དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཧང་ག་རིས་ཡོ་རོབ་མནའ་འབྲེལ་གྱིས་ཡོ་སྒོར་དུང་ཕྱུར་500བཏང་ནས་ཡུག་རེན་ལ་རོགས་སྐྱོར་བྱེད་པའི་འཆར་གཞི་ཁས་མ་བླངས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-12-20

    ཚེས་15ཉིན་ཧང་ག་རིའི་ཙུང་ལི་ཨོར་པན་གྱིས་སྤྱི་ཚོགས་ཀྱི་འབྲེལ་བའི་སྨྱན་སྦྱོར་དུ། ཡོ་རོབ་མནའ་འབྲེལ་གྱིས་ཡུག་རེན་ལ་ཡོ་སྒོར་དུང་ཕྱུར་500བཏང་ནས་རོགས་སྐྱོར་བྱེད་པའི་འཆར་གཞིར་ཧང་ག་རིས་ཁས་ལེན་གྱི་མིན་ཞེས་བརྗོད། ཚེས་14ཉིན་གྱི་མཚན་མོར་པུ་རུ་སེར་འཚོགས་པའི་ཡོ་རོབ་མནའ་འབྲེལ་གྱི་དབུ་ཚོགས་ལ་ཡོ་སྒོར་དུང་ཕྱུར་500བཏང་ནས་ཡུག་རེན་ལ་རོགས་སྐྱོར་བྱེད་པའི་འཆར་གཞིར་བརྡས་ཐག་བཅད་ཡོད། ཨོར་པན་གྱིས་ངོ་རྒོལ་གྱི་སྤང་སེ་འཕངས་པས་ཡོ་རོབ་མནའ་འབྲེལ་གྱི་ཁོངས་མིའི་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་འཆར་གཞི་དེར་ངོས་འཛིན་གཅིག་མཐུན་བྱུང་མེད་པ་རེད།

    འདི་ནི་ཟླ་12ཚེས་14ཉིན་པེར་ཀྲེམ་གྱི་རྒྱལ་ས་པུ་རུ་སེར་ཧང་ག་རིའི་ཙུང་ལི་ཨོར་པན་ཡོ་རོབ་མནའ་འབྲེལ་དབུ་ཚོགས་ཀྱི་ཚོགས་རར་ཞུགས་པའི་གནས་ཚུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།