དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་རྒྱལ་སྤྱིའི་འཕེལ་རྒྱས་གླེང་སྟེགས་སྐབས་བཞི་པས་གོ་ལ་ཧྲིལ་པོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-12-19

    ཟླ་12ཚེས་15ཉིན་ཀྲུང་གོ་དང་རྒྱལ་སྤྱིའི་འཕེལ་རྒྱས་གླེང་སྟེགས་སྐབས་བཞི་པ་པེ་ཅིང་དུ་གཉེར་ཞིང་། སྐབས་འདིའི་གླེང་སྟེགས་ཀྱིས“གོ་ལ་ཧྲིལ་པོའི་འཕེལ་རྒྱས་རོགས་ཟླའི་འབྲེལ་བ་ཐུན་མོང་ཐོག་བཙུགས་ནས་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས”ཞེས་པ་བརྗོད་དོན་གཙོ་བོར་བྱས་པ་དང་རྒྱལ་ཁབ་ཕྱི་ནང་གི་ཆབ་སྲིད་དང་། ཚོང་དོན། རིག་གཞུང་བཅས་ལས་རིགས་ཀྱི་འཐུས་མི་100ལྷག་ཙམ་གྱིས་རྒྱལ་སྤྱིའི་འཕེལ་རྒྱས་གྲོས་གཞིར་སྤེལ་རེས་དང་དཔྱད་བསྡུར་གཏིང་ཟབ་བྱས་པ་རེད། གླེང་སྟེགས་དེ་ཚོང་དོན་པུའི་རྒྱལ་སྤྱིའི་ཚོང་དོན་དཔལ་འབྱོར་མཉམ་ལས་ཞིབ་འཇུག་ཁང་དང་ཀྲུང་གོར་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་གཞི་ཧྲུའི་འཐུས་མི་ཁྲུས་མཉམ་འབྲེལ་ཐོག་གཉེར་བ་ཞིག་རེད།

    མིག་སྔར་གོ་ལ་ཧྲིལ་པོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་འགྲན་སློང་དྲག་པོ་འཕྲད་ཅིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་དམིགས་ཚད་ལ་ཆ་མཚོན་ན། ད་བར་15%ཡས་མས་མ་གཏོགས་སྔོན་དཔག་གི་དམིགས་ཚད་ལ་སླེབས་མེད་པ་དང་། 30%ལས་བརྒལ་བའི་ཞིབ་ཕྲའི་དམིགས་ཚད་དེ་2015ལོའི་ཚད་གཞི་དང་བསྡུར་ན་འཕེལ་རྒྱས་གང་ཡང་བྱུང་མེད་པ་མ་ཟད། ཐ་ན་ཕྱིར་བཤོལ་གྱི་གནས་ཚུལ་ཡང་ཐོན་ཡོད། ཚོང་དོན་པུའི་རྒྱལ་སྤྱིའི་ཚོང་དོན་དཔལ་འབྱོར་མཉམ་ལས་ཞིབ་འཇུག་ཁང་གི་ཡོན་ཀྲང་ཀུའུ་ཞུའེ་མིང་གིས། གོ་ལ་ཧྲིལ་པོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་འགྲན་སློང་སྣ་ཚོགས་འཕྲད་པའི་རྒྱབ་ལྗོངས་འོག གླེང་སྟེགས་ཀྱིས་སྐད་ཆ་ཤོད་རེས་ཀྱི་སྟེགས་བུ་བསྐྲུན་ནས་དུས་བབ་གསར་པའི་འོག་གི་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་ཀྱི་འདུ་ཤེས་ལམ་སྲོལ་དང་ལག་ལེན་ཡག་ཤོས་སྐོར་ལ་ཐུན་མོང་ཐོག་གྲོས་བསྡུར་བྱེད་པ་དེ། གོ་ལ་ཧྲིལ་པོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་རྒྱུ་དང་བློ་གྲོས་སྐྱེས་སུ་འབུལ་རྒྱུར་ཕན་ཐོགས་ཡོད་ཅེས་བརྗོད་པ་རེད།

    ཀྲུང་གོར་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་གཞི་ཧྲུའི་འཐུས་མི་པེ་ཡ་ཐིང་གིས། གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་གཅོག་པར་ཕྱོགས་མང་རིང་ལུགས་མཐའ་འཁྱོངས་བྱེད་དགོས་ཀྱི་ཡོད། རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་བ་བྱེད་པར་སྐུལ་འདེད་གཏོང་བའི་དགོས་ངེས་ཀྱི་ཆ་རྐྱེན་ཞིག་རེད། “ཀྲུང་གོས་ལྷོ་ལྷོ་མཉམ་ལས་ལ་སྐུལ་འདེད་གཏོང་བ་སོགས་གོ་ལ་ཧྲིལ་པོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད”ཅེས་བརྗོད་པ་དང་འབྲེལ། ཁོང་གིས། ཕྱོགས་གཉིས་ནས་ཤེས་བྱ་སྤེལ་རེས་ལ་སྐུལ་འདེད་གཏོང་བ་དང་། དགོས་མཁོ་གཞིར་བཟུང་མཉམ་ལས་ལ་སྐུལ་འདེད་གཏོང་བ། རྒྱལ་སྤྱིའི་ལག་ལེན་དང་ཚད་གཞི་ཡག་ཤོས་དཔྱད་གཞིར་འཛིན་པ་བཅས་བརྒྱུད། ཀྲུང་གོར་རང་ཉིད་ཀྱི་ལེགས་ཆ་དང་ཉམས་མྱོང་འདོན་སྤེལ་བྱས་ཏེ། དྭངས་གཙང་ནུས་རྒྱུ་གཞན་སྒྱུར་དང་ལྗང་མདོག་དངུལ་རྩ་སོགས་ཁྱབ་ཁོངས་སུ་རོགས་ཟླའི་རྒྱལ་ཁབ་ལ་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་གཏོང་རོགས་བྱེད་པའི་གོ་སྐབས་ཡོད་པའི་ངོས་འཛིན་ཡང་བྱས་པ་རེད།

    “རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ་ལ་ལག་གདང་སྦྲེལ་ནས་སྐུལ་འདེད་གཏོང་བའི་དགོས་པ་ཆེ་བའི་དེང་གི་དུས་འདིར། འགན་འཁུར་མཁན་གྱི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ཀྲུང་གོས་ལེགས་སྐྱེས་གལ་ཆེན་ཕུལ་ཡོད” ཅེས་དང་ཀྲུང་གོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་སོགས་བཏོན་པ་བརྒྱུད། ཕན་ཚུན་འབྲེལ་མཐུད་ལ་སྐུལ་སྤེལ་དང་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་སོགས་ཐད་གྲུབ་འབྲས་གཟེངས་སུ་ཐོན་པ་ཐོབ་སྟེ། གོ་ལ་ཧྲིལ་པོའི་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་ཐེབས་ཡོད་ཅེས་ཀྲུང་གོར་བཅའ་སྡོད་ཡོ་རོབ་མནའ་འབྲེལ་གྱི་འཐུས་མི་ཚོགས་པའི་འཕེལ་རྒྱས་ཚན་ཙན་ཁུང་ཨའེ་ལིང་གིས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།