དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཨ་རིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གིས་ཀྲུང་གོ་དང་ཨ་རིའི་དབར“ཕིང་ཕང་སྤོ་ལོའི་ཕྱི་འབྲེལ”བཙུགས་ནས་ལོ་52འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-12-19

    ཉེ་ཆར་ཨ་རིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གིས་ཀྲུང་གོ་དང་ཨ་རིའི་དབར“ཕིང་ཕང་སྤོ་ལོའི་ཕྱི་འབྲེལ”བཙུགས་ནས་ལོ་52འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོ་སྤེལ་བར་ཨ་རིའི་ལས་རིགས་ཁག་གི་སྐུ་མགྲོན་300ལྷག་ཙམ་ཞུགས་ཤིང་། དེའི་རིང་། ཀྲུང་གོ་དང་ཨ་རིའི་ཕྱོགས་གཉིས་ཀྱི་མཉམ་བསྲེས་རུ་ཁག་གིས་མཛའ་གྲོགས་འགྲན་བསྡུར་བྱས་ཏེ་མཉམ་དུ་ལོ་རྒྱུས་ལ་ཕྱིར་དྲན་བྱས་ནས་མཛའ་གཅུགས་རྒྱུན་བསྐྱངས་པ་རེད།

    བྱེད་སྒོ་སྤེལ་ཡུལ་དུ། ཨ་རིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཞེ་ཧྥུང་དང་ཨ་རིའི་ཕིང་ཕང་སྤོ་ལོའི་རུ་ཁག་གི་ཁོངས་མི་ཁང་ཉི·ཧྲི་ཝེ་ལི་སིས་སྤོ་ལོའི་འགོ་བཙུགས་ཤིང་། འཛམ་གླིང་གི་ཨང་དང་པོ་ཐོབ་མཁན་ལིའུ་ཝུའེ་དང་ཏིང་ཉིང་གིས་པེ་ཅིང་སློབ་ཆེན་ཕིང་ཕང་སྤོ་ལོའི་རུ་ཁག་གི་འཐུས་མི་དང་ཕིང་ཕང་སྤོ་ལོར་དགའ་པོ་ཡོད་མཁན་ཨ་རི་བའི་དབར་སྤོ་ལོ་རྒྱག་རྩལ་ཐད་གྲོས་བསྡུར་བྱས་པ་ལས“མཛའ་བཤེས་ཨང་དང་པོ་དང་། འགྲན་བསྡུར་ཨང་གཉིས་པ”ཡིན་པའི“ཕིང་ཕང་སྤོ་ལོའི་ཕྱི་འབྲེལ”གྱི་སྙིང་སྟོབས་ལ་འགྲེལ་བཤད་གསོན་ཉམས་ལྡན་པ་ཞིག་བརྒྱབ་པ་མ་ཟད། ངོ་མཚར་ཆེ་བའི་འགྲན་བསྡུར་ལ་དེར་ཞུགས་ལྟད་མོ་བའི་བསྔགས་བརྗོད་ཀྱང་ཐོབ་ཡོད།

    ཨ་ཀྲུང་འབྲེལ་བའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་གཙོ་གཞོན་པ་པེ་ལི་ཅོན་གྱིས“ཕིང་ཕང་སྤོ་ལོའི་ཕྱི་འབྲེལ”གྱི་ལོ་རྒྱུས་ཉམས་མྱོང་ལས། ཨ་རི་དང་ཀྲུང་གོ་རྒྱལ་ཁབ་གཉིས་དབར་རིག་གནས་ཀྱི་སྲོལ་རྒྱུན་དང་སྤྱི་ཚོགས་ཀྱི་ལམ་ལུགས་མི་འདྲ་ནའང་ཕན་ཚུན་བརྩི་འཇོག་དང་ཞི་བདེ་འཆམ་མཐུན་ཡོང་ལུགས་ར་འཕྲོད་བྱུང་ཡོད་ཅེས་བརྗོད།

    ཞེ་ཧྥུང་གིས་ཤིས་ཚིག་སྒྲོན་སྐབས། མིག་སྔའི་ཀྲུང་གོ་དང་ཨ་རིའི་འབྲེལ་བ་དེ་བཞི་མདོ་ཁ་གསར་པ་ཞིག་ཏུ་གནས་ཡོད་པས། དུས་རབས་ཀྱིས“ཕིང་ཕང་སྤོ་ལོའི་ཕྱི་འབྲེལ”ལས་བློ་གྲོས་དང་སྟོབས་ཤུགས་བླངས་ནས་ཀྲུང་གོ་དང་ཨ་རིའི་འབྲེལ་བ་མུ་མཐུད་བརྟན་པོ་དང་ཡག་པོ་ཡོང་བ་དང་། བདེ་ཐང་དང་། བརྟན་པོ། རྒྱུན་མཐུད་ཆོག་པ་བཅས་ཀྱི་འཕེལ་རྒྱས་མངོན་འགྱུར་བྱས་ཏེ་རྒྱལ་ཁབ་གཉིས་པོའི་མི་དམངས་བློ་བདེ་པོ་དང་འཛམ་གླིང་བློ་བདེ་པོ་ཡོང་བར་བྱེད་དགོས་པ་ང་ཚོར་འབོད་སྐུལ་བྱས་ཡོད་ཅེས་བརྗོད།

    ཚེས་15ཉིན་ཨ་རིའི་ཅ་ལི་ཧྥུའུ་ཉི་ཡ་ཀྲོའུ་ཅིའུ་ཅིན་ཧྲན་མཚོ་ཁུག་ཁུལ་གྱི་ཧྥུའུ་ལི་མོང་ཐེར་ཀྲུང་གོ་དང་ཨ་རིའི་དབར“ཕིང་ཕང་སྤོ་ལོའི་ཕྱི་འབྲེལ”བཙུགས་ནས་ལོ་52འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོ་སྤེལ་ཞིང་། དེའི་རིང་། ཀྲུང་གོ་དང་ཨ་རིའི་སྐུ་མགྲོན་ལས་གྲུབ་པའི་མཉམ་བསྲེས་རུ་ཁག་གིས་མཛའ་གྲོགས་འགྲན་བསྡུར་བྱས་ཤིང་། རྒྱལ་ཁབ་གཉིས་པོའི་འགྲན་བསྡུར་ནང་ཞུགས་མཁན་གྱིས“ཕིང་ཕང་སྤོ་ལོའི་ཕྱི་འབྲེལ”གྱི་སྙིང་སྟོབས་མུ་མཐུད་རྒྱུན་འཛིན་དང་ཀྲུང་གོ་དང་ཨ་རིའི་དབར་གྱི་མི་ཆོས་རིག་གནས་སྤེལ་རེས་ལ་སྔར་བས་སྐུལ་འདེད་བཏང་ནས་མི་དམངས་དབར་གྱི་མཛའ་གཅུགས་ཟབ་ཏུ་གཏོང་གི་ཡིན་ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།