དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཡོ་རོབ་མནའ་འབྲེལ་དབུ་ཚོགས་ཐོག་ཁོངས་མིའི་དབར་ངོས་འཛིན་གཅིག་མཐུན་བྱུང་མེད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-12-19

    དུས་ཡུན་ཉིན་གཉིས་ཀྱི་ཡོ་རོབ་མནའ་འབྲེལ་དབུ་ཚོགས་དེ་ཚེས་15ཉིན་པེར་ཀྲེམ་གྱི་རྒྱལ་ས་པུ་རུ་སེར་དུ་གྲོལ་བ་རེད། དབུ་ཚོགས་ཐོག་གཙོ་བོ་ཡོ་རོབ་མནའ་འབྲེལ་གྱི་ཁོངས་མི་རྒྱ་ཆེར་གཏོང་བ་དང་། ཨུ་རུ་སུ་དང་ཡུག་རེན་དབར་གྱི་གདོང་ཐུག ཕ་ལེ་སི་ཐན་དང་དབྱི་སི་རལ་དབར་གྱི་གདོང་ཐུག་ལ་དམིགས་ཡོད། ཆེས་གལ་ཆེའི“གྲུབ་འབྲས”ནི་ཡུག་རེན་དང་མོལ་དོ་ཝ་ཡོ་རོབ་མནའ་འབྲེལ་དུ་ཞུགས་རྒྱུའི་གྲོས་མོལ་བྱ་རྒྱུའི་གཏན་འབེབས་བྱས་པ་དེ་རེད། དབྱེ་ཞིབ་མི་སྣས་བརྗོད་དོན། གཏན་འབེབས་བྱས་པ་དེ“མཚོན་བྱེད་རང་བཞིན་ལྡན་པ”ཞིག་ཡིན་མོད། འོན་ཀྱང་ཡུག་རེན་ཡོ་རོབ་མནའ་འབྲེལ་ནང་ཞུགས་རྒྱུ་དེ་ལམ་ལྷོངས་ཡོང་བ་མཚོན་མེད། དེ་དང་ཆབས་ཅིག་ཡོ་རོབ་མནའ་འབྲེལ་གྱི་ཁོངས་མིའི་རྒྱལ་ཁབ་དབར་ཡུག་རེན་ལ་རོགས་སྐྱོར་དང་ཕ་ལེ་སི་ཐན་དང་དབྱི་སི་རལ་དབར་གྱི་གདོང་ཐུག་གི་གནད་དོན་ཐད་ལངས་ཕྱོགས་གཅིག་མཐུན་བྱུང་དཀའ་བས། གདོང་ཐུག་ཁྲོད་ཡུག་རེན་ལ་རྒྱལ་ཁ་ཐོབ་པའི་མདུན་ལམ་སྔར་བས་སྡུག་ཏུ་འགྲོ་རྒྱུ་མ་ཟད། ཡོ་རོབ་མནའ་འབྲེལ་ནང་ཁུལ་གྱི་མཐུན་སྒྲིལ་ལ་མུ་མཐུད་ཤུགས་རྐྱེན་ངན་པ་ཐེབས་སྲིད་ལ་རྒྱལ་སྤྱིའི་ཤུགས་རྐྱེན་ཡང་ཆུང་དུ་འགྲོ་སྲིད། འདི་ནི་པེར་ཀྲེམ་གྱི་པུ་རུ་སེར་དུ་ཧང་ག་རིའི་ཙུང་ལི་ཨོ་ཨར་པན་གྱིས་ཨོ་རོབ་མནའ་འབྲེལ་དབུ་ཚོགས་རིང་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།