དབུ་ཤོག
  • ཁ་ལོ་བ་ཚོ། གཟབ་གཟབ་བྱས་ན་མ་གཏོགས་ས་ཆ་འདི་དག་ནས་པར་རྒྱག་གི་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2023-12-19

    ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྒྲིག་ཆེན་པོའི་ལས་དོན་གྱི་བཀོད་སྒྲིག་གཞིར་བཟུང་བ་དང་། གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་ལས་ཀའི་བཀོད་སྒྲིག་དང་ཟུང་འབྲེལ་བྱས་ནས། གཞུང་ལམ་ཤར་གཏོང་ཐུབ་ཚད་ཆེ་རུ་དང་སྤྱི་པའི་སྒྲིག་ལམ་ལ་སྲུང་སྐྱོང་ཡག་པོ་བྱ་ཆེད། རླངས་འཁོར་གང་བྱུང་དུ་འཇོག་པ་དང་རྒྱ་ལམ་འགྲུལ་པ་སྔོན་ལ་མ་བཏང་བའི་བྱེད་སྤྱོད་ལ་པར་རྒྱག་པའི་གློག་མིག་80འཐོལ་པ་བསྒར་ཞིང་། ད་ལྟ་དངོས་སུ་ཡོངས་བསྒྲགས་བྱས་འདུག ཡོངས་བསྒྲགས་ཀྱི་དུས་ཡུན་ཉིན་15ཡིན་པ་དང་། ཡོངས་བསྒྲགས་བྱེད་རིང་པར་ཐེབས་པའི་ཁྲིམས་འགལ་བྱེད་སྤྱོད་ལ་ཆད་པ་གཅོད་ཀྱི་མི་འདུག ཡིན་ནའང་ཕྱིས་སུ་རྒྱ་ཆེའི་ཁ་ལོ་བ་ཚོས་བདེ་འཇགས་དང་ཡ་རབས་ལྡན་པའི་སྒོ་ནས་རླངས་འཁོར་གཏོང་བ་དང་འཇོག་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།