དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • 2023ལོའི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཞིང་ལས་འཕྲུལ་ཆས་ཅན་དང་བུར་ཤིང་འཕྲུལ་ཆས་ཅན་གྱི་དངོས་མང་སྟོན་ཚོགས་ནན་ཉིང་དུ་འཚོགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-12-19

    ཟླ་12ཚེས་16ཉིན། 2023ལོའི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཞིང་ལས་འཕྲུལ་ཆས་ཅན་དང་བུར་ཤིང་འཕྲུལ་ཆས་ཅན་གྱི་དངོས་མང་སྟོན་ཚོགས་ནན་ཉིང་རྒྱལ་སྤྱིའི་འགྲེམས་ཚོགས་ལྟེ་གནས་སུ་འགོ་ཚུགས་པ་རེད། འགོ་ཚུགས་མཛད་སྒོར་ཞིང་འཕྲུལ་རྣམ་གྲངས་15ཡིས་གཅིག་སྡུད་ཐོག་གན་རྒྱ་བཞག་པར་གན་རྒྱའི་དངུལ་འབོར་སྒོར་དུང་ཕྱུར་3.808ཟིན་ཡོད་པ་རེད། གན་རྒྱའི་རྣམ་གྲངས་ཀྱི་གྲངས་འབོར་དང་། གན་རྒྱའི་དངུལ་འབོར། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་ཁེ་ལས་དང་ཆེད་ལས་ཀྱི་ལྟད་མོ་བའི་གྲངས་འབོར་བཅས་ཀྱིས་སྐབས་རིམ་བྱུང་གི་དངོས་མང་སྟོན་ཚོགས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད།

    འགྲེམས་ཚོགས་དེ་ནི་རྒྱལ་ནང་དུ་ཚད་གཞི་མཐོ་ཤོས་དང་གཞི་ཁྱོན་ཆེ་ཤོས་ཀྱི་བུར་ཤིང་འཕྲུལ་ཆས་ཅན་གྱི་ཆེད་ལས་འགྲེམས་ཚོགས་ཤིག་ཏུ་གྱུར་པ་དང་དུས་མཚུངས། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་ཞིང་འཕྲུལ་མཉམ་ལས་ཀྱི་མདུན་ཕྱོགས་དང་སྐར་ཁུང་ཞིག་ཡིན་པའི་ངོས་ནས། ལོ་མང་རིང་ཞིང་འཕྲུལ་ཁྱབ་ཁོངས་ཀྱི་མཉམ་ལས་ཀྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་འགྲོ་བར་རམ་འདེགས་ཧུར་ཐག་བྱས་ཏེ། ཀྲུང་གོའི་ཞིང་འཕྲུལ་ཐོན་རྫས་ཕྱིར་གཏོང་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་ཞིང་འཕྲུལ་ཐོན་རྫས་ནང་འདྲེན་ལ་ཆེད་ལས་ཀྱི་དཔལ་འབྱོར་ཚོང་དོན་འབྲེལ་གཏུག་གི་འབྲེལ་ཟམ་བཙུགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།