དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ཝེ་ཀྲུང་གཞོན་ནུའི་དབར་རྒྱུས་མངའ་དང་མཛའ་བཤེས་ཟབ་ཏུ་འགྲོ་བའི་སྒྲོག་ཐག”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ལིའུ་ཀང་དང་། ཀྲང་ཡོན་ནན། དབྱང་དབྱི། ཀྲང་ཅིན་རུའོ། ཞེ་ཅ་ཅུན།   |     སྤེལ་དུས།  2023-12-20

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལོ་དྲུག་གི་རྗེས་སུ་སླར་ཡང་ཝེ་ཐེ་ནམ་ལ་འཚམས་འདྲི་གནང་བར་ཕེབས་ཀྱི་ཡོད་པ་ཤེས་ནས་ཧ་ནོ་དབྱི་སློབ་ཆེན་ཁུང་ཙི་སློབ་གླིང་གི་དགེ་སློབ་ཚོས“ཝེ་ཀྲུང་མཛའ་བརྩེ་ཟབ”“སྐུ་ཉིད་ཝེ་ཐེ་ནམ་ལ་ཕེབས་པར་དགའ་བསུ་ཞུ”ཞེས་པའི་ཡི་གེ་ཆེད་དུ་བྲིས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ད་རེས་འཚམས་འདྲི་གནང་བ་དེས་རྒྱལ་ཁབ་གཉིས་པོའི་གཞོན་ནུའི་མི་རབས་དབར་ཕན་ཚུན་རྒྱུས་མངའ་དང་མཛའ་བཤེས་ཟབ་ཏུ་འགྲོ་བའི་རེ་སྒུག་བྱེད་བཞིན་ཡོད།

    2014ལོའི་ཟླ་བཅུ་གཉིས་པར། ཧ་ནོ་དབྱི་སློབ་ཆེན་ཁུང་ཙི་སློབ་གླིང་དངོས་སུ་བཙུགས་ཤིང་། དེ་ནི་ཀོང་ཤིས་དགེ་འོས་སློབ་ཆེན་དང་ཧ་ནོ་དབྱི་སློབ་ཆེན་གྱིས་མཉམ་དུ་གཉེར་བ་དང་། ཀྲུང་གོ་དང་ཝེ་ཐེ་ནམ་རྒྱལ་ཁབ་གཉིས་ཀྱིས་མཉམ་དུ་བཙུགས་པའི་ཁུང་ཙི་སློབ་གླིང་ཐོག་མ་དེ་ཡིན་པ་མ་ཟད། རྒྱལ་ཁབ་གཉིས་པོའི་སློབ་གསོ་དང་རིག་གནས་སྤེལ་རེས་མཉམ་ལས་ཀྱི་གྲུབ་འབྲས་གལ་ཆེན་གྱི་གྲས་ཤིག་ཀྱང་རེད།

    “འདི་ལོའི་ཟླ་བཅུ་གཅིག་པའི་ཟླ་མཇུག་བར། ཧ་ནོ་དབྱི་སློབ་ཆེན་ཁུང་ཙི་སློབ་གླིང་གིས་རྒྱ་ཡིག་སློབ་ཚན་ཁག་10བཙུགས་པ་དང་སློབ་ཁྲིད་བྱེད་ཡུན་ཁྱོན་ཆུ་ཚོད་2050ཟིན་ཡོད”ཅེས་ཧ་ནོ་དབྱི་སློབ་ཆེན་ཁུང་ཙི་སློབ་གླིང་གི་ཝེ་ཐེ་ནམ་ཕྱོགས་ཀྱི་ཡོན་ཀྲང་ཏུའུ་ཆིང་ཡུན་གྱིས་འདི་ག་ཚགས་པར་གྱི་གསར་འགོད་པར་ངོ་སྤྲོད་བྱས།

    ཧ་ནོ་དབྱི་སློབ་ཆེན་ཁུང་ཙི་སློབ་གླིང་གི་ཀྲུང་གོ་ཕྱོགས་ཀྱི་ཡོན་ཀྲང་ལུའོ་ཅུན་གྱིས་སློབ་གླིང་གིས་རྒྱལ་ཁབ་གཉིས་པོའི་རིག་གནས་སྤེལ་རེས་ལ་སྐུལ་འདེད་གཏོང་བར་གཞོལ་ནས་རྒྱ་ཡིག་དང་རིག་གནས་ཀྱི་སློབ་ཚན་ཁྲིད་པ་མ་ཟད། རྒྱལ་ཁབ་གཉིས་པོའི་གཞོན་ནུའི་དབར་གྱི་མཛའ་གྲོགས་འགྲོ་འོང་ལ་སྐུལ་མ་གཏོང་བའི་བྱེད་སྒོ་ཐེངས་མང་སྤེལ་ཡོད། ཡན་ཨན་སློབ་ཆེན་དང་། ནུབ་བྱང་བཟོ་ལས་སློབ་ཆེན། བྱང་ཤར་དགེ་འོས་སློབ་ཆེན་བཅས་ཀྱི་སློབ་མ་ཁུང་ཙི་སློབ་གླིང་ལ་སླེབས་ནས་རྒྱལ་ཁབ་གཉིས་པོའི་གཞོན་ནུས་ཡིག་གཟུགས་དང་ཆུ་ཚོན་རི་མོ་བྲིས་ཏེ་མཉམ་འགུལ་བྱེད་རིང་ཕན་ཚུན་དབར་སེམས་ཐག་ཉེ་རུ་བཏང་བ་དང་རྒྱལ་ཁབ་གཉིས་པོའི་གཞོན་ནུས་རིག་གནས་སྒྲོག་ཐག་ལྟ་བུར་བརྩིས་པས་ཕན་ཚུན་དབར་རྒྱུས་མངའ་དང་བརྩེ་བ་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་ཡོད་ཅེས་བཤད།

    ཏུའུ་ཆིང་ཡུན་གྱིས། ཧ་ནོ་དབྱི་སློབ་ཆེན་ཁུང་ཙི་སློབ་གླིང་གིས་ལྟད་མོ་ཆེ་བའི་རིག་གནས་སྒྱུ་རྩལ་བྱེད་སྒོ་རྟག་ཏུ་གཉེར་གྱི་ཡོད། རིམ་རྩིས་བྱས་ན། ལྟ་མཁན་མི་ཐེངས་ཁྲི་4.5ཡི་ཡིད་ཀྱི་བརྟན་པ་ཅིག་ཅར་འཕྲོགས་ནས་ཝེ་ཐེ་ནམ་དང་ཀྲུང་གོའི་གཞོན་ནུས་རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་ལ་རྒྱུས་མངའ་དང་ཕན་ཚུན་དབར་གྱི་རིག་གནས་ཤེས་རྟོགས་ཡོང་བའི་སྦྲེལ་ཟམ་ལྟ་བུར་གྱུར་ནས་རྒྱལ་ཁབ་གཉིས་པོའི་གཞོན་ནུས་ཕན་ཚུན་འཚམས་འདྲི་དང་སྤེལ་རེས་བྱེད་པར་གོ་སྐབས་བཏོད་ཡོད་ཅེས་ངོ་སྤྲོད་བྱས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།