དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • གྲངས་འཛིན་མཉམ་སྦྲེལ་མཉམ་མཐུད་ནི་འབྱུང་འགྱུར་ཚོང་དོན་གྱི་འགག་རྩའི་རྒྱུ་རྐྱེན་ཞིག་ཏུ་འགྱུར་གྱི་ཡོད་པ།

    —— རྒྱལ་སྤྱིའི་ཚོང་དོན་ལྟེ་གནས་ཀྱི་ལག་བསྟར་ཀྲུའུ་རེན་ཕཱ་མེ་ལཱ·ཁོ་ཁེ—ཧན་སྨིར་ཏུན་ལ་བཅར་འདྲི་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2023-12-20

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་རི་ནེ་ཝ་ནས་གློག་འཕྲིན་འབྱོར་གསལ། མཉམ་འབྲེལ་རྒྱལ་ཚོགས་དང་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་མཉམ་བཙུགས་སྒྲིག་གཞི་རྒྱལ་སྤྱིའི་ཚོང་དོན་ལྟེ་གནས་ཀྱི་ལག་བསྟར་ཀྲུའུ་རེན་ཕཱ་མེ་ལཱ·ཁོ་ཁེ—ཧན་སྨིར་ཏུན་གྱིས་ཉིན་ཤས་གོང་སུའེ་ཙེར་གྱི་རི་ནེ་ཝར་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཡིག་ཐོག་བཅར་འདྲི་དང་ལེན་བྱེད་སྐབས། གྲངས་འཛིན་མཉམ་སྦྲེལ་མཉམ་མཐུད་ནི་འབྱུང་འགྱུར་ཚོང་དོན་གྱི་འགག་རྩའི་རྒྱུ་རྐྱེན་ཞིག་ཏུ་འགྱུར་གྱི་ཡོད་ཅེས་བརྗོད་པ་རེད།

    གོ་ལ་ཧྲིལ་པོའི་གྲངས་འཛིན་ཚོང་དོན་དངོས་མང་སྟོན་ཚོགས་སྐབས་གཉིས་པ་མིག་སྔར་ཀྲུང་གོའི་ཧང་ཀྲོའུ་རུ་གཉེར་བཞིན་ཡོད་པ་དང་། ཁོ་ཁེ—ཧན་སྨིར་ཏུན་གྱིས། འདི་ནི་རྒྱལ་སྤྱིའི་ཚོང་དོན་ལྟེ་གནས་གོ་ལ་ཧྲིལ་པོའི་གྲངས་འཛིན་ཚོང་དོན་དངོས་མང་སྟོན་ཚོགས་ལ་ཞུགས་ཐེངས་གཉིས་པ་ཡིན་ལ། གྲངས་འཛིན་མཉམ་སྦྲེལ་མཉམ་མཐུད་ལ་ཤུགས་སྣོན་བརྒྱབ་པ་བརྒྱུད་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཚོང་དོན་ལ་སྐུལ་འདེད་གཏོང་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།

    “ལག་རྩལ་གྱིས་གོ་ལ་ཧྲིལ་པོའི་ཚོང་དོན་གནས་བབ་ལ་འགྱུར་ལྡོག་གཏོང་བཞིན་ཡོད”གྲངས་འཛིན་མཉམ་སྦྲེལ་མཉམ་མཐུད་ནི་འབྱུང་འགྱུར་ཚོང་དོན་གྱི་འགག་རྩའི་རྒྱུ་རྐྱེན་ཞིག་ཏུ་འགྱུར་གྱི་རེད། “ང་ཚོས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁེ་ལས་ཆུང་གྲས་ལ་ཕྱོགས་སྒྱུར་འདི་ནས་ཕན་པ་འཐོབ་པའི་རེ་བ་བྱེད་ཀྱི་ཡོད”ཅེས་ཁོ་ཁེ—ཧན་སྨིར་ཏུན་གྱིས་བརྗོད།

    ཁོང་གིས། དྲ་རྒྱ་འཛུགས་པ་དང་མི་གསོ་སྦྱོང་བྱས་པ་བརྒྱུད། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁེ་ལས་ཆུང་གྲས་ཁག་དུས་རབས་གོང་མའི་གཏན་འཇགས་ཁ་པར་ལག་རྩལ་གྱི་དུས་སྐབས་ལས་བསྒྲལ་ཏེ་ཐད་ཀར་སྒུལ་བདེའི་དྲ་རྒྱའི་ལག་རྩལ་དུས་སྐབས་སུ་བསྐྱོད་ཆོག་ཅེས་བརྗོད་པ་རེད།

    ཁོ་ཁེ—ཧན་སྨིར་ཏུན་གྱིས། གྲངས་འཛིན་ཚོང་དོན་འཕེལ་རྒྱས་ཕྱིན་ཚེ་ཕྱོགས་གཅིག་ནས་ཁེ་ལས་ཆུང་གྲས་ལ་གོ་སྐབས་རག་ཀྱང་ཕྱོགས་གཞན་ཞིག་ནས་འགྲན་སློང་ཡང་ཕྲད་ཡོད། རྒྱལ་སྤྱིའི་ཚོང་དོན་ལྟེ་གནས་ཀྱིས་གོ་ལ་ཧྲིལ་པོའི་གྲངས་འཛིན་ཚོང་དོན་དངོས་མང་སྟོན་ཚོགས་སོགས་ལས་སྟེགས་བརྒྱུད་སྲིད་གཞུང་དང་། སྒྲིག་གཞི། ཁེ་ལས་བཅས་དང་མཉམ་ལས་བྱས་ནས། ཁེ་ལས་ཆུང་གྲས་ལ་ཚོང་ལས་དང་འཕེལ་རྒྱས་ལ་དེ་བས་ཕན་པའི་ཁོར་ཡུག་གཏོད་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།

    ཁོང་གིས། གྲངས་འཛིན་དཔལ་འབྱོར་གྱིས་ཀྲུང་གོར་ཤུགས་རྐྱེན་ཟབ་མོ་ཐེབས་ནས་མི་རྣམས་ཀྱི་འཚོ་བ་སྐྱེལ་སྟངས་ལ་འགྱུར་ལྡོག་བཏང་ཡོད། “གྲངས་འཛིན་དཔལ་འབྱོར་ལས་ཞབས་འདེགས་སྔར་བས་སྟབས་བདེ་དང་། གདམ་ག་སྔར་བས་ཆ་ཚང་། ཚོང་ཟོག་སྔར་བས་ཁེ་པོ་བཅས་བྱུང་ཡོད”པའི་ངོས་འཛིན་བྱས་པ་རེད།

    ཁོ་ཁེ—ཧན་སྨིར་ཏུན་གྱིས། གྲངས་འཛིན་ཚོང་དོན་འཕེལ་རྒྱས་ཕྱིན་པ་ལས་ཚོང་ལས་ཀྱི་གོ་སྐབས་གསར་པ་བྱུང་ཡོད། ཀྲུང་གོས་གྲངས་འཛིན་ཚོང་དོན་འཕེལ་རྒྱས་ལ་ཤུགས་སྣོན་བརྒྱབ་པ་ལས་གོ་ལ་ཧྲིལ་པོ་དང་། ལྷག་པར་དུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་ཤུགས་རྐྱེན་བཟང་པོ་ཐེབས་ཡོད། ཀྲུང་གོར་གྲངས་འཛིན་ཚོང་དོན་ཁྱབ་ཁོངས་སུ་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་པས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གཞན་དག་གི་ཁེ་ལས་ཆུང་གྲས་ལ་རོགས་རམ་བྱས་ཆོག་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།