དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཀྲུང་གོ་འཕྲུལ་ཆས་བཟོ་ལས་ཚོགས་པས།

    བོད་དུ་ས་མཐོའི་ས་ཁུལ་གྱི་འཕྲུལ་གློག་སྒྲིག་ཆས་ཀྱི་ཁོར་ཡུག་འཚམ་མཐུན་ཚོད་ལྟ་ཁང་བསྐྲུན་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-12-19

    བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཚེས་12ཉིན། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་ཀྲུང་གོ་འཕྲུལ་ཆས་བཟོ་ལས་ཚོགས་པས(ཀྲུང་གོ་འཕྲུལ་ཆས་ཚོགས་པ)བཞུགས་མོལ་ཚོགས་འདུ་འཚོགས་ནས། ས་མཐོའི་ས་ཁུལ་གྱི་འཕྲུལ་གློག་སྒྲིག་ཆས་ཀྱི་ཁོར་ཡུག་འཚམ་མཐུན་ཚོད་ལྟ་ཁང་བསྐྲུན་པར་སྐུལ་འདེད་གཏོང་བའི་ཐད་གྲོས་བསྡུར་བྱས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་རེན་ཝེ་ཡིས་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲེ་དང་ཀྲུང་གོ་འཕྲུལ་ཆས་ཚོགས་པའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཁྲེན་ཞོལ་ཏུང་ཚོགས་འདུར་ཞུགས་ཡོད་པ་རེད།

    རེན་ཝེ་ཡིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཁྲེན་ཞོལ་ཏུང་དང་བཅས་པ་ཕེབས་པར་སྙིང་ཐག་པ་ནས་དགའ་བསུ་ཞུས་པ་དང་། ཀྲུང་གོ་འཕྲུལ་ཆས་ཚོགས་པས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་གནང་བ་རེད། ཁོང་གིས། ཀྲུང་གོ་འཕྲུལ་ཆས་ཚོགས་པས་སྔར་ནས་བཟུང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་དོ་ཁུར་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད། བོད་དུ་མ་དངུལ་བཏང་ནས་འཕྲུལ་གློག་སྒྲིག་ཆས་ཀྱི་ཁོར་ཡུག་འཚམ་མཐུན་ཚོད་ལྟ་ཁང་བསྐྲུན་པ་ནི་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ལ་ཞབས་འདེགས་ཞུ་བ་དང་ཀྲུང་དབྱང་དང་ས་གནས་དབར་མཉམ་ལས་གཏིང་ཟབ་བྱེད་པའི་ཞིབ་ཕྲའི་མཚོན་ཚུལ་ཞིག་རེད། བོད་ལ་དམིགས་བསལ་གྱི་ས་བབ་ལེགས་ཆ་ལྡན་པ་དང་། ཕུན་སུམ་ཚོགས་པའི་རང་བྱུང་ཐོན་ཁུངས་ཡོད་ལ། ཀྲུང་དབྱང་གིས་གནང་བའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་ཡོད་པས། འཕེལ་རྒྱས་ཀྱི་གཏིང་ཤུགས་དང་མཉམ་ལས་ཀྱི་བར་མཐོངས་ཧ་ཅང་ཆེན་པོ་ཡོད། ཀྲུང་གོ་འཕྲུལ་ཆས་ཚོགས་པས་བོད་ལ་དོ་ཁུར་དང་རྒྱབ་སྐྱོར་དེ་བས་མང་བ་བྱས་ནས། ས་མཐོའི་ས་ཁུལ་གྱི་འཕྲུལ་གློག་སྒྲིག་ཆས་ཀྱི་ཁོར་ཡུག་འཚམ་མཐུན་ཚོད་ལྟ་ཁང་བསྐྲུན་པ་ལས་སྟེགས་སུ་བྱེད་པ་དང་། ཕྱོགས་གཉིས་པོའི་ལེགས་ཆ་གང་ལེགས་འདོན་པ། ནུས་རྒྱུ་གཙང་མ་སོགས་བོད་ཀྱི་གཙོ་གནད་ཐོན་ལས་ལ་དམིགས་པ། “ཐོན་སློབ་ཞིབ་སྤྱོད”མཉམ་འདྲེས་དང་ཐོན་ལས་ཚོགས་སྤྱི་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་གང་མང་ཞུགས་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།