དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ཟླ་དང་པོ་ནས་བཅུ་པའི་བར་ལྷ་སའི་སྤྱི་ཚོགས་འཛད་རྫས་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་359.29ཟིན་པ།

    ​ཉེ་བའི་ལོ་བཅུའི་རིང་ཆུ་ཚད་ལེགས་ཤོས་བཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-20

    ཉེ་དུས། གསར་འགོད་པས་ལྷ་ས་གྲོང་ཁྱེར་གྱིས་འཚོགས་པའི“འཁོར་རྒྱུག་ལ་སྐུལ་འདེད་བཏང་ནས་འཛད་སྤྱོད་རྒྱ་ཆེར་གཏོང་བའི་འགྲན་རྩལ་དུས་ཚིགས”ཀྱི་བྲིན་ཚོང་འགྲན་བསྡུར་ཆེན་པོའི་ཕྱོགས་སྡོམ་ཚོགས་ཆེན་ནས་ཤེས་རྟོགས་བྱས་པར། འདི་ལོའི་ཟླ་དང་པོ་ནས་བཅུ་པའི་བར་ལྷ་ས་གྲོང་ཁྱེར་གྱི་སྤྱི་ཚོགས་འཛད་རྫས་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་359.29ཟིན་ནས་དུས་མཚུངས་ལས་23.7%འཕར་ཏེ་བསྡོམས་འབོར་དང་འཕར་ཚད་ལྗོངས་ཡོངས་ཀྱི་ཨང་དང་པོར་སླེབས་ནས་ལོ་བཅུའི་རིང་གི་ཆུ་ཚད་ལེགས་ཤོས་བཏོད་ཡོད། 

    འདི་ལོ་ནས་བཟུང་། ལྷ་ས་གྲོང་ཁྱེར་གྱིས་གདེང་ཚོད་ཆེ་རུ་གཏོང་བ་དང་དཔལ་འབྱོར་བརྟན་པོ་ཡོང་བར་དམིགས་ཏེ་འཛད་སྤྱོད་འཕར་བའི་ཡར་སྐུལ་བྱ་སྤྱོད་ལག་བསྟར་བྱས་པ་མ་ཟད། བུད་མེད་དུས་ཆེན་དང་། ལྔ་བཞི་གཞོན་ནུའི་དུས་ཆེན། བོད་ལྗོངས་འགྲེམས་ཚོགས། ཞོ་སྟོན་སོགས་གོ་སྐབས་སུ་བྱས་ཏེ་འཛད་སྤྱོད་ཀྱི་འཛིན་ཤོག་སྤྲོད་པ་དང་། རླངས་འཁོར་གཤམ་ཚོང་། ཁྱིམ་སྤྱོད་གློག་ཆས་དང་འཛིན་ཆས་བྲིན་ཚོང་སོགས་ཆེད་དོན་བྱེད་སྒོ་སྤེལ་བ་དང་ཆབས་ཅིག་ཆེད་དོན་མ་དངུལ་སྒོར་དུང་ཕྱུར་1.18བཏང་བས་འཛད་སྤྱོད་དངུལ་འབོར་སྒོར་དུང་ཕྱུར་16.8ཟིན་པ་དང་འདེགས་སྐྱོར་བྱེད་ཚད་ལྡབ་14ལྷག་ཙམ་ཟིན་ཡོད། ཆེད་དོན་བྱེད་སྒོར་རླངས་འཁོར་8132བཙོངས་ནས་འདེགས་སྐྱོར་བྱེད་ཚད་ལྡབ་26ཟིན་པ་དང་། ཁྱིམ་སྤྱོད་གློག་ཆས་དང་འཛིན་ཆས་བྲིན་ཚོང་གི་དངུལ་འབོར་སྒོར་དུང་ཕྱུར་2ཟིན་ནས་འདེགས་སྐྱོར་བྱེད་ཚད་ལྡབ་7ཟིན་ཏེ་ཚང་མ་ལོ་རྒྱུས་ཀྱི་མཐོ་ཚད་གསར་པ་བཏོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།