཚོང་གཉེར་ཁོར་ཡུག་ཐད་ལྷག་པའི་གནད་འགག་དང་། དཀའ་གནད། འགག་རྩ་སོགས་ཀྱི་གནད་དོན་གསེད་བཀྲོལ་བྱས་ཏེ་ལམ་ལུགས་ལ་བརྟེན་ནས་ལན་སློག་པ་དང་གནད་སྨིན་ཇུས་འདོན་ཐུབ་པའི་འགན་ལེན་བྱས་ཡོད།

    གསར་འགོད་པར་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། འདི་ལོ་བོད་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་དང་བོད་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་མཉམ་དུ《བོད་རང་སྐྱོང་ལྗོངས་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་སྲོལ་ཡིག》འདོན་པའི་འབྲེལ་ཡོད་ལས་དོན་ལ་མགྱོགས་མྱུར་སྐུལ་འདེད་བཏང་ཞིང་། མིག་སྔར《སྲོལ་ཡིག(འཆར་ཟིན)》ལ་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་དྲུག་པའི་ཐོག་གྲོས་ཞིབ་ཐེངས་དང་པོ་བྱས་པ་རེད།

    བོད་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཝང་ཅིང་ཚའེ་ཡིས《སྲོལ་ཡིག(འཆར་ཟིན)》དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི《ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་སྲོལ་ཡིག》གཞི་འཛིན་ས་གཙོ་བོར་བྱས་ནས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་ཐབས་ཇུས་བཀོད་སྒྲིག་དང་ཚོང་གཉེར་ཁོར་ཡུག་གི་གདེང་འཇོག་གི་དམིགས་ཚད་མ་ལག་ལེགས་སུ་གཏོང་རྒྱུའི་སྐོར་གྱི་འབྲེལ་ཡོད་ནང་དོན་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་དང་བོད་ཀྱི་ཁྱད་ཆོས་མངོན་པར་བྱས་ནས་ཁྲིམས་སྲོལ་དོན་ཚན་ཁག་ཏུ་དོན་འཁྱོལ་ཐུབ་པར་བྱས་ཏེ། དོན་ཚན་ཁག་ཚང་མའི་ཁྲིམས་མཐུན་རང་བཞིན་དང་སྲིད་ཇུས་དང་མཐུན་པའི་རང་བཞིན་འགན་ལེན་བྱས་པ་དང་ཆབས་ཅིག 《2022ལོའི་ལོ་འཁོར་གྱི་དམངས་གཉེར་ཁེ་ལས་ཁྲི་ཡིས་ཚོང་གཉེར་ཁོར་ཡུག་ལ་གདེང་འཇོག་བྱེད་པའི་བོད་རང་སྐྱོང་ལྗོངས་ཀྱི་གྲངས་གཞིའི་དབྱེ་ཞིབ་སྙན་ཞུ》དང་བོད་ལྗོངས་ནང་ཁུལ་གྱི་བརྟག་ཞིབ་གནས་ཚུལ་ལ་གཞིགས་ནས། བོད་རང་སྐྱོང་ལྗོངས་ཀྱི་ཚོང་གཉེར་ཁོར་ཡུག་ཐད་ལྷག་པའི་གནད་འགག་དང་། དཀའ་གནད། འགག་རྩ་སོགས་ཀྱི་གནད་དོན་གསེད་བཀྲོལ་བྱས་ཏེ་ལམ་ལུགས་ལ་བརྟེན་ནས་ལན་སློག་པ་དང་གནད་སྨིན་ཇུས་འདོན་ཐུབ་པའི་འགན་ལེན་བྱས་ཡོད། ས་གནས་དེ་གའི་གཙོ་ཆེའི་དྲ་ཚུགས་དང་བོད་རང་སྐྱོང་ལྗོངས་གཞི་གཅིག་ཅན་གྱི་སྲིད་དོན་ཞབས་ཞུའི་ལས་སྟེགས་སོགས་མངོན་གསལ་དོད་སར་ཁེ་ལས་ལ་ཕན་པའི་སྲིད་ཇུས་ཆེད་དོན་ཁུལ་བཙུགས་ཏེ། དངུལ་རྩའི་ལས་ཁུངས་ཁག་གིས་དམངས་གཉེར་ཁེ་ལས་དང་། ཁེ་ལས་འབྲིང་ཆུང་ཕྲན་གསུམ། ཁེར་རྐྱང་བཟོ་ཚོང་དུད་ཚང་། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་སོགས་བྱེད་པོར་ཡིད་རྟོན་དངུལ་བུན་གཏོང་ཤུགས་ཆེ་རུ་གཏོང་བར་སྐུལ་ལྕག་དང་ཁྲིད་སྟོན་བྱས་ཡོད། གཞན་ཡང་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས“ཡག་ཤོས་བཞིའི”ཚོང་གཉེར་ཁོར་ཡུག་གཏོད་པའི་བླང་བྱ་ལྟར《སྲོལ་ཡིག(འཆར་ཟིན)》ནང་སྲིད་དོན་ཞབས་ཞུའི་ཆ་ཤས་སུ་ལྷུ་ཚིགས་ཉུང་གཏོང་དང་། དཔྱད་ཡིག་ཉུང་གཏོང་། དུས་ཚད་ཐུང་དུ་གཏོང་བ་བཅས་བྱེད་དགོས་པ་དང་སྲིད་དོན་ཞབས་ཞུ་ལྟེ་གནས་ཀྱི་ལས་དོན་མི་སྣའི་ལས་སྒོའི་མཛུབ་ཁྲིད་དང་ཞབས་ཞུའི་སྤུས་ཚད་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་གཏན་འབེབས་ཁ་གསལ་བྱས་ཏེ་ཞིབ་བཤེར་མཆན་བཀོད་ཀྱི་བརྒྱུད་རིམ་ལེགས་སུ་བཏང་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།