དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་ཀྱིས་བརྗོད་དོན།

    ཀྲུང་གོས་གོ་ལ་ཧྲིལ་པོའི་འབྲུ་རིགས་བདེ་འཇགས་ལ་སྲུང་སྐྱོང་བྱེད་པར་ལེགས་སྐྱེས་ཧ་ཅང་ཆེན་པོ་ཕུལ་ཡོད།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-12-19

    ཉེ་ཆར། ཁོང་ཀོ(པུའུ)རུ་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་འཛམ་གླིང་འབྲུ་རིགས་འཆར་འགོད་ཧྲུའུ(འཛམ་གླིང་འབྲུ་རིགས་ཧྲུའུ)ཡི་འཐུས་མི་མཱ་མཱ་ཏུའུ·མུའུ་པ་གཡོད་ཀྱིས། ཀྲུང་གོ་སྲིད་གཞུང་གིས་ཨ་ཧྥེ་རི་ཁར་འབྲུ་རིགས་རོགས་སྐྱོར་བྱས་ནས་ཨ་ཧྥེ་རི་ཁ་དང་འཛམ་གླིང་གི་འབྲུ་རིགས་བདེ་འཇགས་ལ་སྲུང་སྐྱོང་བྱེད་པར་ལེགས་སྐྱེས་ཆེན་པོ་ཕུལ་ཡོད་ཅེས་བརྗོད་པ་རེད།

    དེ་ཉིན་ཁོང་ཀོ(པུའུ)རུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ལི་ཡན་གྱིས་མུའུ་པ་གཡོད་དང་ལྷན་དུ་ཀྲུང་གོ་སྲིད་གཞུང་གིས་འབྲུ་རིགས་རོགས་སྐྱོར་བྱས་པའི་རྣམ་གྲངས་འགྲུབ་པའི་ལག་ཁྱེར་ལ་མིང་རྟགས་བཀོད་པ་རེད། མིང་རྟགས་འགོད་པའི་མཛད་སྒོ་འཚོགས་རྗེས་སྨྱན་སྦྱོར་ལ་མུའུ་པ་གཡོད་ཀྱིས། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་དཀའ་ངལ་འཕྲད་སྐབས་ཀྲུང་གོས་རྟག་ཏུ་རོགས་སྐྱོར་དུས་ཐོག་བྱེད་ཀྱི་ཡོད། ཀྲུང་གོ་དང་མཉམ་འབྲེལ་རྒྱལ་ཚོགས་སྒྲིག་གཞིས་ཨ་ཧྥེ་རི་ཁར་མཉམ་ལས་རྣམ་གྲངས་མང་པོ་བཙུགས་ནས་ཁོང་ཀོ(པུའུ)ཚུད་པའི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་གི་འབྲུ་རིགས་བདེ་འཇགས་ལ་སྲུང་སྐྱོང་བྱེད་པར་ལེགས་སྐྱེས་གལ་ཆེན་ཕུལ་བར་བརྟེན། ཨ་ཧྥེ་རི་ཁའི་དམངས་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་པ་དང་ལྷག་བསམ་ཟོལ་མེད་ཀྱི་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བརྗོད་པ་རེད།

    ལི་ཡན་གྱིས་མུའུ་པ་གཡོད་དང་ཐུག་འཕྲད་བྱེད་སྐབས། ཀྲུང་གོའི་འགོ་ཁྲིད་པས་བཏོན་པའི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ་དང་མཐུན་ཡོད། ཀྲུང་གོ་ཕྱོགས་ཀྱིས་འཛམ་གླིང་འབྲུ་རིགས་ཧྲུའུ་ཚུད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་གཞི་དང་མཉམ་ལས་སྔར་བས་ཟབ་པ་བྱས་ནས་ཨ་ཧྥེ་རི་ཁའི་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་ས་གནས་དེ་གའི་དམངས་འཚོ་ལེགས་སུ་གཏོང་བར་སྟོབས་ཤུགས་སྔར་བས་ཆེ་བ་སྐྱེས་སུ་འབུལ་འདོད་ཡོད་ཅེས་བརྗོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།