དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མངའ་རིས་ས་ཁུལ་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤེས་ལྡན་པའི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-20

    བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་སྤེལ་ཚུན། མངའ་རིས་ས་ཁུལ་གྱིས“དགོངས་པ་སློབ་སྦྱོང་དང་། ཏང་གཤིས་བརྟན་གཏོང་། ལག་ལེན་ལ་མཐོང་ཆེན། བྱས་རྗེས་གསར་འཇོག”གི་སྤྱིའི་བླང་བྱ་གཞིར་བཟུང་། དམིགས་ཚད་ཁྲིད་སྟོན་དུ་བྱེད་པ་དང་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། སློབ་སྦྱོང་བྱེད་ཞོར་ཞིབ་བཤེར་དང་དག་ཐེར་བྱས་ཏེ་ཤེས་ལྡན་པའི་ལས་དོན་གྱི“དཀའ་གནད་ཆེན་པོ་བཞི”ཧུར་ཐག་བསལ་ནས་ཤེས་ལྡན་པའི་ལས་དོན་གྱི“མ་ལག་ཆེན་པོ་བཞི”འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ། མངའ་རིས་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཤེས་ལྡན་པའི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཡོད།

    ཤེས་ལྡན་པ་འཚར་ལོངས་འགོར་བའི་དཀའ་གནད་བསལ་ཏེ་ཕྱོགས་མང་པོ་ནས་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་མ་ལག་འཐུས་སྒོ་ཚང་དུ་བཏང་ཞིང་། ཏང་སྲིད་ཤེས་ལྡན་པའི་འཇོན་ཐང་དང་བྱང་ཚད་མཐོར་གཏོང་སོགས་ཀྱི་གསོ་སྦྱོང་དུས་ཐེངས་115གཉེར་བར་མི་ཐེངས་6509ལ་གསོ་སྦྱོང་ཐུབ་པ་དང་། གྲོང་གསེབ་དར་རྒྱས་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་སོགས་ཀྱི་ལས་དོན་ལ་དམིགས་ཏེ་ཆེད་ལས་ལག་རྩལ་གསོ་སྦྱོང་དང་ལས་རིགས་རྩལ་ནུས་གསོ་སྦྱོང་སྣ་ཚོགས་དང་ཆེད་དོན་འཛིན་གྲྭ་200ལྷག་ཙམ་གཉེར་བར་མི་ཐེངས་ཁྲི་1.5ལྷག་ཙམ་གསོ་སྦྱོང་ཐུབ་ཡོད། ཞིང་འབྲོག་ལས་ཀྱི་རིགས་གཅིག་མཁས་ཅན་བདམས་ནས་ཚན་རྩལ་གཤམ་སྤེལ་དང་གྲོང་གསེབ་ཏུ་བསྡད་ནས་ཞིབ་འཇུག་བྱེད་པ་སོགས་ཀྱི་བྱེད་སྟངས་བརྒྱུད། གྲོང་གསེབ་ཀྱི་གོ་ཆོད་ཤེས་ལྡན་པ་དང་ཞིང་འབྲོག་ལས་ལག་རྩལ་པ་སོགས་མི་ཐེངས་ཁྲི་1528ལ་མཛུབ་ཁྲིད་བྱས་ཡོད། ལས་རིགས་མི་འདྲ་བའི་ཆེད་ལས་ལག་རྩལ་པ15བདམས་ནས་ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དུ་ལག་ལེན་སྦྱོང་བརྡར་བྱེད་པར་མངགས་པ་དང་། བོད་སྐྱོར་སྨན་བཅོས་ཤེས་ལྡན་པས་ས་གནས་དེ་གའི་སྨན་བཅོས་ཁྱབ་ཁོངས་ཀྱི་ཤེས་ལྡན་པ་92ལ་ཆ་འགྲིག་རོགས་ཁྲིད་བྱས་པ་མ་ཟད། རིག་ཚན་རྐང་འཛིན་པའི་ཤེས་ལྡན་པ་47དང་གྲོང་གསེབ་ཀྱི་དྲ་ཐོག་ཚོང་གཉེར་ཤེས་ལྡན་པ་42 ཞིང་ལས་གཉེར་སྐྱོང་བ་55བཅས་གསོ་སྦྱོང་བྱས་ཡོད།

    ཤེས་ལྡན་པ་ནང་འདྲེན་དཀའ་བའི་གནད་དོན་བསལ་ཏེ་ཐབས་ལམ་མང་པོའི་ཐོག་ནས་ཤེས་ལྡན་པ་བསྡུ་བའི་མ་ལག་འཐུས་སྒོ་ཚང་དུ་བཏང་ཞིང་། བྱ་གཞག་ཚན་པའི་ལས་དོན་པ་119དང་དགེ་རྒན་131བསྡུས་པ་དང་། བོད་སྡོད་དཔུང་སྡེའི་དམག་ཞབས་ཐིམ་པའི་དམག་མི་76དང་། སློབ་ཁོངས་བོད་ནས་མིན་པའི་མཐོ་སློབ་སློབ་ཐོན་སློབ་མ་87 ནུབ་རྒྱུད་འཆར་གཞིའི་དང་བླངས་པ་4བཅས་ཆེད་མངགས་བསྡུས་པ། ཡིག་རྒྱུགས་བཏང་ནས་གཞུང་ལས་པ་6ཡོངས་བསྒྲགས་བསྡུས་པ། ཐེམ་ཁུངས་མངའ་རིས་ནས་ཡིན་པའི་ཤེས་ལྡན་པ་76ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་པར་བཀུག་པ། ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་ནས་སྨན་བཅོས་འཕྲོད་བསྟེན་ཆེད་ལས་ལག་རྩལ་ཤེས་ལྡན་པ་9ཡིག་རྒྱུགས་བཏང་ནས་བསྡུས་པ། “དཔལ་འབྱོར་དང་། ཁྲིམས་ལུགས། རང་བྱུང་། བཟོ་སྐྲུན། ཞིང་ལས། གསོ་རིག”སོགས་ཁྱབ་ཁོངས་ཀྱི་ཁ་ཐང་བའི་ཤེས་ལྡན་པ་156དང་ཁོངས་གཏོགས་ཀྱི་ཆེད་དོན་དང་རིམ་གསུམ་སྨན་ཁང་གི་ཁ་གཏད་རོགས་སྐྱོར་བྱེད་མཁན་བོད་སྐྱོར་ཤེས་ལྡན་པ་145ནང་འདྲེན་བྱས་པ། གྲོང་གསེབ་ཀྱི་མངགས་ཐོའི་གནས་གཏན་འཁེལ་གྱི་གསོ་རིག་སློབ་མ་དང་དགེ་འོས་སློབ་མ་སོགས་140ལྷག་ཙམ་བསྡུས་ནས་རྨང་གཞིའི་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་ནུས་ལྡན་བརྒྱབ་ཡོད།

    ཤེས་ལྡན་པ་བེད་སྤྱོད་ཡག་པོ་མི་ཐུབ་པའི་དཀའ་གནད་བསལ་ཏེ་ལས་སྟེགས་མང་པོར་ཕན་ཐོགས་པའི་ཤེས་ལྡན་པའི་བྱ་གཞག་དར་སྤེལ་མ་ལག་འཐུས་སྒོ་ཚང་དུ་བཏང་ཞིང་། གཞི་རིམ་གྱི་ཕུལ་བྱུང་དགེ་རྒན་2བདམས་ཏེ“ནུབ་རྒྱུད་འོད་ཟེར”གྱི་སློབ་སྐོར་སློབ་གཉེར་བའི་ཤེས་ལྡན་པའི་གསོ་སྦྱོང་འཆར་གཞིའི་ནང་ཞུགས་པ་དང་། རྐང་འཛིན་ཆེད་ལས་ཤེས་ལྡན་ལག་རྩལ་པ་15བདམས་ནས་བོད་ཀྱི་དམིགས་བསལ་གསོ་སྦྱོང་གི་འཆར་གཞིའི་ནང་ཞུགས་པ། ཕུལ་བྱུང་ཤེས་ལྡན་ལས་བྱེད་པ་6འབྲེལ་ཡོད་པུའུ་ཨུད་ཀྱི་གནས་སྦྱར་སྦྱོང་བརྡར་ནང་འོས་སྦྱོར་བྱས་པ། སློབ་གསོའི་ཁྱབ་ཁོངས་ཀྱི་མཐོ་རིམ་ཤེས་ལྡན་པ་1རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་གཞུང་གི་ཕོགས་སྣོན་སྤྲོད་ཡུལ་རིགས་གཅིག་མཁས་ཅན་ལ་བདམས་པ་བཅས་བྱུང་ནས་རིགས་ཁག་གི་གཞོན་ནུ་ཤེས་ལྡན་པ་བབ་བསྟུན་སྤྱོད་མཁས་པོ་བྱས་ཏེ་ཤེས་ལྡན་པ་རང་སོའི་ལས་གནས་ལ་གཞི་ཚུགས་ནས་ནུས་པ་སྔར་ལས་ཆེ་བ་འདོན་རྒྱུར་སྐུལ་འདེད་བཏང་ཡོད།

    ཤེས་ལྡན་པ་གནས་མི་ཐུབ་པའི་དཀའ་གནད་བསལ་ཏེ་ཕྱོགས་ཡོངས་ནས་ཤེས་ལྡན་པའི་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་བཏང་ཞིང་། མངའ་རིས་ས་ཁུལ་གྱིས་ཤེས་ལྡན་པའི་ཞིབ་དཔྱད་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས་གཞི་རིམ་གྱི་འཐབ་ས་དང་པོར་ལས་ཀ་བྱེད་མཁན་ཆེད་ལས་ལག་རྩལ་ཤེས་ལྡན་པའི་གོ་མིང་དཔྱད་ཞིབ་ཆ་རྐྱེན་འོས་འཚམ་གྱིས་ལྷུག་ཏུ་བཏང་བ་དང་། གླ་ཕོགས་ཀྱི་ཐོབ་ཆའི་གཟིགས་སྐྱོང་སྲིད་ཇུས་འཐུས་ཚང་ཡོང་བར་བྱས་ཡོད། ཤེས་ལྡན་པའི་ཐོན་ཁུངས་གསར་སྤེལ་གྱི་ཆེད་དངུལ་སྒོར་ཁྲི་1400བཀོད་སྒྲིག་བྱས་ནས་ས་ཁུལ་གྱི་ཤེས་ལྡན་པའི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་པ་མ་ཟད། མངའ་རིས་ས་ཁུལ་གྱི་ལས་ཐོག་ཁ་ཐང་བའི་ནང་འདྲེན་བྱས་པའི་མི་སྣ་24ལ་དེ་མཚུངས་ཀྱི་རོགས་དངུལ་སྒོར་ཁྲི་22.5སྤྲད་ཡོད། ས་བབ་མཐོ་དམའ་དང་ས་ཁུལ་དང་རྫོང་རིམ་པ་གཉིས་ཀྱི་ལས་བྱེད་པའི་དབར་སྤེལ་རེས་བྱེད་ཤུགས་ཆེ་རུ་བཏང་ཞིང་། རིམ་རྩིས་བྱས་ན། རྫོང་རིམ་པའི་ལས་བྱེད་པ་37དང་དགེ་རྒན་135ལེགས་སྒྲིག་སྤེལ་རེས་སོགས་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།